མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་བོད་མིའི་འདུ་འཛོམས།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

འཆར་ཟླའི་ནང་ཨོ་སི་ཊི་རི་ཡའི་རྒྱལ་ས་ཝེ་ཡ་ནཱ་རུ་ཡུ་རོབ་གླིང་གི་བོད་རིགས་ཚོགས་པ་ཁག་མཉམ་འབྲེལ་ཐོག བོད་པ་དང་བོད་དོན་རྒྱབ་སྐྱོར་བའི་འདུ་འཛོམས་ཆེན་མོ་ཞིག་འཚོགས་རྒྱུ་ཡིན་འདུག

ཕྱི་ཟླ་ ༥ ཚེས་ ༢༦ ཉིན་ཨོ་སི་ཊི་རི་ཡའི་རྒྱལ་ས་ཝེ་ཡ་ནཱ་རུ་ཡུ་རོབ་གླིང་གི་བོད་རིགས་ཚོགས་པ་རྣམས་མཉམ་འབྲེལ་ཐོག བོད་པ་དང་བོད་དོན་རྒྱབ་སྐྱོར་བའི་འདུ་འཛོམས་ཆེན་མོ་ཞིག་ཚོགས་གཏན་འཁེལ་ཡོད་པ་དང་།  ༸གོང་ས་མཆོག་ཀྱང་ཡུ་རོབ་ཀྱི་ཆིབས་སྒྱུར་དང་སྟབས་བསྟུན་འདུ་འཛོམས་ཀྱི་མཛད་སྒོར་ཕེབས་རྒྱུ་ཡིན་འདུག

གཞི་རྒྱ་ཆེ་བའི་འདུ་འཛོམས་དེ་འདྲ་ཞིག་འཚོག་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་གྱི་ཐད་ནས། སུད་བོད་མཛའ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་བདེ་སྐྱིད་བཀྲས་མཐོང་ལགས་སུ་བཅར་འདྲི་ཞུས་པར།  ཁོ་མོས་ “ད་ལྟའི་ཆར་བོད་ནང་གནས་སྟངས་ཧ་ཅང་ཛ་དྲག་པོ་དང་དཀའ་ངལ་ཆེན་པོ་ཞིག་གི་འོག་ཡོད་སྟབས། ང་ཚོ་ཡུ་རོབ་གླིང་དུ་ཡོད་པའི་བོད་པ་གང་མང་མང་ཞིག་འདུ་འཛོམས་ཐོག བོད་ནང་གི་གཞིས་སྡོད་སྤུན་ཟླ་རྣམས་ལ་ཁོང་ཚོས་མྱོང་བཞིན་པའི་དཀའ་ངལ་དེ་དག་ང་ཚོས་རྟོགས་བཞིན་ཡོད་ལ། ཁོང་ཚོར་དཀའ་ངལ་ཅི་ཙམ་ཡོད་པ་དེ་བཞིན་དུ། ང་ཚོའི་སེམས་ནང་དཀའ་སྡུག་དང་ཚོར་བ་གཅིག་མཚུངས་ཡོད་པའི་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་མཚོན་ཆེད་དང་། གཉིས། ད་ལྟ་བོད་ནང་དུ་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པ་དེར། ཡུ་རོབ་ཀྱི་རྒྱལ་ཁབ་ཚང་མའི་ངོས་ནས་ཁ་གཏད་གདོང་ལེན་གནང་རྒྱུར་འབོད་སྐུལ་ཞུ་ཆེད་ཡིན། དེར་བརྟེན། འདུ་འཛོམས་སྐབས་ཡུ་རོབ་ནང་བོད་པར་རྒྱབ་སྐྱོར་བྱེད་མཁན་གྱི་སྲིད་དོན་པ་དང་།  སྒྱུ་རྩལ་བ། ཤེས་ཡོན་པ། དེ་བཞིན་ཡུ་རོབ་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་བའི་མི་སྣ་གང་མང་ཞིག་གདན་འདྲེན་ཞུས་ཏེ།  ཉིན་དེར་ཡོངས་ཁྱབ་ཐོག་ཡུ་རོབ་གླིང་གི་གཞུང་དམངས་ཚང་མར། རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་སྡུག་རྩུབ་ཅན་གྱི་དྲག་གནོན་དེ་ངེས་པར་མཚམས་འཇོག་བྱེད་འཇུག་དགོས་པ་ནན་སྐུལ་ཞུ་རྒྱུ་ཡིན།” ཞེས་བརྗོད་སོང་།  

ཐེངས་འདིའི་འདུ་འཛོམས་ཐོག་མཉམ་ཞུགས་གནང་ཆེད། ཡོ་རོབ་རྒྱལ་ཁབ་ཁག་ཚང་མའི་ནང་ཁྱོན་བསྡོམས་བོད་རིགས་ཚོགས་པ་ ༢༤ ལྷག་ཡོད་པ་ཚང་མར་བརྡ་སྦྱོར་ཕུལ་ཏེ་ཚོགས་པ་ཚང་མས་ཆ་ཤས་ལེན་ཐུབ་རྒྱུ་དང་། ཉུང་མཐར་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་མི་ཆིག་ཁྲི་ལྷག་འཛོམས་ཐུབ་པའི་རེ་བ་བྱེད་བཞིན་ཡོད་འདུག  

འདུ་འཛོམས་དེའི་ཐོག་ད་ལྟའི་ཆར་ཡོང་གཏན་འཁེལ་བའི་གནད་ཡོད་སྐུ་མགྲོན་ག་ཚོད་མེད་དྲིས་པར། བདེ སྐྱིད་བཀྲས་མཐོང་ལགས་ཀྱིས། “ འཆར་གཞི་བང་རིམ་སྒྲིག་བཞིན་པའི་སྒང་ཡིན།  སྤྱིར་ད་ལོའི་གསུམ་བཅུའི་དུས་དྲན་སྐབས་ལ་འདི་འདྲའི་ལས་འགུལ་ཞིག་སྤེལ་ཐུབ་ན་བསམ་པ་རེད་དེ། གྲ་སྒྲིག་བྱེད་པའི་དུས་ཚོད་སོགས་ཀྱི་རྐྱེན་པས་བྱུང་མ་སོང་། ཉེ་འཆར་༧གོང་ས་མཆོག་ཡུ་རོབ་ནང་ཆིབས་བསྒྱུར་བསྐྱངས་གཏན་ཁེལ་ཡོད་སྟབས། སྐུ་སྒེར་ཡིག་ཚང་བརྒྱུད་ཐེངས་འདིའི་བོད་རིགས་འདུ་འཛོམས་ཐོག་༸གོང་ས་མཆོག་ཕེབས་གནང་ཡོང་བའི་སྐྱབས་འཇུག་ཞུས་པ་ལྟར་ཞལ་བཞེས་ཀྱང་ཐོབ་སོང་། ད་ལྟ་འདུ་འཛོམས་ཀྱི་སྐོར་ལ་ཚོགས་འདུ་འཚོགས་བཞིན་ཡོད། མི་འགྱངས་པར་དྲ་རྒྱ་བརྒྱུད་གདན་ཞུའི་མི་སྣ་དང་མཛད་རིམ་སོགས་རིམ་བཞིན་གསལ་བསྒྲགས་ཞུ་རྒྱུ་ཡིན།” ཞེས་བརྗོད་བྱུང་།

ཐེངས་འདིའི་བོད་པ་དང་བོད་དོན་རྒྱབ་སྐྱོར་བའི་འདུ་འཛོམས་འདི་ནི་ཡུ་རོབ་བོད་རིགས་ཚོགས་པ་ཁག་ཉི་ཤུ་ལྷག་གིས་མཉམ་འབྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་ལ། ཡོ་རོབ་གླིང་གི་འདུ་འཛོམས་ཆེན་མོ་ཐེངས་གསུམ་པ་དེ་ཆགས་ཡོད་པ་དང་།  འདུ་འཛོམས་ཐེངས་དང་པོ་ ༢༠༠༨ལོར་འཇར་མན་རྒྱལ་ས་བྷར་ལེན་དང་། ཐེངས་གཉིས་པ་ ༢༠༡༠ ལོར་སུད་སུའི་གྲོང་ཁྱེར་ཛོ་རེ་ཁི་ནས་འཚོགས་ཡོད་པ་རེད།

ས་གནས་འགོད་པ་ནམ་མཁའ་བསྟན་འཛིན། 

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༢ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 6

  1. མི་རྒོད། says:
    ལོ་ 14 སྔོན།

    དྲྭ་གྲོགས་ཡོ་རོབ་བོད་དོན་ཕེབས་ཡོང་གི་ད། དོ་སྣང་གནང་ཤོག་ད། མཆན་འགྲེལ་དགོས་ཡ། མཆན་འགྲེལ་དགོས་ཡ། ཡོ་རོབ་བོད་དོན་ལ་ཞེས་་་་་་སྐུལ་ལོ།།།།

    Reply
  2. ཁྲོ་ཕྲུག། says:
    ལོ་ 14 སྔོན།

    ཡུ་རོབ་བོད་མའི་འདུ་མཛོམས་ལ་དགའ་སུ་ཡོད། གང་མང་མང་ཞིག་མཛོམས་པའི་རེ་བ་ཆེ། ང་ཚོའི་བོད་ནང་ཧ་ཅང་ཛ་དྲག་ཞིག་རེད་འདུག་པའི་ཡུ་རོབ་བོད་མི་རྣམས་ཀྱི་གལ་ཆེ་ཞིག་ཏུ་རྩིས་ཏེ་ལས་དོན་ཡག་པོ་ཞིག་སྒྲུབ་ཐུབ་པའི་རེ་བ་ཞུ།

    Reply
  3. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    ཡོ་རོབ་མཉམ་འབྲེལ་གྱི་ཁོངས་སུ་རྒྱལ་ཁབ་ཉེར་དྲུག་ཡོད་པའི་ནང་ད་ལྟའི་ཆར་ཡོ་རོབ་གླིང་དུ་བོད་རིགས་ཚོགས་པ་ཉེར་བཞི་ལྷག་འདུག འོན་ཀྱང་ད་བར་བོད་རིགས་ཚོགས་པ་ཕན་ཚུན་བར་དམིགས་གསལ་གྱི་འབྲེལ་ལམ་དང་མཉམ་འབྲེལ་གྱི་བྱེད་སྒོ་ཅི་ཡང་སྤེལ་ཐུབ་མི་འདུག སྤྱི་འཐུས་ཚོགས་གཙོ་མཆོག་གིས་ལོ་སྔོན་མའི་ནང་གཞུང་འབྲེལ་གཏམ་བཤད་ཅིག་ཏུ་མི་འགྱངས་བར་འཛམ་གླིང་ཤར་ནུབ་གང་སར་ཁྱབ་ཡོད་པའི་བོད་མིའི་སྐྱིད་སྡུག་ཚོགས་པ་ཁག་ཕན་ཚུན་བར་དང་གཞུང་གི་བར་འབྲེལ་བ་དམ་ཟབ་དུ་གཏོང་རྒྱུའི་ལས་འཆར་ཡོད་སྐོར་གསུངས་སོང་མོད། གལ་སྲིད་གཞུང་གིས་སྲིད་ཅུས་དེ་འདྲ་ཞིག་བཏངས་ཚར་ཡོད་ན་དོན་གཅོད་ཁག་འདེད་ཤར་གཏོང་དགོས་ཀྱི་འདུག་མ་གཏོགས། ཡོ་རོབ་གླིང་ལ་འདི་འདྲའི་སྐོར་བ་འཐུས་ཤོར་གྱི་ཆ་ཆེན་པོ་འདུག

    Reply
  4. ཤིང་ལོ། says:
    ལོ་ 14 སྔོན།

    ཆིག་སྒྲིལ་་་་་་་་་ཆིག་སྒྲིལ་་་་་་རྒྱལ་ཁབ་ཀྱི་རྨང་གཞི། ལས་འགུལ་གྱི་སྲོག་རྩ། ཆིག་སྒྲིལ་་་་ཆིག་སྒྲིལ་་་ཁྱོད་ཡོད་ན་འགྱེལ་ས་ནས་ལངས་། ཕམ་ས་ནས་རྒྱལ་ཐུབ། ཆིག་སྒྲིལ་་་ཨ་་་ཆིག་སྒྲིལ། ཁྱོད་ཡོད་པས་ང་རང་མུ་འཐུད་ནས་ཚོ་ན་འདོད།

    Reply
  5. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    འདུ་འཛོམ་ཆེན་མོ་འདིའི་སྐབས་དང་བསྟུན་ནས. བོད་བརྒྱུད་ཆོས་ལུགས་པ་གཙོས་ཆོས་ལུགས་པ་ཡོངས་དང་། སྒྱུ་རྩལ་བ་དེས་གཙོས་སྒྱུ་རྩལ་བ་ཡོངས་ལྟ་བུ་སྟེ། ལས་རིགས་ཀྱི་ཁོངས་སོ་སོས་མ་འོང་བ་ན། བོད་དོན་དེ་རྒྱལ་ཁབ་སོ་སོའི་གཞུང་འབྲེལ་ལས་དོན་དུ་ཆགས་ཆེད། སྲིད་འཛིན་དང་ས་གནས་གྲོས་ཚོགས་འོས་ཤོག་གང་འཕེན་ལ་ཁ་ཕྱོགས་ངེས་གཏན་ཅན་ཞིག་ཡོང་བར། འདུ་འཛོམ་པ་སོ་སོར་འབོད་སྐུལ་ནན་ཏན་ཞུ་རྒྱུ་གལ་ཆེའོ་བསྙམས་སོ།།

    Reply
  6. Tibet yeti says:
    ལོ་ 14 སྔོན།

    གསར་འགོད་པ་ལགས། ཐུགས་རྗེ་ཆེ། འདི་ལ་དུས་ཐོག་གསར་བསྒྱུར་ཟེར། དེ་མིན་བདེ་སྐྱིད་བཀྲས་མཐོང་ལགས་སུ་བཀའ་དྲིན་ཆེ་ཞེས་ཞུ། ད་ངོས་རྣམས་དངུལ་གཅིག་པུར་མགོ་འཁོར་ན་འགྲིག་ལེ་མི་འདུག་ཨེ་རེད་ལས་དོན་མང་ཙམ་སྤེལ་ཨང་ཉིན་ཞིག་ངས་མེ་མཆོད་་་་་་་་་་་་་་་་་་་་་་་་་་་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese