མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བ་ ༢ ཀྱིས་རང་ལུས་མེར་བསྲེཊ་བཏང་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་གུང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་བསྟན་པ་དར་རྒྱས་ལགས་དང་གྲྭ་འཆི་མེད་དཔལ་ལྡན་ལགས་གཉིས་ཀྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག

ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ དང་ཕྱེད་ཀ་ཙམ་ལ། བོད་མདོ་སྨད་རྔ་པ་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཞང་ཥོ་ལ་ཅང་སྡེ་བའི་ལེ་སྐོ་ཚང་གི་ཚོ་བདུན་ཀིརྟི་དགོན་པའི་རང་ལོ་ ༢༢ ཡིན་པའི་དགེ་འདུན་པ་བསྟན་པ་དར་རྒྱས། ཕ་མིང་ལ་སྐལ་ལྡན་དང་མ་མིང་ལ་དཔལ་མཚོ་ཞུ་བ་དང་། དེ་བཞིན། ཥོ་ལ་ཅང་སྡེ་བའི་ཡེ་ཁྲེས་ཚང་གི་ཚོ་བདུན་ཀིརྟི་དགོན་པའི་རང་ལོ་ ༢༡ ཡིན་པའི་དགེ་འདུན་པ་འཆི་མེད་དཔལ་ལྡན། ཕ་མིང་ལ་རབ་རྒྱས་དང་མ་མིང་ལ་མ་ཅིག་མཚོ་ཡིན་པ་གཉིས་ཀྱིས། ཚོ་བདུན་ཀིརྟི་དགོན་པ་དང་བར་ཐག་སྤྱི་ལེ་ ༨༢ གྱི་སར་ཡོད་པའི་རྔ་པ་བོད་རིགས་རང་སྐྱོང་ཁུལ་དང་འབར་ཁམས་རྫོང་སྲིད་གཞུང་གཉིས་ཀྱི་ལྟེ་གནས་སུ། རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་དུ་གཏོང་བཞིན་པའི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་སྲེག་བཏང་འདུག རྒྱ་གཞུང་གི་དམག་མིས་སྨན་ཁང་དུ་བཙན་ཁྲིད་བྱས་ཡོད་སྟབས། ད་ཆར་ཁོང་གཉིས་ཀྱིས་ཤི་གསོན་གྱི་གནས་སྟངས་གང་ཡང་རྟོགས་བྱུང་མི་འདུག

དོན་རྐྱེན་དེ་བྱུང་མ་ཐག་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་པ་རླངས་འཁོར་གསུམ་ཙམ་དགོན་པ་ནས་སྤྱི་ལེ་ ༣༢ སར་ཡོད་པའི་འཛེ་སྟོས་ས་གནས་སུ་འབྱོར་སྐབས། རྒྱ་ནག་དྲག་ཆས་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་བཀག་འགོག་བྱས་ཏེ་བཙན་གྱིས་ཕྱིར་དགོན་པར་བཏང་ཡོད་འདུག ད་ལྟ་ཚོ་བདུན་ཀིརྟི་དགོན་པར་དམ་ངྲག་ཆེན་པོ་བྱེད་ཀྱིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 13

  1. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    དགེ་འདུན་པ་འཆི་མེད་དཔལ་ལྡན་དང་། དགེ་འདུན་པ་བསྟན་པ་དར་རྒྱས་རྣམ་གཉིས་ཀྱིས་བོད་མི་རིགས་དང་རིགས་གཞུང་སྲུང་སྐྱོབ་ཀྱི་ཕྱིར་དུ། སེམས་ཅན་རེ་རེའི་ཕྱིར་ཡང་གནར་མེད་པའི། 
    མེ་ནང་བསྐལ་བ་རྒྱ་མཚོར་གནས་དགོས་ཀྱང་། སྙིང་རྗེས་མི་སྐྱོ་བྱང་ཆུབ་མཆོག་བརྩོན་པའི། བརྩོན་གྲུས་ཕར་ཕྱིན་རྫོགས་པར་བྱིན་གྱི་རློབས། གསུང་པ་བཞིན་གནང་སོང་། ཨོཾ་མ་ཎི་པདྨེ་ཧུཾཿ ཨོཾ་མ་ཎི་པདྨེ་ཧུཾཿ ཨོཾ་མ་ཎི་པདྨེ་ཧུཾཿ ཨོཾ་མ་ཎི་པདྨེ་ཧུཾཿ ཨོཾ་མ་ཎི་པདྨེ་ཧུཾཿ

    Reply
  2. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    དྲིན་ཅན་མེས་དབོན་རྣམ་གསུམ་ཞལ་བཞུགས་དུས། །
    སྐུ་སྲོག་གྲངས་མེད་བཏང་ནས་རྒྱལ་ཁབ་སྐྱོང་། །
    དགྲ་འགོ་ཚུར་བཙུགས་གུང་ཁྲན་ལྟས་ངན་འདིས། །
    འབུམ་དམག་བློ་ཡིས་བཏང་ནས་བོད་ཡུལ་འཕྲོག །
    རྒྱ་བོད་ཤི་གསོན་ཐུག་པའི་འཁྲུགས་འཛིངས་བར། །
    བོད་མི་འབུམ་ཕྲག་བཅུ་གཅིག་ལྷག་ཙམ་འདས ། །
    ད་སྟེ་ལོ་ངོ་ལྔ་བཅུ་དུས་ཡུན་ལ། །
    ཕུགས་རྒྱང་གསལ་ལེར་གཟིགས་པའི་རྣམ་དཔྱོད་ཀྱིས། །
    ༸གོང་ས་སྙིང་གི་ནོར་བུའི་ཐབས་འཕྲུལ་གྱིས། །
    ཤི་ལ་ཐུག་པའི་བོད་མིའི་བླ་སྲོག་དེ ། །
    འགག་ གི་དོ་ས་འཆི་ལམ་ཕྲ་མོ་ནས། །
    བསྐྱབས་ཏེ་འཆི་ཁའི་མི་ལ་གསོན་ཤུགས་སྦྱིན། །
    ལྟོས་དང་ངར་ཤུགས་རྒྱས་པའི་གངས་ཅན་པ། །
    གཟིགས་དང་འགྲན་ཟླ་བྲལ་བའི་གངས་ཅན་པ། །
    གཅེས་པའི་ལུས་ལ་མེ་ལྕེ་ལྷང་ལྷང་དུ། །
    འབར་བཞིན་ཞུམ་པ་མེད་པའི་དཔའ་སྐད་དེ། །
    མཐོ་སྒང་རྩེ་ནས་འཛམ་གླིང་ཡོངས་ལ་འཐེན། །
    དཔུང་གདངས་སྒྲིལ་བའི་རང་རེའི་ན་གཞོན་ཚོས། །
    སྙིང་སྟོབས་དགུང་ལ་འཕྱུར་བའི་མེ་ལྕེ་དེས། །
    རྒྱ་བདུད་དྲག་ཤུགས་ཇི་ཙམ་ཆེ་ཡང་རུང་། །
    ཕ་ཆོས་གྲུ་བཞི་ལམ་མེར་འཛིན་པ་ངེས། །
    ལས་དབང་གཅིག་ལ་སྒྲིལ་བའི་སྤུན་ཟླ་ཚོ། །
    མེ་ལྕེའི་ཀློང་དུ་རེ་རེ་ཐིམ་པ་ན།
    བདག་གི་སེམས་ནང་བཟོད་མེད་སྐྱོ་བ་ཡིས། །
    ཤ་འབུར་མིག་ལ་འཆི་ཞགས་དབང་མེད་འཁོར། །
    མགོན་པོ་ཀླུ་ཡི་ཞལ་ནས་འདི་ལྟར་གསུང་། །
    བརྒྱ་ཡི་ནང་ནས་མཁས་པ་འབྱུང་ཞེས་གསུངས། །
    བརྒྱ་སྟོང་བར་ན་མཛངས་པ་འབྱུང་གསུངས་པས། །
    དཔའ་རྒོད་རེ་རེ་གཤེགས་ཚེ་ཅི་མི་སྐྱོ། །
    ཡིན་ནའང་གྲོགས་དག་ང་ཚོའི་འཐབ་རྩོད་ནི། །
    ཚེ་སྲོག་གྲངས་མེད་ཤོར་ནས་བྱུང་བས་ན། །
    སྔར་བཞིན་བོད་ས་བོད་ལ་དབང་དགོས་ན། །
    སྲོག་གི་བློས་གཏོང་མེད་ན་ག་ལ་འགྲིགས། །
    ཆུང་ངུའི་ཕྱིར་དུ་ཆེན་པོ་མི་རིགས་ཀྱང་། །
    ཆེན་པོའི་ཕྱིར་དུ་ཆུང་ངུ་གཏོང་ལོས་རིགས། །
    འཕྲལ་ཕུགས་ཆེ་ཆུང་ཁེ་ཉེན་ལ་བསམས་ནས། །
    རྣམ་དཔྱོད་བློ་ཡིས་ཤིན་ཏུ་དཔྱད་པར་རིགས། །

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    གངས་ཅན་པ་ཡི་སེམས་དོན་ངག་ལ་འཁྱིལ།།
    བཙན་པོའི་དཔའ་སྤོབས་སྙིང་གི་དབུས་སུ་བལྟམས།།
    རིགས་ཞེན་དུང་བ་ཁྲག་གི་རྒྱུན་ལ་འཁོར།།
    འདས་སོང་དཔའ་བོ་འདི་དག་གངས་རིའི་རྒྱན།།

    ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།

    Reply
  4. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    དེང་འདིར་གཞན་ཕན་ཁོ་ནའི་སྙིང་སྟོབས་ཀྱིས ། །
    ལུས་སྲོག་ཡལ་བར་འདོར་མཛད་དཔའ་བོའི་དཔུང་། །
    མེ་མཚོན་འཇིགས་པའི་ཁྲིམས་ལ་མི་འཛེམས་པར ། །
    འཚེ་མེད་ཞི་བའི་རུ་འཕྲེང་བར་མེད་བསྒྲིགས ། །

    གཞན་གནོད་བསམ་པས་ཀུན་ནས་མ་བསླངས་ཤིང་། །
    དྲག་པོའི་མཚོན་ཆ་ཕྱག་དུ་མི་འཛིན་པའི ། །
    བྱང་སེམས་མར་དཀར་སྤུང་བའི་རི་བོ་དག །
    གདུག་པའི་མུན་ནག་སེལ་བའི་གཉེན་པོར་སྒྲོན ། །
    བདེན་པ་མཆོག་གསུམ་ལྷ་ལ་བདར་བ་དང་། །
    གནས་ལུགས་མི་ཡི་འགྲོ་བར་བགྲང་སླད་དུ ། །
    གཅེས་པའི་རང་ལུས་མེ་རུ་སྦར་བའི་མདངས ། །
    མཁའ་ལ་འཚམས་སྤྲིན་ཟོལ་གྱིས་བརྟན་པོར་ཆགས ། །

    ཤེས་བྲལ་གནམ་གྱི་རྒྱལ་མོས་མ་བཟོད་པར ། །
    སྤྱན་ཆབ་ཁ་ཆར་དུས་སུ་འཇོ་བྱས་ནས ། །
    དཔའ་བོའི་ལུས་མེ་གསོད་པའི་ཐབས་འབད་ན ། །
    སེམས་དང་ལྡན་པ་སུ་ཞིག་ཅི་མི་སྙམ ། །

    གསོང་པོར་སྨྲ་དང་གཟུ་བོར་གནས་སོ་ཞེས ། །
    ཁེངས་པ་སྲིད་ན་མཐོ་བའི་སྐྱེ་བོ་དག །
    བདེན་དོན་མངོན་སུམ་འཆར་བའི་མེ་ལོང་ལ ། །
    གཟིགས་ན་ཁས་སུ་འཆེ་བ་རྗེད་མ་བགྱི ། །

    རང་ལུས་ནད་ཀྱིས་གདུང་བ་བཅོས་སླད་དུ ། །
    འཚོ་བྱེད་མེ་བཙའི་དཔྱད་ཙམ་མི་བཟོད་པར ། །
    གཡས་འཇུ་གཡོན་བསྐྱོར་ཨམ་གཙིགས་བསྡམས་པ་དང་། །
    མིག་བཙུམས་སྐད་ངན་ཤོར་སོགས་མྱོང་བས་གྲུབ། །

    དེ་ལྟ་བས་ན་སྡར་མ་བདག་འདྲ་དང་། །
    བསྟན་འགྲོའི་སླད་དུ་རང་ལུས་མེ་སྦྱིན་ལ ། །
    དགྱེས་བཞིན་ཕུལ་བའི་དཔའ་བོ་དཔའ་མོ་ཚོའི ། །
    བར་ཐག་གནམ་ས་ལས་ཀྱང་ཆེས་ཆེར་རིང་། །

    Reply
  5. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    བོད་ཀྱི་རྒྱལ་གཅེས་པ་རྣམ་གཉིས་ལ་སྙིང་ཁུང་རུས་པའི་གཏིང་ནས་གུས་འདུད་ཞུ།

    Reply
  6. རྨོངས་གྲོལ says:
    ལོ་ 14 སྔོན།

    ད་ཡིན་ན་དངོས་གནས་ཉམས་ཆུང་བོད་མི་ཚོ་སྙིང་རྗེ།
    འདི་ལྟར་རྒྱལ་གཅེས་དཔའ་བོ་ཚོ་གཅིག་རྗེ་གཉིས་མཐུད་ཀྱིས་བཞུད་སོང་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  7. སྐྲན། says:
    ལོ་ 14 སྔོན།

    “དཔའ་རྒོད་དག་མིག་ཆུ་ཡིས་འདས་སོང”
    མཁས་དབང་དག་རེ་སྒུག་གིས་འདས་སོང”
    དུས་དེ་ནས་བཟུང
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  8. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
    བསྐལ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །
    ཚད་མེད་ཡོན་ཏན་མ་ལས་དྲངས།

    གདོང་དམར་བོད་ཀྱི་བདེ་སྡུག་སྙིང་དུ་བཅངས། །
    རང་རིགས་སྤུན་ཟླའི་རང་དབང་བདེ་སྐྱིད་སླད། །
    རང་གི་ཤ་ཁྲག་གདོས་བཅས་མེ་རུ་བསྒྲོན། །
    འགྲན་མེད་གངས་ཅན་དཔའ་བོ་དཔའ་མོ་ཀུན། །
    བདེ་ལྡན་དག་པའི་ཞིང་དུ་སྐྱེ་བར་སྨོན། །

    དལ་འགྲོའི་རྟེན་བཟང་མྱུར་ཐོབ་ཤོག །
    ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  9. གསལ་ལེ་རྒྱལ། says:
    ལོ་ 14 སྔོན།

    གང་ན་བྱིན་རླབས་འོད་ཀྱིས་འཁྱུག་པ་ཡི།།
    ཉམས་མེད་རྒྱལ་བ་བདེ་གཤེགས་འཁོར་བཅས་ཀྱིས།།
    ཐར་ལམ་མཐོང་སྨོན་ཡིད་དགའ་ཆོས་འཛིན་ནས།།
    དཔའ་བོ་དཔའ་མོ་བསུ་བའི་སྟ་གོན་མཛོད།།

    དམར་བོ་མེ་ཡི་ཚལ་ནས་འཕུར་བ་ཡི།།
    གངས་རིའི་རྣམ་ཤེས་ཚ་བའི་འཇིགས་པ་ཅན།།
    ཐ་དག་མ་ལུས་བརྩེ་བའི་བདག་ཉིད་ཅན།།
    རྒྱལ་ཀུན་ཐུགས་བརྗེ་ཆར་གྱིས་བརླན་པར་མཁྱེན།།

    ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿ

    Reply
  10. གངས་ཟླ། says:
    ལོ་ 14 སྔོན།

    རྒྱ་ནག་འདི་བ་ཚང་ངོ་མ་ངོ་ཚ་རྒྱུ་ཞིག་མེད་ཀི། ད་དུང་ཧུ་ཡིས་འཛམ་གླིང་སྤྱི་ཟེར་ནས་ཅིག་བཤད་ཀི་འདུག ངོ་མ་བཤད་ན་སྲིད་འཛིན་ཧུ་འདིས་གདོང་པ་གཞན་ལ་བསྟན་ནས་འགྲོ་ཕོད་རྒྱུ་འདི་ང་མཚན་གི།

    Reply
  11. གངས། says:
    ལོ་ 14 སྔོན།

    ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿ

    Reply
  12. ཤིང་ལོ། says:
    ལོ་ 14 སྔོན།

    བོད་རྒྱལ་ཁབ་དགོས་ན་མི་རིགས་ལོས་དགོས།།
    སྲེག་ཚར་ན་དངོས་གནས་རྒྱལ་ཁབ་འཇིག་འགྲོ།།
    ད་སྐུ་མཁྱེན་མཚམས་རེ་འཇོག་པར་གནོངས་དང་།།
    སེམས་ན་ཚས་འགལ་རྐྱེན་གནོན་ཐབས་མི་འདུག།

    Reply
  13. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    དེ་རིང་ཞོག་པ་དཔའ་བོ་ཞིག་ལ་སྐྱེལ་མ་བྱས་ཟིན་ཙམ་ཡིན། ཡང་སྐྱར་དཔའ་བོ་གཉིས་འཁྲུངས་འདུག་དངོས་གནས་བོད་མི་རིགས་ཀྱི་ལ་ཞེན་དེ་ནམ་ཡང་ཡལ་མེད་བོད་མི་རྒན་དར་གཞོན་གསུམ་སེམས་ལ་གནས་ངེས་ཡིན་པས། བདེ་མོར་ཕེབས་དཔའ་བོ་ལགས་ཁྱེད་རྣམས་ཀྱི་འདུ་བྱེད་ཀྱི་ཕུང་པོ་མེད་ཟིན་ཡང་རླབ་ཆེན་གྱི་མཛད་རྗེས་ནམ་ཡང་ནུབ་མེད་ང་ཚོའི་སེམས་ལ་གནས་ངེས་ཡིན། ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese