མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཕུང་ངྷ་སར་གདན་འདྲེན།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ཕུང་དེ་རིང་དགོང་དྲོ་བཞུགས་སྒར་དུ་གདན་འདྲེན་བྱ་འཆར་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧།༣༠ ཐོག་རྒྱལ་གཅེས་དཔའ་བོ་འཇམ་ཡེ་ཤེས་ལགས་རྒྱལ་ས་ལྡི་ལིར་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་ཡོད་པ་ལྟར། དེ་རིང་ཞོགས་པའི་ཆུ་ཚོད་ ༨ དང་སྐར་མ་ ༥༠ ཡས་མས་སུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ལྡི་ལི་ས་གནས་གཞོན་ནུ། ལྡི་ལི་ས་གནས་ཀྱི་བོད་མི་ཉུང་ཤས་ཤིག་བཅས་ཀྱིས་ལེ་ཊེ་ཧར་ཌིན་ ( Lady HardingCollege) ཞེས་པའི་སྨན་ཁང་ནས་རྒྱ་གར་ཉེན་རྟོག་པའི་དམ་དྲག་དང་གསང་རྒྱ་དམ་པོའི་ཐོག་ནས་སྐུ་ཕུང་གདན་འདྲེན་ཞུ་དགོས་བྱུང་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དེ་རིང་ཞོགས་པར་ལྡི་ལིར་གནས་སྡོད་བོད་མི་ཚོ་མཉམ་འཛོམས་ཐོག་སྐུ་ཕུང་བཞུགས་སྒར་དུ་གདན་འདྲེན་ཞུ་འཆར་ཡོད་ཀྱང་། ཁ་སང་ནས་བཟུང་རྒྱ་གར་ཉེན་རྟོག་པས་བོད་མི་གང་བྱུང་འཛིན་བཟུང་དང་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཏུ་དམག་མི་འགྲེམས་འཇོག་གིས་ལྟ་རྟོག་བྱེད་ཀྱི་ཡོད་སྟབས། དེ་རིང་ཞོགས་པར་དམག་མིའི་ལྟ་རྟོག་འོག་སྐུ་ཕུང་གདན་འདྲེན་བྱེད་དགོས་བྱུང་འདུག་ལ། ལམ་བར་དུ་ཉེན་རྟོག་པས་ལྟ་རྟོག་དང་། ལྡི་ལི་དང་ཧི་མ་ཅཱལ་བཅས་ས་གནས་རིམ་པའི་ཉེན་རྟོག་པས་ཕན་ཚུན་བར་རྩིས་སྤྲོད་བརྒྱུད་སྐུ་ཕུང་གདན་འདྲེན་ཞུ་དགོས་བྱུང་ཡོད་སྟབས། ད་ལྟའི་ཆར་བཞུགས་སྒར་དུ་ག་དུས་འབྱོར་མིན་གྱི་དུས་ཚོད་གསལ་བསྒྲགས་བྱེད་ཐུབ་ཀྱི་མེད་པ་རེད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༩ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 22

  1. སེང་གདོང་སྐྱབས ། says:
    ལོ་ 14 སྔོན།

    འདྲ་པར་ལ་ཐེངས་གཅིག་ལྟ་དུས། ངས་རང་ཉིད་ཀྱི་སེམས་གཏིང་ཞིག་ནས་མི་ལ་ལ་ཤི་ཡང་གསོན་པ་འདྲ། མི་ལ་ལ་གསོན་ཡང་ཤི་བ་འདྲ་ཟེར་བའི་གདམས་ངག་དེ་ཤར་མར་དྲན་སོང་།་་་་་་་་་ངོ་མ་གཟི་བརྗིད་ཆེ་ཀི་་་་་་་

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    སྡུག་མི་ཡུལ་ཁམས་ན་བདེ་སྐྱིད་མེད་པས།།
    ཞིང་བདེ་བ་ཅན་ན་བཞུགས་ས་བཟོས་ཡོད།།
    ཁྱེད་དེ་ནས་ཡུན་རིང་མ་བཞུགས་ཕེབས་ཤོག།
    ངེད་རེ་བ་ཆེན་པོས་ཁྱེད་ལ་བསྒུག་ཡོད།།

    Reply
  3. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    གཟུ་གནས་བློ་ལྡན་མ་ཡིན་པའི་གཟུ་གནས་བློ་ལྡན་ཞེས་ཐོན་སོང་།༼གཟུ་གནས་འདི་ཁམས་པའི་ཕོ་རྒོད་ཅིག་ཡིན་པ་ཐག་གི་ཆོད། ༽ཅེས་པའི་མཆན་འདི་འགོད་མཁན་སྙན་ཚིག་༼ སྦར་བའི་མེ་ལྕེ་རེ་རེ་ཞེས་སོགས་འབྲི་མཁན་གྱི་ང་མིན་པས་དུས་བབ་ནས་ངའི་མིང་དེ་བེད་སྤྱོད་ལོག་པར་གཏོང་མ་བཅུག་རོགས། །

    Reply
  4. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    གཟུ་གནས་འདི་ཁམས་པའི་ཕོ་རྒོད་ཅིག་ཡིན་པ་ཐག་གི་ཆོད།

    Reply
  5. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    ང་དངོས་གནས་ལོ་ཟླ་ཉིན་ཞག་འདི་དག་གི་ནང་ཡ་ཆུང་ཁོག་པ་སྡུག་གི་གང་ནས་བསྡད་ཡོད། ཁོང་དཔའ་བོ་དཔའ་མོ་རྣམས་ནི་འདི་ལྟར་བཞུད་སོང་། ཨ་ཤེ་རེ་ད་ཅི་བྱེད་དགོས་རེད།

    Reply
  6. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    དེ་རིང་ཞོག་པ་ནས་ད་ལྟའི་བར་ང་དང་ངའི་ཁྱིམ་མཚེས་རྣམས་ནས་དཔའ་བོ་ཁོང་གི་སྐུ་ཕུང་ག་དུས་རྡ་སར་འབྱོར་མིན་ལ་གང་སར་སྐད་ཆ་དྲིས་ཀྱང་གསལ་པོ་ཤེས་མཁན་མི་འདུག་ཕལ་ཆེར་སང་ཉིན་ཡིན་ཟོ་འདུག་པས་ང་ཚོས་ཁ་དར་གྲ་སྒྲིག་བྱས་ནས་བསྡད་ཡོད། བོད་པ་ཞིག་ཡིན་ཕྱིན་ཆད་ང་ཚོ་དང་འདྲ་བའི་གྲ་སྒྲིག་ཞིག་ཡོད་དགོས་ངེས་རེད།

    Reply
  7. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    ལ་རྒྱ་དང་སྙིང་སྟོབས་ལྡན་པའི་མི་བུ་འདི་དག་རིམ་བཞིན་བདེན་དོན་གྱི་ཆེད་དུ་ལྔ་ལམ་དུ་བཞུད་ན་གངས་ཅན་པའི་བདེ་དོན་སུས་རྩོད། མ་འོངས་པའི་ངེད་ཅག་གི་མདུན་ལམ་སུས་བསུ། ཁྱེད་ཅག་བཤེགས་པ་གཟི་བརྗིད་ཡིན་ཡང་གངས་ཅན་པའི་དཀའ་སྡུག་ད་དུང་སངས་མེད་པས་ཁྱེད་ཅག་ཕེབས་པ་སྔ་དྲགས་སོང་། ཁྱེད་ཅག་བཞུད་པ་ལས་གཏན་དུ་བཞུགས་ན་དགེ་མཚན་ཆེ། ཁྱེད་ཅག་ཕེབས་པ་ངོ་མ་སྔ་དྲགས་སོང་། རྒྱལ་བཅེས་དཔའ་བོ་དང་དཔའ་མོ་ཕྱི་ནང་གང་དུ་ཡོད་ཀྱང་བྱ་བ་མཇུག་སྐྱོང་ཕྱིར་མི་ཕེབས་པར་ཅིས་ཀྱང་བཞུགས་རོགས་ཞེས་སོར་བཅུ་ཐར་མོ་སྙིང་ཁར་སྦྱར་ནས་ཞུ། བོད་རྒྱལ་ལོ། འདས་གསོན་གྱི་དཔའ་བོ་དང་དཔའ་མོ་རྣམས་རྒྱལ་ལོ།

    Reply
  8. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    མི་འགྱུར་ཅན་ནས་ང་ཡིས་མི་ཤེས་ཟེར། །ཤེས་ཀྱིན་མེད་ན་ཐག་བཅད་བྱེད་མི་རུང་། །ཨེ་ཡིན་སྙམ་ནས་རེད་ཅེས་སྨྲ་བ་དང་། །མིན་ནམ་སྙམ་ནས་མ་རེད་ཅེས་སྨྲ་བ། །འདི་ཀུན་ཨུ་ཚུགས་ཅན་གྱི་བྱ་སྤྱོད་ཡིན། །དཔྱོད་ལྡན་ཡོངས་ཀྱིས་དུག་བཞིན་སྤོང་བར་རིགས། །སྔོན་དུ་དཔྱད་ནས་དཔྱད་དོན་རྫོགས་པ་ན། །ཐག་གིས་བཅད་པ་མཁས་པའི་ཉམས་འགྱུར་ཡིན། །

    Reply
  9. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ཚོགས་མ་བསགས་པའི་འགྱུར་མེད་ཅན་ནས་མེར་བསྲེག་གི་ངོ་བོ་ཡག་ཉེས་གང་དུ་འགྲོ་མི་ཤེས་ཟེར། མི་ཤེས་ན་ཁ་རོག་བཞུགས་དགོས་པ་ལས་ཁ གདངས་དགོས་པ་དང་མི་ཤེས་པ་གཉིས་འགལ་ལོ། །ཡག་ཉེས་གང་དུ་འགྱུར་བའི་ཐུགས་ཁྲལ་ཁྱེད་ཀྱིས་བྱེད་མི་དགོས་ཏེ། རྒྱ་གཞུང་གི་འབྲེལ་ཡོད་ཚོས་སྡུག་སྐད་ཤོར་བ་དེ་གཅིག་པུས་ཤེས་ནུས་སོ། །རྒྱལ་སྤྱིའི་ཆབ་སྲིད་གླེང་ཕྱོགས་ལ་ལྟོས་ཤིག

    Reply
  10. བློ་འཕེལ། says:
    ལོ་ 14 སྔོན།

    དམར་པོའི་རྡེའུ་ཡི་རྩེ་ནས།།
    དམར་ནག་ཁྲག་གི་བཞུར་རྒྱུན།།
    དམར་པོ་མེ་ཡི་ལས་དབང་།།
    དམར་ཆུང་སྙིང་གི་ལྡང་མཆོང་།།

    གཞུང་གི་མཛད་གཙོ་ཚོས་ནང་ཞུགས་བྱས་ན་ཡག་པོ་ཡོད་པ་མ་རེད།

    Reply
  11. ཁྲོ་གཏུམ། says:
    ལོ་ 14 སྔོན།

    ལོ་རྒྱུས་ཀྱི་ངོ་གདོང་ནས་འདི་ལྟར་འབར་བའི་ཁྱེད་ཀྱི་གཟི་བརྗིད་དེ་གྲོགས་པོའི་ངའི་སེམས་ཁོང་ན་ལྷོག་ལྷོག་ཏུ་གདུ་བཞིན། གངས་རིའི་ལས་དབང་གི་འཕྱུར་སྟངས་ལ་གྲ་བསྒྲིག་བྱེད་ཀྱིན་ཡོད། འདི་ལྟར་འབར་བའི་མེས་རྒྱལ་གྱི་དཔའ་བོ་སོ་གཉིས་ལ་ངས་སྙིང་གི་ཤ་ལོག་དཀྲུགས་བཞིན་བོད་རྒྱལ་ལོ་ཟེར་བའི་སྐད་ཆ་བཤད་ཡ། རང་ཉིད་ཀྱི་ཉིན་ཐོ་དག་ཡང་ཁྱེད་ཅག་དང་འབྲེལ་ནས་བཞུར་ཞིང་རང་ཉིད་ཀྱི་སེམས་ཚོེར་དེ་ཡང་ཁྱེད་རྣམ་པའི་གཟི་བརྗིད་ལ་སྦྲེལ་ཏེ་འཚཽ་བར་འདུག
    ཀྱེ་ཀྱེ། བདག་གི་སེམས་ཁོང་དུ་དངོས་ནས་ཡལ་མི་ཐུབ་པ་དེ་ཁྱེད་རྣམ་གྱི་ལྷག་བསམ་ཡིན་ལ། ངས་ནམ་ཡང་གངས་རི་དྲན་དུས་ཁྱེད་ཅག་དྲན་གྱི་ཡོད།
    ཁྱེད་ཅག་གི་རེ་བ་འགྲུབ་པར་ཧ་ཚོ་ཡང་ལྷོད་ཀྱིས་འདུག་མི་སྲིད།

    Reply
  12. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    སང་ཉིན་ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ པའི་སྟེང་། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་མཆོག་གི་སྐུ་ཕུང་རྡ་ས་མོག་གྷན་ཐེག་ཆེན་གཙུག་ལག་ཁང་དུ་གདན་ཞུ་གནང་སྟེ། སྐུ་ཕུང་ཞུགས་འབུལ་གྱི་མཛད་སྒོ་འཚོགས་རྒྱུ་ཡིན་འདུག

    Reply
  13. གོང་ཐུབ། says:
    ལོ་ 14 སྔོན།

    གཟུ་གནས་བློ་ལྡན་གྱིས། སྦར་བའི་མེ་ལྕེ་རེ་རེ་ལ་རྒྱ་ཡིན། །ཕུང་པོའི་ཆ་ཤས་རེ་རེ་ལོ་རྒྱུས་ཡིན། །ཚིག་པའི་རུས་ཐལ་རེ་རེ་གཟི་བརྗིད་ཡིན། །དཔའ་བོ་ཤི་ཡང་ནུབ་མེད་རྡོ་རིང་ཡིན། །ཞལ་ཆེམས་རེ་རེ་ང་ཚོའི་སྙིང་རྡོག་ཡིན། །དཔའ་སྐད་རེ་རེ་ང་ཚོའི་དྲིལ་བརྡ་ཡིན། །བསྲེགས་ཐེངས་རེ་རེ་ང་ཚོའི་རྒྱལ་ཁ་ཡིན། །དཔའ་བོ་སོ་གཅིག་བདེན་པའི་རང་སྒྲ་ཡིན། ། ཞེས་པ་འདི་བཞིན་མ་གཏོགས་ང་ལ་རྒྱབ་སྐྱོར་ཡོད་མེད་ཀྱི་སྐད་ཆ་དང་འདི་ལེགས་མིན་སོགས་བཤད་རྒྱུ་བསྐལ་བ་བརྒྱ་ཡང་སེམས་ཁོང་དུ་མི་འཆར་ལ་ཤར་ཡང་མྱོང་མེད། རྨི་ལམ་ཚུན་ཆད་ལ་ཡོང་སྲིད་པ་ཞིག་མ་རེད།

    Reply
  14. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    རང་ལུས་མེ་ལ་བསྲེགས་པའི་ལས་འགུལ་གྱི་ངོ་བོ་ཡག་སྡུག་གང་འདྲ་ཞིག་ལ་འགྱུར་བ་དེ་བཤད་མི་ཐུབ་པས་ངས་འདི་ལ་རྒྱབ་སྐྱོར་མེད་སྔ་མོ་ནས་བཤད་མྱོང་།
    འོན་ཀྱང་བོད་མི་རིགས་ཀྱི་ལ་རྒྱ་དང་རིགས་ཞེན་གྱིས་རང་ཉིད་བློས་བཏང་བྱ་བའི་སྙིང་སྟོབས་ལ་ཡིད་རངས་ཞུ།
    རང་བསྲེགས་ཀྱི་ལས་འགུལ་འདིའི་གྲུབ་འབྲས་ལ་ང་རང་རེ་བ་གང་ཡང་མེད་མ་ཟད་གནས་ཚུལ་འདི་ངོ་བོ་གང་འདྲ་ཞིག་ལ་ཆགས་མིན་སེམས་འཚབ་ཡོད།

    Reply
  15. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    རླབས་ཆེན་སྙིང་སྟོབས་དམར་པོའི་མེ་རུ་གྱུར། །གཅེས་པའི་ཚེ་སྲོག་བདེན་པའི་ཁུ་ཚུར་གྱུར། །ལུས་ཀྱི་ལང་ཚོ་དུར་སའི་ཐལ་བར་གྱུར། །དཔའ་བོ་སོ་གཅིག་འདི་ལྟར་གཤེགས་ནས་ཐལ། །སྐྱེས་པ་གངས་ཅན་བོད་ཀྱི་བླ་སྲོག་ཡིན། །ཤི་བ་གངས་ཅན་བོད་ཀྱི་གཟི་བརྗིད་ཡིན། །སྐྱེས་ཤིའི་བར་ན་བོད་ཀྱི་བདེན་དོན་རྩོད། །དཔའ་བོའི་མཚན་སྙན་ནམ་ཡང་ཁྱབ་པར་ངེས། །གཅེས་པའི་ལུས་ལས་མཆེད་པའི་མེ་ལྕེ་དང་། །འཆི་ཁའི་ཞལ་ལས་མཆེད་པའི་འབོད་སྒྲ་ཡིས། །ཕྱིས་རབས་མི་ཡི་སྙིང་ལ་རི་མོར་བྲིས། །འཛམ་གླིང་གོ་ལ་ཧྲིལ་པོ་དབང་མེད་འདར།།

    Reply
  16. གཙང་ཆབ། says:
    ལོ་ 14 སྔོན།

    རྒྱལ་སྲས་བྱང་ཆུབ་སེམས་དཔའི་དག་པའི་ཞིང་། །
    རང་དབང་ལོངས་སྤྱོད་འཛོམས་པའི་ཤམ་བྷ་ལར། །
    དཔའ་རྒོད་ཁྱོད་ཀྱི་རྣམ་ཤེས་བདེ་བར་བཞུགས། །
    བོད་མིར་བདེ་སྐྱིད་་མྱུར་དུ་ཐོབ་པར་ཤོག །

    Reply
  17. བཀྲ་ཤིས་ཉི་མ། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོས་འདིའི་སྐོར་ལ་བསམ་ཚུལ་རེ་གསུངས་དང་། ངས་བསམ་ན། ཐེངས་འདིར་མཛད་སྒོ་གཞི་རྒྱ་ཆེན་པོ་སྤེལ་ཏེ། སྐུ་ཕུང་སྟེང་བོད་ཀྱི་རྒྱལ་དར་གཡོག གཞུང་གི་ཆབ་སྲིད་ཀྱི་མཛད་གཙོ་རྣམ་པའི་དཔའ་བོར་རྗེས་དྲན་གྱི་བསྒྲགས་གཏམ་སྤེལ། མི་མང་སེར་སྐྱ་ཡོངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་བཞིན་སྐུ་ཕུང་སྦྱིན་སྲེག་གཏོང་དགོས་ཀྱི་འདུག

    Reply
  18. མི་ཉག་དུང་བརྡ། says:
    ལོ་ 14 སྔོན།

    ཁྱེད་ཀྱི་སེམས་པ་དེ་གློད་རོགས།།
    ང་ཚོས་མིག་ཆུ་དེ་མི་གཏོང་།།
    འུ་ཚོས་ལག་གདང་དེ་སྦྲེལ་ནས།།
    གཞུགས་སྒར་རྡ་སའི་ཕྱོགས་ལོག་འགྲོ །

    Reply
  19. རང་དབང་རྒྱལ་སྲས། says:
    ལོ་ 14 སྔོན།

    理性的火花
    点燃的不仅是您的身
    点燃了我们同胞们的勇气之灯

    Reply
  20. བློ་འཕེལ། says:
    ལོ་ 14 སྔོན།

    གཅེས་པའི་ཚེ་སྲོག་རླུང་འཚུབ་ཀྱི་མར་མེ།།
    ཨ་མས་བསྐྱངས་པའི་ཀྱག་ཀྱོག་གི་ལམ་ནས།།
    ལན་གཅིག་ཐར་བའི་དར་བབ་ཀྱི་ལུས་འདི།།
    དམར་པོའི་མེ་ཡིས་དམར་གཞུང་ལ་མཆོད་དོ།།

    Reply
  21. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ངས། ཁ་བཏགས་དཀར་ལ་གཙང་ཞིང་རིང་བ་ཞིག་ཁྱེད་ཀྱི་སྐུ་ཕུང་ལ་འདི་ནས་འབུལ་བཞིན་ཡོད་ལགས། བོད་རིགས་རྒྱལ་ལོ། །

    Reply
  22. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    སྦར་བའི་མེ་ལྕེ་རེ་རེ་ལ་རྒྱ་ཡིན། །ཕུང་པོའི་ཆ་ཤས་རེ་རེ་ལོ་རྒྱུས་ཡིན། །ཚིག་པའི་རུས་ཐལ་རེ་རེ་གཟི་བརྗིད་ཡིན། །དཔའ་བོ་ཤི་ཡང་ནུབ་མེད་རྡོ་རིང་ཡིན། །ཞལ་ཆེམས་རེ་རེ་ང་ཚོའི་སྙིང་རྡོག་ཡིན། །དཔའ་སྐད་རེ་རེ་ང་ཚོའི་དྲིལ་བརྡ་ཡིན། །བསྲེགས་ཐེངས་རེ་རེ་ང་ཚོའི་རྒྱལ་ཁ་ཡིན། །དཔའ་བོ་སོ་གཅིག་བདེན་པའི་རང་སྒྲ་ཡིན། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese