མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་གོ་སྐབས་འཇུས་ཏེ་གནས་ཚུལ་བཟོ་སྲིད་པ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོ་ངྷ་ས་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་དབུས་སྲི་ཞུ་ལས་བྱེད་ཡོངས་དང་། ངྷ་སའི་སེར་སྐྱ་མང་ཚོགས་ ༣༥༠༠ ལྷག་གིས་རྒྱལ་གཅེས་པ་འཇམ་དཔལ་ཡེ་ཤེས་ལགས་སུ་གདུང་སེམས་མཉམ་སྐྱེད་ཀྱི་བསྔོ་སྨོན་མཆོད་འབུལ་གནང་སོང་།

ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཁ་སང་ཕྱི་དྲོའི་ཆུ་ཚོད་ ༤ པའི་སྟེང་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་དང་གཞན་གཉིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་གཙོས་བཀའ་བློན་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཆེ་ཕྲ་ཡོངས་དང་། ངྷ་སའི་སེར་སྐྱ་མང་ཚོགས་དང་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་སློབ་ཕྲུག་ཡོངས། དེ་བཞིན་ངྷ་ས་ཉེ་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་བཅས་མི་ ༣༥༠༠ ཙམ་འདུ་འཛོམས་ཐོག ཉེ་ལམ་རྒྱལ་ས་ལྡི་ལིར་རང་ལུས་མེར་བསྲེགས་བཏང་སྟེ། འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་པོ་རྟའུ་འཇམ་དཔལ་ཡེ་ཤེས་ལགས་སུ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བསྔོ་སྨོན་མཆོད་འབུལ་རྒྱ་ཆེན་ཞིག་གནང་སོང་།

མཛད་སྒོའི་སྟེང་བཀའ་བློན་ཁྲི་པ་མཆོག་གིས་སྐུ་གཤེགས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་མི་ཚེ་ལོ་རྒྱུས་དང་། ཁོང་གི་ཁ་ཆེམས་ཀྱི་བརྗོད་དོན་རྣམས་མང་ཚོགས་ལ་ངོ་སྤྲོད་གནང་སོང་ལ། དེའི་རྗེས་བཀའ་ཁྲི་མཆོག་གིས་འཇམ་དཔལ་ཡེ་ཤེས་ལགས་ཀྱི་ཁ་ཆེམས་ནི་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་རེ་འདུན་དང་གཅིག་པ་ཡིན་པ། བོད་ཕྱི་ནང་དུ་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་རེ་འདུན་ནི ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་རྒྱུ་དང་། བོད་ནང་རང་དབང་དགོས་ཞེས་པ་དེ་ཡིན་སྟབས། བོད་མི་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་རུང་ལས་འགུལ་དེ་ཞི་བ་དང་ཁྲིམས་མཐུན། ཆེ་མཐོང་ལྡན་པ་ཞིག་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པའི་འབོད་སྐུལ་བཅས་ཞུས་སོང་།

བཀའ་བློན་ཁྲི་པ་མཆོག་གིས་གསུངས་པ་ལྟར་ན། བཀའ་སྤྱི་གཉིས་ཀྱིས་བོད་ནང་དང་རྒྱ་གར་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་གནས་ཚུལ་དེ། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསླེབ་ཐུབ་རྒྱུར་འབད་བརྩོན་གནང་གི་ཡོད་པ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རྒྱལ་སྤྱིའི་གསར་ལམ་ཁག་ཏུའང་བོད་ཀྱི་གནད་དོན་ལ་དོ་སྣང་གང་འཚམ་སྤྲོད་ཀྱི་ཡོད་པ། མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ ༡༢ ཀྱིས་བོད་དོན་ལ་ཡིག་ངག་གཉིས་ཐོག་ནས་སེམས་འཚབ་ཡོད་སྐོར་དང་། དེ་བཞིན་ཡུ་རོབ་གྲོས་ཚོགས་དང་ཨི་ཊ་ལི་གྲོས་ཚོགས་ནང་བོད་དོན་གྲོས་ཆོད་བཞག་ཡོད་པ། ཨ་རིའི་གྲོས་ཚོགས་དང་ཧྥ་རན་སིའི་གྲོས་ཚོགས་གཉིས་ཀྱི་ནང་གྲོས་ཆོད་འཇོག་རྒྱུར་འབད་བརྩོན་གནང་གི་ཡོད་པ། པེ་ཅིིན་དུ་རྟེན་གཞི་བྱས་པའི་ཨོ་སི་ཊོ་ལི་ཡའི་གཞུང་ཚབ་ཀྱིས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ལ་འབྲེལ་བ་བྱས་ཏེ། བོད་ཀྱི་ས་ཁུལ་ཁག་ལ་ཞིབ་འཇུག་ཚོགས་པ་འགྲོ་ཆོག་པའི་ཆོག་མཆན་ཞུས་ཡོད་སྐོར། ད་དུང་བོད་མིའི་སྒྲིག་འཛུགས་ཀྱིས་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཚོར་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་པ། དེ་བཞིན། རྒྱལ་སྤྱི་གཞུང་དང་ཚོགས་སྡེ་ཁག་གིས་བོད་ནང་ཞིབ་འཇུག་ཚོགས་པ་གང་མགྱོགས་གཏོང་ཐབས་ལ་འབད་བརྩོན་གནང་དགོས་པའི་འབོད་སྐུལ་བཅས་གནང་སོང་།   

བཀའ་ཁྲི་མཆོག་གིས་མུ་མཐུད་གསུངས་དོན་ལྟར་ན། ཉེ་ལམ་བཀའ་ཤག་གིས་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ལ་གྲོས་བསྡུར་གྱིས་དམིགས་བསལ་ཚོགས་ཆེན་ཞིག་འཚོགས་ཐུབ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། ཚོགས་འདུ་དེ་སྤྱི་འཐུས་རྒྱུན་ལས་དང་གྲོས་བསྡུར་བརྒྱུད་གང་མགྱོགས་ས་གནས་དང་དུས་ཚོད། བརྗོད་གཞི་བཅས་གཏན་འཁེལ་གནང་རྒྱུ་ཡིན་འདུག དེ་བཞིན། བཀའ་ཤག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐད། རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་ཚོགས་འདུ་དང་། རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་བསྐོངས་ཏེ། བོད་ནང་གི་གནས་སྟངས་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་འདུག

བཀའ་ཁྲི་མཆོག་གིས་གསུངས་དོན། “ ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་བའི་རྗེས་སུ། རྒྱ་གཞུང་གིས་བཙན་བྱོལ་སྒྲིག་འཛུགས་དེ་ནུས་མེད་ཆགས་རྒྱུའི་རེ་བ་རྒྱག་གི་ཡོད་ལ། དེའི་ཐོག་རྒྱ་གཞུང་གིས་འཆར་གཞི་སྒྲིག་གི་ཡོད། མི་དམངས་ལ་ཚོར་བ་ཆེན་པོ་ཡོད་པའི་སྐབས་དང་བསྟུན་ནས་རྒྱ་གཞུང་གིས་གོ་སྐབས་འཇུ་མི་སྲིད་པ་མ་རེད། གོ་སྐབས་འཇུས་ཏེ་གནས་ཚུལ་བཟོ་རྒྱུའི་ཉེན་ཁ་ཡོད་པ་རེད། དེ་ཡིན་དུས་ཚོགས་པ་ཁག་དང་མི་དམངས་ཚོའི་ངོས་ནས། གཟབ་གཟབ་བྱ་དགོས་པ་ཞིག་དང་ལྷིང་འཇགས་པོ་ཡོང་བ། གྲུང་པོ་བྱ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ ” ཅེས་གསུངས་སོང་།

བསྔོ་སྨོན་ཚོགས་འདུ་གྲོལ་རྗེས། ཤེས་རབ་དགའ་ཚལ་སློབ་གླིང་དང་ངྷ་ས་ས་གནས་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་སློབ་རྣམས་དང་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེ། ངྷ་སའི་སེར་སྐྱ་མང་ཚོགས་ ༢༠༠༠ ལྷག་གིས། རྒྱལ་གཅེས་དཔའ་པོ་འཇམ་དཔལ་ཡེ་ཤེས་མཆོག་ལ་གདུང་སེམས་མཉམ་སྐྱེད་ཆེད་མར་མེ་ཁྲོམ་སྐོར་ཞིག་ཀྱང་གནང་སོང་།  

འཇམ་དཔལ་ཡེ་ཤེས་ལགས་ནི་བཙན་བྱོལ་ནང་རང་ལུས་མེར་བསྲེགས་གཏོང་མཁན་ ༤ པ་དེ་ཆགས་ཡོད་པ་དང་། ད་བར་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ ༣༡ ཙམ་བྱུང་ཡོད།

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༩ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 7

  1. བསོད་ནམས says:
    ལོ་ 14 སྔོན།

    དགེ་ལུགས་སྤྱི་ཐུས་བློ་བཟངས་སྙན་གྲགས་ལགས་ནས་ལྷམ་གོན་ནས་དགེན་འདུན་པའི་གནས་མར་བག་མེད་དུ་ལོངས་སྤྱོད་བྱེད་པ་ད྄ེ་དངོས་གནས་བློ་ཕམ་ཡོད། ང་ཚོའི་རྩ་ཆེའི་ཆོ་དང་རིགས་གཞུངས་དེ་ང་ཚོས་བདག་པོ་རྒྱག་དགོས། ྄གོང་ག་ི་པར་དེའི་ནང་ལ་གཟིགས་གནངས་དང།

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    བཀའ་ཁྲིས་གསུངས་པ་བཞིན། ང་ཚོས་ངེས་པར་དུ་རང་ཉིད་ལ་ལྟ་དགོས་ལ། རང་གི་འགོ་ཁྲིད་ཚོར་དོན་མེད་སྐྱོན་འཛུགས་དང་མིང་ཆད་མི་འདོགས་པར་འཚལ། ད་དུང་དུས་ཐོག་ཏུ་རྒྱ་གཞུང་ལ་བརྡ་ལན་ཐེབས་གང་ཐུབ་བྱེད་པར་ཞུ།

    Reply
  3. བསོད་ནམས says:
    ལོ་ 14 སྔོན།

    ངས་བྲས་བ་དེ་ག་བ་ཡོད་ག་རེ་བྱས་ནས་མ་བཏང་བ་རེད

    Reply
  4. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    སྲིད་ཁྲི་མཐོ་དམན་བཤད་པའི་བགྲོ་གླེང་ན། །གཞི་རིམ་མང་ཚོགས་གླེང་གཞིར་བཟུང་བ་ནི། །རང་གི་བློ་གྲོས་སྲང་ལ་གཞལ་གྱུར་ནས། །ལྕི་ཡང་འདི་ལྟར་འདུག་ཅེས་སྨྲས་པ་ཡིན། །མང་ཚོགས་རྒྱལ་ཁབ་བདག་པོ་ཡིན་དགོས་ཀྱང་། །རྒྱལ་ཁབ་གང་གིའང་སྲིད་ཀྱི་དབུ་ཁྲིད་མིན། །
    དབུ་ཁྲིད་མཁན་དང་འཁྲིད་རྒྱུའི་མི་མང་ལ། །གནམ་སའི་ཁྱད་པར་མ་མཐོང་ཅི་ཞིག་ཡིན། །

    Reply
  5. ནོར་བུ། says:
    ལོ་ 14 སྔོན།

    གཟུ་གནས་བློ་ལྡན་ལགས།
    དམངས་གཙོའི་སྤྱི་ཚོགས་ནང་དུ་གོང་ན་མེད་པ་དེ་ནི་མི་དམངས་རེད། སེང་གེ་ནི་མི་དམངས་ཀྱི་བཀའ་ཡི་བློན་པོ་རེད་ཟེར་ན་འགྲེལ་བཤད་འདི་འགྲིག་གམ།

    Reply
  6. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་ནས་སྲིད་ཁྲི་བཞག་པ་ན། །བློ་སེང་ང་ཚོའི་སྲིད་ཀྱི་དབུ་ཁྲིད་ཡིན། །བཀའ་བློན་ཡིན་ན་ད་དུང་དེ་ཡི་སྟེང་། །ཆེས་མཐོའི་སྲིད་ཀྱི་དབུ་ཁྲིད་གཞན་དགོས་པས། །དེ་ནི་མེད་པས་སྲིད་སྐྱོང་ཞེས་བཏགས་དགོས། །བཀའ་བློན་ཁྲི་པ་ཞེས་པའི་མིང་ཚིག་འདི། །སྲིད་ཀྱི་དབུ་ཁྲིད་མཐོ་ཤོས་དེར་མི་འཇུག དེས་ན་བསམ་ཤེས་ཅན་གྱི་བོད་མི་ཚོས། །སྲིད་སྐྱོང་ཞེས་པའམ་སྲིད་འཛིན་ཞེས་བཏགས་འཚལ། །

    Reply
  7. བདེ་རྒྱལ། says:
    ལོ་ 14 སྔོན།

    དཔལ་ལྡན་བཀའ་སྤྱི་གཉིས་ལགས། གནས་ཚུལ་ཁ་ཤས་ཤིག་གསང་བ་བཤད་དགོས། འཆར་གཞི་ཚང་མ་སྔོན་བསྒྲགས་བྱེད་དུས་རྒྱ་དམར་གྱིས་སྔ་ས་ནས་དེར་འགོག་རྐྱེན་བཟོ་རྒྱུར་གང་ཐད་ནས་གྲ་བསྒྲིགས་ནས་ཡོད། ལས་འགུལ་གྲུབ་རྗེས་གྲུབ་འབྲས་བསྒྲགས་ན་ལས་བྱ་བ་ཚང་མ་སྔོན་བསྒྲགས་མི་བྱེད་པར་འབོད་སྐུལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese