མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཁན་པོ་དགེ་བ་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཡུལ་ཤུལ་རྫ་སྟོད་དགེ་རྒྱལ་རྫོགས་ཆེན་དགོན་པའི་མཁན་པོ་དགེ་བ་ལགས་ལ་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་འདུག

སྦིར་གཞིས་ཆགས་སུ་གནས་སྡོད་གྲྭ་དཀོན་མཆོག་དོན་འགྲུབ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས། འདི་ལོ་ཕྱི་ཟླ་ ༣ པའི་ཚེས་༨ ཉིན་གྱི་མཚན་མོར་རྒྱ་གཞུང་གིས་ཡུལ་ཤུལ་དགེ་རྒྱལ་རྫ་སྟོད་རྫོང་དགེ་རྒྱལ་རྫོགས་ཆེན་དགོན་པའི་མཁན་པོ་དགེ་བ་ལགས་གློ་བུར་འཛིན་བཟུང་བཙན་འཁྲིད་དང་། ཁོང་གི་གསར་འཛུགས་བྱས་པའི་རྨོངས་སེལ་འཛིན་གྲྭའི་དགེ་རྒན་གྲྭ་ཨ་བྷོ་དང་ཀརྨ་སྐྱབས། ཚེ་རིང་དོན་འགྲུབ། ཧྲག་པ་བཅས་མི་ ༡༣ བཙོན་འཇུག་བཀག་ཉར་བྱས་ཡོད་པ་ལྟར། ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༡༠ ཡས་མས་སུ་དགེ་རྒན་རྣམས་ཀློད་གྲོལ་བཏང་ཡོད་ཀྱང་། མཁན་པོ་དགེ་བ་ལགས་ལ་རྒྱ་ནག་ནང་ཁུལ་གྱི་ཁྲིམས་ཁང་ཞིག་གིས་ནང་མི་དང་ཁྲིམས་རྩོད་པ་སོགས་ཅི་ཡང་མེད་པའི་ཐོག་ལོ་ ༢ ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཟླ་སྔོན་མའི་ནང་རྒྱ་གཞུང་གིས་གློ་བུར་དུ་མཁན་པོ་འཛིན་བཟུང་བཀག་ཉར་བྱས་ཡོད་ཀྱང་། ཉེ་ལམ་རྫ་སྟོད་རྫོང་ཉེན་རྟོག་པས་མཁན་པོའི་སྤུན་མཆེད་ཅིག་ཉེན་རྟོག་ལས་ཁུངས་སུ་སྐད་བཏང་སྟེ། སྐར་མ་ ༣ རིང་མཁན་པོ་དང་མཉམ་དུ་སྐད་ཆ་བཤད་པའི་གོ་སྐབས་སྤྲད་ཡོད་འདུག་ལ། སྐབས་དེར་མཁན་པོ་ལགས་ཀྱིས་ཁོང་ལ་རྒྱ་གཞུང་གིས་ལོ་ ༢ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ཉེ་ལམ་འཛིན་བཟུང་བྱས་རྗེས་ཁོང་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་ཀྱང་། ད་ལྟ་ཁྲིམས་ཐག་བཅད་ཟིན་སྟབས་དམིགས་བསལ་དཀའ་ངལ་འཕྲད་ཀྱི་མེད་ཅེས་བརྗོད་ཡོད་པ་མ་ཟད། མ་འོངས་པར་ཁྱེད་ཅག་གིས་ ༼རྨོངས་སེལ་འཛིན་གྲྭ༽  བདག་པོ་བརྒྱབ་སྟེ། སློབ་མའི་སློབ་སྦྱོང་འཐུས་ཤོར་མི་འགྲོ་བར་བྱ་དགོས་པའི་སྐོར་སོགས་བརྗོད་ཡོད་འདུག ད་ལྟའི་ཆར་ཁྲིམས་ཐག་བཅད་པའི་གནས་ཚུལ་ཙམ་ལས་གང་དུ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་ཤེས་མེད་ཀྱང་། ནང་མི་ཚོས་ཁོང་རྒྱ་ནག་ནང་ཁུལ་དུ་བཙོན་འཇུག་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

མཁན་པོ་དགེ་བ་ལགས་ནི་ ༡༩༧༠ ལོར་མདོ་ཁམས་རྫ་སྟོད་གྲོང་སྡེ་རུ་ཕ་མཁོར་རྩའི་མཁས་རྒྱམ་དང་མ་པད་དཀར་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ད་ལྟ་དགུང་གྲངས་ ༤༤ ཡིན་འདུག ཁོང་ལ་ནང་མི་གཞན་ག་ཚོད་ཡོད་གསལ་ཁ་མ་བྱུང་ཡང་། ཁོང་ནི་ཆུང་དུས་ནས་རྫ་སྟོད་དགེ་རྒྱལ་རྫོགས་ཆེན་དགོན་པར་རབ་ཏུ་བྱུང་ཞིང་། ཕྱིས་སུ་རྫོགས་ཆེན་ཤྲི་སེང་ཧའི་བཤད་གྲྭ་དང་། གསེར་རྟ་བླ་རུང་སྒར་སོགས་ཀྱི་ཆོས་གྲྭ་ཁག་ཏུ་ལོ་མང་རིང་བོད་ཀྱི་བཅུ་ཕྲག་རིག་གནས་སྤྱི་དང་། བྱེ་བྲག་ནང་དོན་རིག་པ་ལ་ཐོས་བསམ་སློབ་གཉེར་འཐིལ་ཕྱིན་གནང་ཡོད་པ་མ་ཟད། ༢༠༠༡ ལོར་རྒྱ་གར་ནང་ཕེབས་ཏེ་༧གོང་ས་མཆོག་གཙོས་པའི་བོད་པའི་བླ་ཆེན་རྣམ་པར་མཇལ་ཁ་ཞུས་ཡོད། ཕྱིར་བོད་ནང་ལོག་རྗེས་དགེ་རྒྱལ་རྫོགས་ཆེན་དགོན་གྱི་བཤད་གྲྭའི་མཁན་པོའི་ཕྱག་ལས་གནང་ཞོར་དུ་ས་གནས་ཞིང་འབྲོག་མང་ཚོགས་ཀྱི་ཡིག་རྨོངས་སེལ་ཆེད་དང་། ཕྱོགས་མཐའ་ཁག་ནས་སྤོས་པའི་བོད་རིགས་ལས་མེད་དང་གཞོན་སྐྱེས་མང་པོ་ཞིག་གིས་བག་མེད་ཀྱིས་མི་ཚེ་སྐྱེལ་སྟངས་བཅས་ལ་དམིགས་ཏེ། ༼ རྨོངས་སེལ་འཛིན་གྲྭ ༽ཞེས་པ་ཞིག་བཙུགས་ཏེ། བོད་ཀྱི་བརྡ་སྤྲོད་དང་ནང་ཆོས་ངོ་སྤྲོད། སྤྱི་ཚོགས་སློབ་གསོ། ཡ་རབས་སྤྱོད་བཟང་སོགས་ཀྱི་ཐད་སློབ་སྦྱོང་སྤྲད་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༢ པའི་ནང་རྒྱ་གཞུང་གིས་ཁོང་གི་ཟབ་སྦྱོང་འཛིན་གྲྭ་ཚོགས་མི་ཆོག་པའི་བཀའ་རྒྱ་བཏང་བ་དང་། སློབ་མ་དང་ས་གནས་བོད་མི་ཚོས་སྔ་ཕྱི་ཐེངས་གཉིས་ལ་ངོ་རྒོལ་སྐད་འབོད་བྱས་སྟབས། རྒྱ་གཞུང་གིས་མཁན་པོ་ཁོང་དང་དགེ་རྒན་བཅས་མི་ ༡༣ ལྷག་འཛིན་བཟུང་བྱས་ཡོད་པ་མ་ཟད། སློབ་གྲྭ་སྒོ་བརྒྱབས་པ་དང་ས་གནས་མི་མང་ལ་དམ་དྲག་ཤུགས་ཆེར་བྱས་ཡོད་ལ། འཛིན་བཟུང་གི་གནས་ཚུལ་དེར་རྐྱེན་བྱས་ཏེ་ཁོང་གི་སྲིང་མོ་འདས་གྲོངས་སུ་ཕྱིན་ཡོད་འདུག   

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༨ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 3

  1. བཀྲ་ཤིས། says:
    ལོ་ 14 སྔོན།

    མཁན་པོ་ཁོང་མྱི་ཡག་པོ་ཡོད། མཁས་པ་ཡིན། ཡིན་ན་ཡང་ཆོས་ཆོས་བཞིད་དུ་མ་བསྒྲུབ་ན་དེ་འདྲ་ཡོང་གི་རེད་དོ།

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    རྒྱ་ནག་གིས་དངོས་གནས་ཀྱི་ཁྲིམས་ཆད་མི་འབབ་ནའང་། མཁན་པོ་མཆོག་ལ་འོ་བརྒྱལ་བཟོས་སོང་། འོན་ཀྱང་དྲང་བདེན་གྱིས་སྐུ་ཉིད་ལ་ནམ་ཡང་བསླུ་བྲིད་གཏོང་གི་མ་རེད།

    Reply
  3. ཆོས་བཟང་། says:
    ལོ་ 14 སྔོན།

    མཁན་པོ་ཁོང་གིས་ཕྱག་ལས་གནང་སྟངས་ནི་ངོ་མ་ཡི་རང་བྱ་འོས་པ་ཞིག་སྟེ་བོད་མི་རིགས་ཀྱི་བླ་སྲོག་སྐད་དང་ཡི་གེ་འདི་ཇི་སྲིད་གནས་པ་དེ་སྲིད་དུ་བོད་མི་རིགས་གསོན་པོར་ཡོད་ལ་གལ་སྲི་འདི་ཉིད་ཉམས་ཚེ་མེད་པ་ཆགས་རྒྱུ་ཉག་གཅིག་གི་གནས་ལུགས་དེ་གསལ་བོར་མཁྱེན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese