མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུའི་ལས་གཞི་མགོ་འཛུགས།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་ནང་། བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུའི་ལས་གཞི་མགོ་འཛུགས་དང་དྲ་རྒྱ་དབུ་འབྱེད་ཀྱི་གསར་འགོད་ལྷན་ཚོགས་ཤིག་བསྡུས་ཏེ། ཁྱད་ལས་པའི་དང་བླངས་ཞབས་ཞུའི་ས་མིག་ ༢༢ གསལ་བསྒྲགས་དང་ཚང་མས་མཉམ་རུབ་གནང་དགོས་པའི་འབོད་སྐུལ་གནང་སོང་།

ཁ་སང་ཉིན་རྒྱབ་ཚུ་ཚོད་ ༢ དང་ཕྱེད་ཀའི་སྟེང་། དབུས་བོད་མི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་ནང་། བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུའི་ལས་གཞི་མགོ་འཛུགས་དང་དྲ་རྒྱ་དབུ་འབྱེད་ཀྱི་གསར་འགོད་ལྷན་ཚོགས་ཤིག་ཚོགས་སོང་། ཐེངས་འདིའི་ལྷན་ཚོགས་སྟེང་སྐུ་མགྲོན་གཙོ་བོར་ལས་བྱེད་འདེམས་སྐོ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་དང་། དེ་བཞིན་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་གཙོས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམས་མཉམ་ཞུགས་གནང་འདུག

བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུའི་ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་རིགས་ཁྱད་ལས་པ་དང་ཤེས་ཡོན་པ་རྣམས་ཀྱིས་དང་བླངས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གཙོས་འབྲེལ་ཡོད་སྡེ་ཁག་སོ་སོའི་ནང་ཞབས་ཞུ་སྒྲུབ་ཐབས་སུ། དྲ་རྒྱ་བརྒྱུད་དེ་ལྷན་ཁང་ཁག་དང་སྡེ་ཚན་སོ་སོའི་ནང་མཁོ་གལ་ཡོད་པའི་དང་བླངས་ཁྱད་ལས་པའི་ས་མིག་གསལ་བསྒྲགས་དང་། དེ་བཞིན། དང་བླངས་ཞབས་ཞུ་སྒྲུབ་འདུན་ཡོད་མཁན་རྣམས་ཀྱིས་དྲ་རྒྱའི་སྟེང་ཐོ་འགོད་བརྒྱུད།  ཁྱད་ལས་བ་རྣམས་འཚོལ་བསྡུ་བྱས་ཏེ་དང་བླངས་ས་མིག་གོ་སྒྲིག་གནང་རྒྱུ་དང་། ཕྱི་ནང་གང་སར་གནས་པའི་བོད་མི་ཁྱད་ལས་པ་དང་ཤེས་འཇོན་ཅན་དག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་སྡེ་ཚན་སོ་སོའི་ནང་དང་བླངས་ཞབས་ཞུ་གནང་སྟེ་མཉམ་རུབ་ཀྱི་ནུས་པ་འདོན་ཐུབ་རྒྱུར་དམིགས་པ་ཞིག་ཡིན་པ་རེད། 

ལས་འཆར་འདིའི་མགོ་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་ལས་གཞི་ངོ་སྤྲོད་སྐབས་བརྗོད་པ་ལྟར་ན། བོད་མི་ཁྱད་ལས་པ་དང་ཤེས་ཡོན་པའི་དང་བླངས་ཞབས་ཞུའི་ལས་གཞི་འདིར། ཁྱབ་ཁོངས་ཀྱི་ཆ་ནས་མཐོ་སློབ་སློབ་ཕྲུག་དང་ཁྱད་ལས་པ། ཁྱད་ལས་སློབ་སྟོན་པ་བཅས་ཁག་གསུམ་དུ་བགར་ཡོད་པ་དང་། དང་པོ། མཐོ་སློབ་སློབ་ཕྲུག་རྣམས་ལ་ཉམས་མྱོང་དང་ཤེས་ཚད་ཆེན་པོ་མེད་ཀྱང་སེམས་ཤུགས་ཡོད་སྟབས། ཁོ་ཚོ་སྔ་ས་ནས་ལས་གཞི་འདིའི་ནང་ཚུར་བསྡུ་ཐུབ་པ་གནང་སྟེ། གཞུང་གི་ལྷན་ཁང་ཁག་ནང་ཉམས་མྱོང་བསག་འཇུག་རྒྱུ་དང་། རྗེས་ཕྱོགས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ནང་མཉམ་ཞུགས་གནང་ཐུབ་པ་བྱ་རྒྱུ། གཉིས་པ། ཕྱི་ནང་གང་སར་ཡོད་པའི་བོད་མི་ཁྱད་ལས་པ་རྣམས་དབུས་བོད་མིའི་སྒྲིག་འཛུགས་ནང་ཕེབས་ཏེ་དང་བླངས་ཐོག་ཞབས་ཞུ་སྒྲུབ་ཐུབ་བྱ་རྒྱུ། གསུམ་པ། ཉམས་མྱོང་དང་ཁྱད་ལས་ཤེས་ཚད་མཐོན་པོ་ཡོད་མཁན་རྣམས་ལ་ཕར་འབྲེལ་བ་ཞུས་ཏེ།  ཁོང་ཚོ་ལས་གཞི་འདིའི་ནང་ཕེབས་རྒྱུ་འབོད་སྐུལ་ཞུ་རྒྱུ་དང་། ཁོང་ཚོས་ཚུར་སློབ་སྟོན་དང་ཕར་བཀའ་འདྲི་ཞུ་སའི་གནས་བབ་ཅིག་སྐྲུན་རྒྱུ་བཅས་ཡིན་འདུག 

ད་ལྟའི་ཆར་དྲ་ལམ་འདི་བརྒྱུད་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ནང་མཁོ་གལ་ཅན་གྱི་དང་བླངས་ས་མིག་ ༢༢ གསལ་བསྒྲགས་བྱས་ཡོད་པ་དང་། དེ་དག་ནི་ཤེས་རིག་ལས་ཁུངས་ནང་ས་མིག་ ༣ དང་། ནང་སྲིད་ལས་ཁུངས་ནང་ས་མིག་ ༣ ། དཔལ་འབྱོར་ལས་ཁུངས་ནང་ས་མིག་ ༡ ། ཆོས་རིག་ལས་ཁུངས་ནང་ས་མིག་ ༡ ། ཕྱི་དྲིལ་ལས་ཁུངས་ནང་ས་མིག་  ༥ ། འཕྲོད་བསྟེན་ལས་ཁུངས་ནང་ས་མིག་ ༤ ། སྤྱི་འཐུས་ལྷན་ཁང་ནང་ས་མིག་ ༡ ། རྩིས་ཞིབ་ལས་ཁུངས་ནང་ས་མིག་ ༡ བཅས་ཡིན་པ་དང་། ཁྱད་ལས་པའི་ལས་རིགས་ཀྱི་ཐད་ནས་ཀྱང་ལས་གཞི་འཆར་འགོད་པ་དང་། བཟོ་འགོད་པ། སློབ་སྟོན་པ། སློབ་གསོ་ཆེད་མཁས་པ།  བརྙན་རིས་དང་པར་གཞི་ཇུས་འགོད་པ། བརྒྱུད་ལམ་ལས་རིག་པ། ཞིང་ལས་ཆེད་མཁས་པ་སོགས་ཁྱད་ལས་རྣམ་གྲངས་ ༡༡ ཙམ་གྱི་ཐོག་ས་མིག་གོ་སྒྲིག་བྱས་ཡོད་འདུག  

ལས་གཞི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། ཐོག་མར་ལས་གཞི་འདི་བྱུང་སྟངས་ནི་རྩ་བའི་བོད་མིའི་སྒྲིག་འཛུགས་དང་བོད་པའི་སྤྱི་ཚོགས་ནང་ཁྱད་ལས་པ་མང་པོ་ཞིག་ཡོད་ཀྱང་། དེ་དག་སོ་སོའི་ཁྱད་ལས་ས་མིག་ཐོག་ཏག་ཏག་ཅིག་གོ་སྒྲིག་གནང་མ་ཐུབ་པ་དང་། དེ་བཞིན། རྒྱལ་ཁབ་འདྲ་མིན་ནང་ཁ་ཐོར་དུ་བསྡད་ཡོད་སྟབས་བོད་པའི་ཁྱད་ལས་པ་མང་པོ་ཞིག་ལ་ཞབས་ཞུ་སྒྲུབ་འདུན་ཡོད་ཀྱང་། ཞབས་ཞུ་གནང་ས་ཏག་ཏག་ཅིག་མ་རག་པ་སོགས་ཀྱི་གནས་སྟངས་ལ་གཞིགས་ཏེ།  ཁྱད་ལས་པ་ཚང་མ་མཉམ་དུ་རུབ་རུབ་ཀྱིས་དང་བླངས་ཞབས་ཞུའི་གོ་སྐབས་ཕུལ་ཐུབ་རྒྱུ་དེ་བཀའ་ཤག་གི་དགོངས་གཞི་ཡིན་པ་ངོ་སྤྲོད་དང་སྦྲགས། ཁོང་གིས་ “ཐོག་མར་ལས་གཞི་འདི་མགོ་འཛུགས་དུས་ཀྱི་ལོ་གཅིག་གཉིས་རིང་ལ། འབྲེལ་ཡོད་ལས་ཁུངས་ཁག་ཁ་ཤས་ཤིག་གི་ཐོག་ལས་གཞི་སྒྲིག་ཡོད་པ་རེད། ལས་གཞི་དེ་དག་ཡག་པོ་ཆགས་པ་ཡིན་ན། རྗེས་སུ་སྤྱི་ཚོགས་ཁྱོན་ཡོངས་ལ་རྒྱ་ཆེ་རུ་བཏང་གཏོང་རྒྱུའི་དགོངས་གཞི་ཡོད་པར་བརྟེན།  འབྲེལ་ཡོད་ལྷན་ཁང་དང་སྡེ་ཚན་ག་འདྲ་ཞིག་ཡིན་ཡང་། དེའི་ཐོག་མཉམ་རུབ་མཐུན་འགྱུར་གནང་རོགས་ཞུ་རྒྱུ་ཡིན།” ཞེས་གསུངས་སོང་།  

སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་སྐོ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་ཀྱང་། “དེ་རིང་དྲུང་ཆེ་རྣམ་པ་ཚོ་ཡང་འདིར་ཕེབས་ཡོད་པ་རེད། མི་གཅིག་ལ་སེམས་ཤུགས་དང་འཇོན་ཐང་ག་ཚོད་ཡོད་ཀྱང་། ཚང་མས་མཐུན་འགྱུར་མ་གནང་ན་འགྲུབ་རྒྱུ་དཀའ་ལས་ཁག་པོ་རེད།” ཅེས་ཕྱོགས་ཡོངས་ནས་མཉམ་རུབ་གནང་དགོས་པའི་འབོད་སྐུལ་གནང་པར་མ་ཟད། འགན་བཞེས་མཁན་གྱི་ངོས་ནས་ཀྱང་དགོངས་པ་བཞེས་དགོས་པ་ཞིག་ནི། ལས་ཀ་འདི་རིགས་ག་ཚོད་ཅིག་ང་ཚོའི་སྤྱི་ཚོགས་དང་མཐུན་པར་ལག་ལེན་བསྟར་ཐུབ་ཀྱི་ཡོད་མེད་དང་། ལག་ལེན་བསྟར་མ་ཐུབ་པའི་རིགས་ངེས་པར་དུ་བསྟར་དགོས་ཀྱི་ཡོད་ཚེ།  དེའི་ཐོག་ལ་སོ་སོའི་ངོས་ནས་ག་རེ་གནང་དགོས་མིན། ཕར་ཕྱོགས་ལས་ཀ་བྱ་ཡུལ་གྱི་ངོས་ནས་ཚུར་མཐུན་འགྱུར་ག་རེ་གནང་དགོས་ཀྱི་ཡོད་མེད་སོགས་ཀྱི་ཐད། ཕན་ཚུན་མཛའ་གྲོགས་དང་མཉམ་འབྲེལ་གཞི་ལ་བཞག་སྟེ་འབད་བརྩོན་གནང་དགོས་པའི་སྐོར་གསུངས་སོང་།

བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུའི་དྲ་ཐག་ནི་ www.tibetcorps.org ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གང་སར་ཡོད་པའི་ཁྱད་ལས་པ་དང་ཤེས་ལྡན་པ་དག་གིས་རང་དབང་ཐོག   དྲ་རྒྱ་བརྒྱུད་དང་བླངས་ཞབས་ཞུ་བའི་ཁྲོད་ཐོ་འགོད་གནང་ཆོག་གི་ཡོད་པ་དང་། ད་ལྟའི་ཆར་ཐོ་འགོད་གནང་ཟིན་པའི་དང་ཞབས་མི་སྣ་ ༣༠ ལྷག་བྱུང་ཡོད་འདུག དང་བླངས་ཞབས་ཞུའི་ས་མིག་ཐོག་གོ་སྒྲིག་བྱུང་སྐབས་དང་ཞབས་པ་རྣམས་ཀྱིས་མ་མཐའ་ཡང་དུས་ཡུན་ཟླ་གསུམ་རིང་ཞབས་ཞུ་སྒྲུབ་དགོས་ཀྱི་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༦ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༧ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 10

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    དོན་ཕན་ལྡན་པའི་བགྱི་བ་འདི་ལ་ཡི་རང་བསྔགས་བརྗོད་ཞུ། འབྲས་བུ་སྨིན་པར་ཤོག

    Reply
  2. མཉམ་ཞུགས says:
    ལོ་ 14 སྔོན།

    བོད་ཀྱི་དུས་བབ་དྲྭ་བདག་ལ་རེ་བ་ཞིག་ཞུ་རྒྱུ་ཡོད།འདིར་མཆན་བྲིས་ཚར་དུས་སོ་སོས་བྲིས་པའི་མཆན་ལའང་སོ་སོས་བཟོ་རྒྱག་ཐུབ་ཀྱི་མི་འདུག་པས་གལ་ཏེ་དུས་ཚོད་ཡོད་དེའི་སྐོར་སློབ་སྟོན་ཞིག་གནང་རོགས།གཞན་གྱིས་བྲིས་པའི་མཆན་ལ་ལག་པ་འཆང་མི་ཆོག་པ་ནི་རྒྱུ་མཚན་དང་ལྡན་པ་ཞིག་ཡིན་ནའང་རང་གིས་བྲིས་པའི་མཆན་ལ་བཟོ་བཅོས་རྒྱག་པའི་དབང་ཆ་དང་ཐོབ་ཐང་ནི་ངེས་པར་དགོས་པར་སེམས་སོ།།
    རང་གིས་བྲིས་པའི་མཆན་ལ་བཟོ་བཅོས་ཇི་ལྟར་རྒྱག་དགོས་མིན་གྱི་ལན་ཞིག་གང་མགྱོགས་ཡོད་པར་མཁྱེན།དྲ་གྲོགས་རྣམས་ལའང་གོང་མཚུངས་ཀྱི་རེ་སྐུལ་ཞུ་གི་ཡོད།

    Reply
  3. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    བསྟན་འཛིན་ཆོས་རྒྱལ་ལགས། ཤེས་རིག་ལས་ཁུང་ལ་ས་མིག་༣ཟེར་བ་མ་གཟིགས་སམ། སྐལ་རྡོར་ལགས་ནི་བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུའི་ལས་གཞིའི་འགོ་འཛིན་དང་དེ་བཞིན་བཀའ་ཁྲིའི་སློབ་སྟོན་པ་ཡིན་པ་གོ་ཐོས་བྱུང་ཡང་ཆབ་སྲིད་དམ་ཡང་ན་གང་གིའི་སློབ་སྟོན་པ་ཡིན་པ་ཆ་མ་འཚལ། དབྱིན་ཡིག་གི་གནས་ཚད་ཕུལ་དུ་ཕྱིན་ཞིང་ལས་དོན་གང་བརྩམས་ཀྱང་མཐར་སྐྱེལ་རྒྱུའི་ངང་ཚུལ་ཡོད་པའི་མི་ཞིག་ཡིན་པ་གོ་ཐོས་བྱུང་།

    Reply
  4. རྒྱ་མཚོ། says:
    ལོ་ 14 སྔོན།

    དུས་བབ་ཚང་ལ་གསར་འགོད་པ་མང་པོ་ཡོད་པ་ཞིག་མཐོང་མ་སོང་། གསར་འགྱུར་གལ་ཆེན་ཡིན་ན་དུས་ཐོག་ལ་སྤེལ་གྱི་འདུག ཡིག་ནོར་གྱི་ཐད་ནས་ཀྱང་ལོ་གཅིག་སྔོན་དང་བསྡུར་ན་ཡིག་ནོར་ཇེ་ཉུང་ལ་སོང་འདུག ཡིག་ནོར་ནི་དུས་བབ་ལ་མ་གཏོགས་མེད་པ་མ་རེད། རྩོམ་འབྲི་བ་ཚང་མ་ཡིག་ནོར་འབྲི་མཁན་རེད། གཞུང་སྒེར་ཚོགས་པ་ཚང་མ་ཡིག་ནོར་སྤེལ་མཁན་རེད། འདི་བོད་བཙན་བྱོལ་གཞུང་མང་གི་བོད་ཡིག་གནས་ཚད་རེད་མ་གཏོགས། དུས་བབ་ཚང་གི་སྒེར་གྱི་ན་ཚ་འདྲ་པོ་གང་ཡང་མ་རེད། ཡིག་ནོར་རྩ་མེད་ཀྱི་འབོད་སྐུལ་ཞུ་ན། བོད་སྤྱི་ཚོགས་ལ་ཞུས། མཁས་པ་དང་ཤེས་ཡོན་པ་ཚོར་ཞུས། རྩོམ་པ་པོ་ཚོར་ཞུས། ཚང་མར་ཚོར་བ་སླེབས་སླེབས་བར་ཞུ་རྒྱུ་བྱེད།

    Reply
  5. རིག་འཛིན། says:
    ལོ་ 14 སྔོན།

    དེང་སྐབས་དུས་བབ་ཚང་གི་གསར་འགྱུར་མཚམས་ཆད་གྲབས་བྱེད་ཀྱི་ཡོད་པ་དེ་ག་རེ་ཡིན་ནམ། བོད་ནང་ཧ་ཅང་ཛ་དྲག་ཆགས་ཡོང་སྐབས། གསར་འགོད་པ་ཚོས་ཀྱང་ཧ་རོ་པ་རོ་བྱེད་དགོས་པ་རེད། མི་ཚང་མས་གསར་འགྱུར་བརྒྱུད་ལམ་ཁག་ལ་དོ་སྣང་གནང་བསྡད་ཡོད་པ་རེད། དུས་བབ་ཚང་ལ་གསར་འགོད་པ་མང་པོ་ཡོད་ནའང་ཆུ་ཚོད་ཉེར་བཞིའི་ནང་ལ་གསར་འགྱུར་གཅིག་རེ་གཏོང་ཐུབ་ལ་མ་ཐུབ་ལ་བྱེད་ཀྱི་འདུག གསར་འགྱུར་ནང་ཡིག་ནོར་མང་པོ་སྤེལ་ཡོང་གི་འདུག

    Reply
  6. ལྷ་མཁར says:
    ལོ་ 14 སྔོན།

    ཤེས་ལྷན་དུ་དྭང་ལངས་ཡོད་ཚེ།ཤེས་འཇོན་ཅན་གྱི་དགེ་ལས་མང་པོ་ཞིག་གི་ཡང་ལྗིད་མཐོང་ཡོང་ཚེ་ཤེས་ལྷན་ནས་འབྲེལ་བཤད་རྫོགས་མཐའ་མེད་མེད་པས་ལྷག་བསམ་ཅན་རྣམས་ལ་ས་མིག་འཇོག་ག་ལ་ཆོག

    Reply
  7. རྡོ་ལུང་མདོ་བ། says:
    ལོ་ 14 སྔོན།

    ལས་གཞི་འདི་ངོ་མ་ཡག་པོ་འདུག སྐལ་རྡོར་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐལ་རྡོར་ལགས་ད་ལྟ་གནས་རིམ་གང་གི་སྟེང་ཡོད་པ་ཡིན་ནམ།

    Reply
  8. ཉི་མ། says:
    ལོ་ 14 སྔོན།

    རྒྱལ་ཁབ་ཕྱི་ནང་གང་སར་ཡོད་པའི་ཁྱད་ལས་པ་དང་ཤེས་ལྡན་པ་དག་གིས་རང་དབང་ཐོག དང་བླངས་ཞབས་ཞུ་བྱེད་པ་ལ་རྗེས་སུ་ཡི་རང་ཡོད།

    Reply
  9. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    འཕྲོད་སྟན་ལས་ཁུངས་ནང་ས་མིག་༣ཞེས་དང་བོར་བྲིས་འདུག་ཀྱང་། བར་དེར་ཡང་འཕྲོད་སྟན་ལས་ཁུངས་སུ་ས་མིག་༤ཞེས་པ་ཞིག་བྲིས་འདུག མ་ཟད་ཤེས་ལྷན་ལ་མི་འདུག་པས་ཡང་སྙིང་གང་ཡིན་ནམ།

    Reply
  10. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    ཡག་པོ་རེད། ངོ་མ་དགོས་རྒྱུ་རྐྱང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese