མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་ཚོགས་གཙོ་རྒྱ་གར་གནམ་ཐང་ནས་བཀག་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཨ་རི་ནས་ཕྱིར་རྒྱ་གར་གནམ་ཐང་དུ་འབྱོར་འཕྲལ། རྒྱ་གར་ནང་ཡོང་མ་བཅུགས་པར་བཀག་འགོག་གིས་ཕྱིར་ཨ་རིར་བཏང་ཡོད་འདུག

ཁ་སང་དགོང་མོ་ཆུ་ཚོད་ ༡༡ དང་སྐར་མ་ ༩ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ཨ་རི་ནས་རྒྱ་གར་གྱི་ཨིན་རྡི་རཱ་གྷན་ཌེ་གནམ་ཐང་ (Indira Gandhi International Airport) དུ་འབྱོར་རྗེས། རྒྱ་གར་གནས་སྤོར་ལས་ཁུངས་ཀྱི་མི་སྣས་ཁོང་བསྐོར་ཡོད་པ་མ་ཟད། ཚུར་ཡོང་བྱེད་ཀྱི་གནམ་གྲུ་དེའི་ནང་ཕྱིར་ཨ་རིར་བཏང་ཡོད་འདུག  གནད་དོན་དེའི་ཐད་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཚོགས་གཙོ་ཚེ་དབང་རིག་འཛིན་ཁོང་ཨ་རིའི་མི་སེར་ཡིན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་རྒྱུན་ལོ་ ༥ རིང་རྒྱ་གར་དུ་སྡོད་རྒྱུར་ཡིག་ཆ་ཚང་མ་ཁྲིམས་མཐུན་ཐོག་བཟོས་ཡོད་ཀྱང་། ཐེངས་འདིར་ཁོང་རྒྱ་གར་ནང་ཡོང་མ་བཅུག་པར་ཕྱིར་ཨ་རིར་བཏང་པ་དེ་ནི་རྒྱ་གར་གཞུང་གིས་ཁྲིམས་མཐུན་ཡིག་ཆ་སྤྲད་པ་དེར་ཁོང་ཚོ་རང་ཉིད་ཀྱིས་རྩིས་མེད་རྡོག་རོལ་བཏང་པ་ཞིག་ཡིན་པར་བཀོད་འདུག

ཉེ་སྔོན་ཟླ་ ༡ ཙམ་རིང་ཨ་རིའི་ནེའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཨ་མའི་མདུན་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དུས་ཡུན་ངེས་མེད་ཟས་བཅད་ངོ་རྒོལ་སྤེལ་པར། རྒྱལ་ཚོགས་ཀྱིས་བོད་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་མི་སྣ་དང་རང་དབང་ཅན་གྱི་གསར་འགོད་པ་གཏོང་རྒྱུའི་ཁེ་ལེན་བྱས་ཡོད་པ་ལྟར།  ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཚམས་གྲོལ་རྗེས། ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཕྱིར་རྒྱ་གར་དུ་ཡོང་སྐབས། ཁོང་རྒྱ་གར་གནམ་ཐང་ནས་བཀག་འགོག་བྱས་པ་ཞིག་ཆགས་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་སུ། ཚོགས་གཙོ་ཚེ་དབང་རིག་འཛིན་ཁོང་རྒྱ་གར་གནམ་ཐང་ནས་བཀག་འགོག་གིས་ཕྱིར་ཨ་རིར་བཏང་པའི་ཐད། རྒྱ་གར་འབྲེལ་ཡོད་མི་སྣ་དག་གིས་རྒྱུ་མཚན་ག་རེ་བརྗོད་ཡོད་མེད་དྲིས་པར། དེ་ནི་རྒྱ་གར་གཞུང་གི་བཀོད་ཁྱབ་ཡིན་ཚུལ་ལས་གཞན་ཁ་གསལ་རྒྱུ་མཚན་གང་ཡང་བརྗོད་མི་འདུག འོན་ཀྱང་། དེ་ནི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་ནང་ཚོགས་འདུར་ཡོང་ཡོད་པའི་སྐབས་འདིར་ཆེད་དུ་བཀག་འགོག་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག

གནད་དོན་དེའི་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས། རྒྱ་གར་གཞུང་གི་བྱེད་སྟངས་དེར་བློ་ཕམ་ཡོད་པ་ཙམ་མ་ཟད། ད་སྔ་རྒྱ་གར་གཞུང་གིས་རྒྱ་ནག་ལ་བཟུང་པའི་སྲིད་ཇུས་རིམ་པར་ཕམ་ཉེས་བྱུང་ཡོད་པར་བརྟེན། ད་ཆར་རྒྱ་གར་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ཐད་བསྐྱར་ཞིབ་བྱ་དགོས་པའི་དུས་ལ་སླེབས་ཡོད་ཀྱང་། རྒྱ་གར་གཞུང་གིས་བོད་རང་བཙན་ནི་རྒྱ་གར་ལ་མཚོན་ན་ཁེ་ཕན་ཆེ་བ་ཡོད་པར་མཐོང་ཐུབ་ཀྱི་མེད་པ་དེ་རྒྱ་གར་གྱི་ཕམ་ཁ་ཞིག་ཡིན་པར་བརྗོད་ཡོད་པ་རེད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

༢༠༢༦/༠༩/༢༥
THE MONK AND THE GUN (དྲ་རྒྱའི་པར།)
Bloggers

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

༢༠༢༦/༠༩/༢༥
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

༢༠༢༦/༠༩/༢༥
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

མཆན། 6

  1. གཙང་ཆབ། says:
    ལོ་ 15 སྔོན།

    ཨ་མའི་བུ། འདི་རྒྱལ་ཁ་ཞིག་གི་སྔོན་འགྲོ་དང་། ལས་འགུལ་ལ་ནུས་པ་ཐོན་གྱིན་ཡོད་པའི་གཏན་ཚིགས་རེད།

    Reply
  2. ཤིང་ལོ། says:
    ལོ་ 15 སྔོན།

    ༼རང་ཉིད་ལ་བུ་ཞིག་མེད་སོང་ན། གཞན་གྱི་བུ་དེ་མི་བུ་རེད༽དཔེ་རེད། རྒྱལ་ཁབ་ཡོད་མེད་དང་སྟོབས་ཤུགས་ཡོད་མེད་ཀྱི་ཁྱད་པར་རེད། སྒོར་དགའ་སྟུ་དགའ་ནག་པོ་ཚང་།

    Reply
  3. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 15 སྔོན།

    སྐད་ཆ་གསལ་པོ་བཟོ་ན་ཡག་པོ་འདུག། མི་འགའ་རིའི་གནད་དོན་འདིར་རྒྱ་གར་རྒྱ་ནག་ལ་སྐྲག་ཚུལ་སོགས་ཁུང་མེད་པ་ལུང་པ་གང་ཞིག་བཤད་ནས་དོན་དངོས་བོད་མའི་སེམས་ཤུགས་བཅག་ཐབས་བྱེད་བཞིན་འདུག། དངོས་ཡོད་ཕྱི་རྒྱལ་གྱི་མི་ཡིན་པ་གང་ཞིག་རྒྱ་གར་ནས་ཕྱིར་ཐོན་ཏེ་ཟླ་བ་གསུམ་མ་ཟིན་བར་སླར་འཛུལ་ཆོག་གི་ཡོད་མ་རེད། གནད་འགག་དེ་རེད། དུས་བབ་ཚང་གི་སྐད་ཆ་འདི་བདག་པོ་རྒྱབ་རོགས

    Reply
  4. སྟག་ཕྲུག says:
    ལོ་ 15 སྔོན།

    རྒྱ་གར་གཞུང་གིས་བྱེད་སྟངས་འདིའི་ཐོག་ནས་ང་ལ་དོ་སྣང་གཉིས་བྱུང་སོང། དང་པོ། རྒྱལ་ཁབ་སུ་ཡིན་ཡང་རང་གི་གནད་དོན་ལ་ཐུགས་ཡོང་སྐབས་བོད་ཀྱི་རང་དབང་དང་ཐོབ་ཐང་། སྡུག་བསྔལ་སོགས་སྣང་མེད་གཏོང་གི་ཡོད་པ་དང། གཉིས་པ། རྒྱ་གར་སྲིད་གཞུང་གིས་རང་གི་ནུས་སྟོབས་དེ་རྒྱ་ནག་ལས་གཞན་པ་ཡོད་པའི་རང་རྟགས་དེ་སྟོན་གྱིན་ཡོད་པ་དེ་རེད།

    Reply
  5. སོག་ཤོད་ལྷ་རྒྱལ། says:
    ལོ་ 15 སྔོན།

    ད་རྒྱ་གར་སྟོབ་ཆེན་རྒྱལ་ཁབ་ཡིན་ཀྱང་ བལ་ཡུལ་དང་ཅིག་མཚུང་ཆགས་འདུག ད་མཐའ་མ་ཨེ་ཤ་ཡ་ཚང་མ་རྒྱ་ནག་འོག་ལ་འགྲོ་ཉེན་ཆེ།

    Reply
  6. ཁྲོ་གཏུམ། says:
    ལོ་ 15 སྔོན།

    ཨ་ཧ་དེ་འདྲའི་རྒྱལ་ཁབ་ཡ་མཚན་ཞིག་རེད་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese