མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་ཆེན་ཐེངས་དྲུག་པ་ངྷ་སར་ཚོགས།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་དུས་ཡུན་ཉིན་གཉིས་རིང་གི་ལོ་འཁོར་ཚོགས་ཆེན་དེ་གཟའ་ལྷག་པ་ཉིན་ངྷ་སར་མགོ་འཛུགས་བྱས་ཡོད་ཅིང་། ཚོགས་འདུའི་མཛད་སྒོའི་སྟེང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཚོགས་འདུ་གསུང་བཤད་གནང་སོང་།

དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་། ངྷ་ས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༦ པ་མགོ་འཛུགས་གནང་ཡོད་པ་དང་། ཉིན་དང་པོའི་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་སྟེང་། སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་འཐུས་མི། བོད་ཀྱི་ཚོང་པའི་བདེ་ཚོགས་ཀྱི་རྒྱུན་ལས་དང་ཚོགས་མི་བཅས་ཕེབས་འདུག་ལ། མཛད་སྒོའི་ཐོག་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་སྙན་ཐོ་སྒྲོག་སྦྱང་དང་། སོ་སོའི་ལས་ཁུར་རིང་དམིགས་བསལ་གཟེངས་སུ་ཐོན་པའི་ལས་དོན་སྒྲུབ་མཁན་རྒྱུན་ལས་ཁག་ཅིག་དང་།  བོད་མིའི་ཚོང་ལས་བདེ་ཚོགས་ལ་རྒྱབ་སྐྱོར་རོགས་འདེགས་བྱེད་མཁན་ཁག་ཅིག་ལ་གཟེངས་བསྟོད་བྱ་དགའ་སྤྲད་སོང་།

མཛད་སྒོ་དབུ་འཛུགས་དང་ཕེབས་བསུའི་གཏམ་བཤད་གནང་གྲུབ་རྗེས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་ནོར་བུ་ལགས་ཀྱིས། བོད་མིའི་ཚོང་ལས་བདེ་ཚོགས་འདི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ཁྲིད་འོག བོད་ཀྱི་ཚོང་པ་རྣམས་མཉམ་འབྲེལ་ཐོག་བོད་མིའི་སྤྱི་ཚོགས་ཀྱི་ཚོང་ལས་ཁོར་ཡུག་རྒྱ་སྐྱེད་དང་། བོད་མིའི་ཚོང་ལས་འཛམ་གླིང་གི་ཚོང་རའི་གར་སྟེགས་སུ་བསླེབ་ཐབས་བཅས་ཀྱི་དམིགས་ཡུལ་སྟེང་། ༢༠༠༤ ལོར་ཐོག་མར་མགོ་འཛུགས་བྱས་པ་ཞིག་ཡིན་པ་དང་། ད་ལྟའི་རྒྱུན་ལས་རྣམས་ཀྱིས་རྒྱ་གར་དང་བལ་ཡུལ་ནང་གི་གཞིས་ཆགས་ཁག་གི་མང་ཚོགས་དང་། དམིགས་བསལ་ན་གཞོན་ཚོར་ཚོང་ལས་སྐོར་གྱི་ཟབ་སྦྱོང་སོགས་སྤྲད་དེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཚོང་ལས་མཐོར་འདེགས་ཡོང་པའི་གོ་རྟོགས་སྤེལ་ཡོད་ལ། མ་འོངས་པར་ཡང་མུ་མཐུད་ཕྱོགས་གང་ཐད་ནས་ཚང་མས་ནུས་པ་གཅིག་ཏུ་སྒྲིལ་ཏེ་འབད་བརྩོན་བྱ་རྒྱུ་ཡིན་པ་སོགས་ཚོགས་པ་དེའི་བྱུང་རིམ་དང་ལས་དོན་སྒྲུབ་ཕྱོགས། དམིགས་ཡུལ་སོགས་ངོ་སྤྲོད་དང་འབྲེལ།  ཁོང་གིས་ “བོད་མིའི་ཚོང་ལས་ཡར་རྒྱས་ཆེད། ཚོང་རྒྱག་འདོད་མཁན་ཚོར་ང་ཚོས་དངུལ་གང་ཙམ་རེ་སྤྲད་ནས་རོགས་འདེགས་བྱ་རྒྱུ་དེ་མ་རེད། གཙོ་བོ་ཚོང་ལས་ཀྱི་ཁ་ཕྱོགས་རྒྱ་སྐྱེད་གཏོང་ཐབས་དང་། ན་གཞོན་ཚོར་ཚོང་ལས་དང་འབྲེལ་བའི་ལས་ཀ་བསྐྲུན་ཐབས་བྱ་དགོས་པ་རེད་”ཅེས་བརྗོད་སོང་།

མཛད་སྒོའི་ཐོག་བཀའ་ཁྲི་མཆོག་གིས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱིས་ཚོགས་པ་རྒྱ་སྐྱེད་དང་། ལས་དོན་ཐད་མཉམ་རུབ་ཐོག་ཤུགས་གནོན་བརྒྱབ་པར་བསྔགས་བརྗོད་དང་། མ་འོངས་པར་བཀའ་ཤག་གི་ལྟ་གྲུབ་གསུམ་གཞིར་བཞག་ཐོག་ཕྱོགས་ཀུན་ནས་འབད་བརྩོན་བྱ་དགོས་པ། ལྷག་པར་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་རྒྱུན་ལས་དང་ཚོགས་མི་རྣམས་ཚོང་པ་ཁོ་ན་ཡིན་སྟབས། མ་འོངས་པར་ཚང་མས་བོད་རིགས་མཐོ་སློབ་ཐོན་མཁན་དང་གཞོན་སྐྱེས་ཚོར་ལས་ཀའི་ཁོར་ཡུག་བསྐྲུན་ཐབས་དང་ལས་ཀ་སྤྲོད་རྒྱུར་ནུས་པ་འདོན་རྒྱུ། དེ་བཞིན་བོད་མིའི་ཚོང་ལས་བདེ་ཚོགས་ཀྱིས་གཏན་འབེབས་འབོད་ཚིག་མི་ཆོས་རིང་ལུགས་དང་མཐུན་པའི་སྤྱི་ཚོགས་ལ་འགན་ཁུར་བའི་ཚོང་ལས་(Business with Ethics & Community Social Responsibility) ཞེས་པ་དེ་ཚིག་རྐྱང་པ་ཙམ་མིན་པར། སོ་སོའི་ཚོང་ལས་ཁྲོད་དངོས་སུ་ལག་བསྟར་བྱ་ཐུབ་པ་ཞིག་དགོས་ཚུལ་བཅས་གསུངས་སོང་།

གཞན་ཡང་། བཀའ་ཁྲི་མཆོག་གིས་རྒྱ་གར་དབུས་གཞུང་གིས་བཙན་བྱོལ་བོད་མིར་གུ་ཡང་སྲིད་ཇུས་གསར་པ་ཁག་ཅིག་ཐོན་པའི་སྐོར་ནས་གསུང་རྒྱུར། ༢༠༡༡ ཟླ་ ༡༢ ཚེས་ ༣༠ ཉིན་རྒྱ་གར་དབུས་གཞུང་གིས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོས་རྒྱ་གར་སྤྱི་ཚོགས་ནང་ལས་ཀ་བྱ་ཆོག་པ་དང་། སོ་སོ་སྡོད་སའི་ས་ཆ་ཉོ་ཆོག་པའི་ཐག་གཅོད་བྱུང་ཡོད་པ་དང་། དེ་བཞིན་ད་སྔ་ལོ་ལྟར་ཐོ་འགོད་བྱེད་ཀྱིན་པའི་བཙན་བྱོལ་བོད་མིའི་སྐྱབས་བཅོལ་ལག་དེབ་(RC) རྗེས་ཕྱོགས་ལོ་ ༥ རེའི་མཚམས་སུ་ཐོ་འགོད་ཐེངས་རེ་བྱ་ཆོག་པ་བཟོས་ཡོད། སྐྱབས་བཅོལ་ལག་དེབ་སྟེང་གི་མི་དེ་རྒྱ་གར་ནང་སྐྱེས་མཁན་ཞིག་ཡིན་ཚེ་གོང་གི་ཐག་གཅོད་དེ་མི་འགྱངས་པར་ལག་བསྟར་བྱ་རྒྱུ་ཡིན་པ་དང་། བོད་ནས་སྐྱེས་ཏེ་རྒྱ་གར་ལ་ཡོང་ཡོད་པའི་མིང་ཐོག་ནས་སྐྱབས་བཅོལ་ལག་དེབ་བཟོས་ཡོད་རིགས། ཐག་གཅོད་དེ་ལག་བསྟར་ཡོང་རྒྱུར་རྒྱ་གར་དུ་བསླེབས་ནས་ལོ་ ༢༠ ཕྱིན་ཡོད་པ་ཞིག་ཡིན་དགོས་འདུག

བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་ཆེན་ཉིན་གཉིས་པ་དེ་ཕྱི་ཚེས་ ༡༩ ཉིན་མེག་གྷན་བོད་ཀྱི་མགྲོན་ཁང་ (Hotel Tibet) དུ་འཚོགས་རྒྱུ་ཡིན་པ་དང་། སྐབས་དེར་དཔལ་འབྱོར་བཀའ་བློན་མཆོག་ཚོགས་ཞུགས་ཐོག བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་རྒྱུན་ལས་རྣམས་ཀྱིས། བོད་མིའི་འདུས་སྡོད་ས་གནས་ཁག་ནང་ནུས་པ་ཇི་ལྟར་འདོན་རྒྱུ་དང་། ཕྱི་རྒྱལ་གྱི་ཚོང་པ་རྣམས་དང་འབྲེལ་ལམ་བྱ་ཕྱོགས། རྒྱལ་སྤྱིའི་ཚོང་ལས་ལམ་ལུགས་ཐོག་གོམ་པ་སྤོ་སྟངས། བོད་སྤྱི་ཚོགས་ནང་ལས་ཀ་བསྐྲུན་ཐབས་སོགས་མ་འོངས་ལས་འཆར་སྐོར་གྱི་བརྗོད་གཞིའི་ཐད་བགྲོ་གླེང་གཏན་འབེབས་གནང་རྒྱུ་ཡིན་འདུག  

གསར་འགོད་པ། བནྡེ་སྐྱབས།

 

མཆན། 10

  1. འབྲོག་པ། says:
    ལོ་ 11 སྔོན།

    རྩོམ་སྒྲིག་པ་གུང་སེང་ལ་ཕྱིན་པ་མ་རེད། སྐྱེས་དམན་ལ་ཕྲུ་གུ་བཙས་ཏེ་སྨན་ཁང་ནང་བསྡད་འདུག རྩོམ་སྒྲིག་ལས་རོགས་ཚེ་རིང་རྒྱལ་གྱིས་འགན་འཁུར་གྱི་ཡོད་པ་རེད། ཡིན་ནའང་སྐྱོན་ཆ་རེ་གཉིས་མཐོང་མ་ཐག་སྐྱོན་བརྗོད་བྱས་ན་ཡག་པོ་མ་རེད། སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་མི་འཁོག་ཟེར་བ་ལྟར་རེད། ཐོག་མ་དགེ་འདུན་རབ་གསལ་ལ་སྐྱོན་བརྗོད་བྱས་པ་རེད། ཁོ་རང་གསར་འགྱུར་ལ་རྒྱུས་མངའ་མེད་སྐོར་བཤད་པ་རེད། དེའི་རྗེས་རྩོམ་སྒྲིག་ལ་ལྷག་བསམ་ལ་ཤེས་ཚད་མེད་པ་དང་མགོ་འཚོས་པོ་མེད་པའི་སྐྱོན་བརྗོད་བྱས་རེད། དེའི་རྗེས་ལུང་རིགས་ཡག་པོ་མེད་པ་དང་ཁོ་ལ་གཡོ་རྒྱུ་དང་དྲང་བོ་མིན་པའི་སྐྱོན་བརྗོད་བྱས་པ་རེད། ལུང་རིགས་སོང་རྗེས་རྩོམས་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལ་སྐྱོན་བརྗོད་བྱས་པ་རེད། ད་ལྟ་ཚེ་རིང་རྒྱལ་ལ་སྐྱོན་བརྗོད་བྱེད་ཀྱི་འདུག

    Reply
  2. dorjeethar says:
    ལོ་ 11 སྔོན།

    བོད་ནང་ཛ་དྲག་སྐབས་སུ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་གུང་སེང་ལ་ཕེབས་དོན་ཅི་རེད། གསར་འགོད་པ་དང་རྩོམ་སྒྲིག་པ། ཆབ་སྲིད་པ་དང་ལས་འགུལ་བ་ཚང་མས་ཧ་རོ་པ་རོ་བོ་བྱེད་དགོས་པ་རེད། གནས་འཕྲིན་ཁག་ཏུ་ནོར་ཐལ་ཤོར་ན་རྩ་དོན་ལ་དོ་ཕོག་འགྲོ་བཞིན་ཡོད་པ་རེད།

    Reply
  3. ཀརྨ་དགེ་ལེགས། says:
    ལོ་ 11 སྔོན།

    ཕུར་བུ་ཚེ་རིང་ལགས་ཀྱིས་ཞིབ་བཤེར་ཡག་པོ་གནང་འདུག བོད་པའི་དྲ་ཚིགས་དང་ཚགས་པར་སོགས་སུ་གསར་འགྱུར་འབྲི་སྐབས། བརྡ་དག་སྣང་མེད་ཀྱིས་དུས་གསུམ་ཁྱད་མེད་དུ་འབྲི་བ་དེ་ལ་དོ་ཐུགས་སྣང་འཇོག་དགོས་ཀྱི་འདུག ཡིན་ནའང་གསར་འགོད་པ་དང་རྩོམ་སྒྲིག་པ་ལ་སྐྱོན་བརྗོད་བྱེད་པ་མིན། མི་སུ་འདྲ་ཞིག་ཡིན་ཡང་ཡར་རྒྱས་འགྲོ་རྒྱུ་མང་པོ་ཞིག་བསྡད་ཡོད་པ་རེད། རིམ་གྱིས་ཡིད་ཆེས་ཡོད།

    Reply
  4. ཨ་ལ་ལ says:
    ལོ་ 11 སྔོན།

    R C ཟེར་བའི་ལག་དེབ་དེའི་དཀའ་ངལ་ནི་བལྟས་མ་ཐག་བོད་མི་ཡོངས་ཀྱི་དཀའ་ངལ་ཞིག་ཏུ་མཐོང་ཡོད་ནའང་། ཞིབ་ཏུ་བརྟག་ན་གསར་འབྱོར་བ་གཅིག་པོའི་དཀའ་ངལ་ཞིག་རེད། གང་ཞེ་ན། གལ་སྲིད་རྒྱ་གར་དུ་སྐྱེས་མཁན་ཞིག་ཡིན་ན་R C ཐོ་འགོད་ལྷག་ལུས་དང་དུས་འགྱངས་ཕྱིན་པ་ཡིན་ནའང་དེ་ལ་ཉེས་ཆད་ཅིག་ཡོད་པ་དེ་བསྒྲུབ་སོང་ན་དུས་ནམ་ཡིན་ཡང་ཐོ་འགོད་ཆོག་པ་རེད། གསར་འབྱོར་ཞིག་ཡིན་ཚེ་དེ་འདྲའི་གནད་དོན་དང་འཕྲད་ཚེ་གོང་ལས་ལྡོག་སྟེ་དྲི་རྩད་སྣ་ཚོགས་ཐོག་ད་དུང་ངོས་སྦྱོར་དང་རྒྱབ་གཉེར་སོགས་རྙོག་དྲ་ལུང་པ་གང་ཡོད་རེད། དེ་ལས་ལྷག་ཅིག་གང་ཡོད་རེད་ཟེར་ན། རང་སྡེ་གཞུང་ལ་རྒྱབ་གཉེར་ཞུ་བར་འགྲོ་དུས་རོགས་མགོན་ཕར་བཞག་ག་ཀོར་སྣ་ཚོགས་དང་འབྲེལ་མེད་དང་གཞི་མེད་མང་པོ་ཞིག་བཤད་ནས་དོན་དག་འགྲུབ་རྒྱུ་ཕར་བཞག་ད་དུང་སྔངས་སྐྲག་ལང་བའི་འཇིགས་སྣང་གི་སྐད་ཆ་དང་རྣམ་འགྱུར་མང་པོ་བསྟན་གྱི་རེད། འདིའི་དཀའ་ངལ་འདི་གསར་འབྱོར་བ་ཞིག་མིན་ཚེ་འགྲེལ་བཤད་བརྒྱབས་ནས་མགོ་འཚོད་ཀྱི་མ་རེད། དཔེར་ན། བུ་རམ་གྱི་བྲོ་བ་གང་ཡིན་དེ་ཁ་ལ་མ་མྱངས་པར་དུ་གཅིག་གཅིག་ལ་ཁ་ནས་འགྲེལ་བཤད་བརྒྱབས་ནས་ཤེས་རྟོགས་ཐུབ་པ་ཞིག་མ་རེད། གལ་སྲིད་དཀའ་ངལ་ཅིག་སངས་ཐབས་ལ་འབད་ཀྱིན་ཡིན་ན་R C ཡོད་ཚད་ཚང་མར་གཅིག་མཚུངས་ཀྱི་ཁེ་དབང་ཞིག་རེག་ཐུབ་ན་དགེ་མཚན་ཆེ། དེ་མིན་དཀའ་ངལ་དངོས་ནས་འཕྲད་ཀྱིན་པ་དག་གི་དཀའ་ངལ་བསལ་ཐུབ་མེད།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 11 སྔོན།

    དྲ་གྲོགས་ཕུར་བུ་ལགས་ཀྱིས་དག་བཅོས་ཡག་པོ་གནང་འདུག འོན་ཀྱང་་༼ཚོགས་ཆེན་དེ་གཟའ་ལྷག་པ་ཉིན་ངྷ་སར་མགོ་འཛུགས(གཟའ་ལྷག་པའི་ཉིན)དྲུག་སྒྲ་ཞིག་ངེས་པར་དུ་དགོས་ཀྱི་འདུག༽ ཅེས་པར་མོས་མཐུན་བྱེད་ཐབས་མེད། གང་ལགས་ཞེས་ན། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་སུ་དོན་ལ་དྲུག་སྒྲ་ཐོབ་ཀྱང་སྡེབ་སྦྱོར་དབང་གིས་དྲུག་སྒྲ་བསྡུས་བཞག་པ་མང་པོ་ཡོད།
    ལར་ནས་སྐུ་ཉིད་ཀྱི་མིང་ཕུར་བུ་ཚེ་རིང་ཡིན་གྱི་ཕུར་པུ་ཚེ་རིང་ཨེ་ཡིན། རང་མིང་མི་ཤེས་པར་གཞན་ལ་དག་བཅོས་གནང་ན་འོས་པོ་ཨེ་ཡོད། ཧ་ཧ་ཀུ་རེ་ཡིན།།

    Reply
  6. རེབ་བརྩོན། says:
    ལོ་ 11 སྔོན།

    རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ཟེར་བ་དེ་གུང་སེང་ཡིན་ན། རྩོམ་སྒྲིག་ལས་རོགས་ཚེ་རིང་རྒྱལ་ཟེར་བ་དེ་གཉིད་ལ་ཤོར་བ་རེད་དམ། དེ་འདྲའི་ཡིག་ནོར་མང་བ་ལ། ཡིར་ནོར་འདི་དག་གསར་འགོད་པའི་ཆུ་ཚད་ཀྱིས་མ་འདང་པ་གཅིག་པུ་མ་རེད། གསར་འགོད་པས་འགྲོ་ཐབས་འདུག་ཐབས་ཙམ་བྱས་པ་དང་རྩོམ་སྒྲིག་པས་དོ་ནན་མ་བྱས་པ་ཡང་མང་པོ་སླེབས་འདུག

    Reply
  7. བོད་པ། says:
    ལོ་ 11 སྔོན།

    ཉིན་ཤས་གོང་ནས་དུས་བབ་ཚང་ལ་ཡིག་ནོར་མང་པོ་འདུག མཆན་དྲ་ངོས་སུ་ཤར་རྒྱུར་དུས་ཚོད་མང་པོ་ལྷག་འགྲོ་གི་འདུག ལས་བྱེད་ཚོས་ལས་ཀ་འཐུས་ཤོར་ལ་གཏོང་གི་འདུག མཆན་འདེབས་མཁན་ཚོའི་ཞབས་མཆན་དུས་ཐོག་ལ་མ་སྤེལ་ན། མཆན་འདེབས་རྒྱུར་སྤྲོ་བ་མི་འདུག

    Reply
  8. ཕུར་པུ་ཚེ་རིང་། says:
    ལོ་ 11 སྔོན།

    གོང་གི་གསར་འགྱུར་འདི་ཧ་ཅང་གལ་ཆེན་པོ་ཅན་ཞིག་རེད། དེའི་ནང་དུ་གནས་ཚུལ་གསར་པ་འགའ་ཤད་ཅིག་འདུག ལྷག་པར་དུ་བོད་པ་སྐྱབས་བཅོལ་བའི་སྤྱི་ཚོགས་ནང་ཚོང་དོན་ཚོགས་པ་ཞིག་འཛུགས་ཐུབ་པ་དང་། དེ་ཡང་ལས་དོན་གང་ལ་གང་འཚམས་རེ་བྱེད་ཀྱི་ཡོད་པ་འདི་བསྔགས་པར་འོས་པ་ཞིག་རེད། ཡིན་ནའང་གསར་འགྱུར་འབྲི་སྟངས་ཚད་ལྡན་མ་རེད་ལ། ཡིག་ནོར་དང་དོན་དག་ནོར་བ། ཚིག་ཕྲད་དང་སྡེབ་སྦྱོར་ཉམས་པ་མང་དག་ཅིག་འདུག
    ༡ ཚོགས་ཆེན་དེ་གཟའ་ལྷག་པ་ཉིན་ངྷ་སར་མགོ་འཛུགས(གཟའ་ལྷག་པའི་ཉིན)དྲུག་སྒྲ་ཞིག་ངེས་པར་དུ་དགོས་ཀྱི་འདུག
    ༢ ཚོགས་འདུ་གསུང་བཤད་གནང་སོང་།(ཚོགས་འདུའི་གསུང་བཤད)འབྲེལ་སྒྲ་འདི་མེད་ན་གོ་རྒྱུ་མེད་དོ།།
    ༣ དཔལ་འབྱོར་བཀའ་བློན་ཚེ་རིང་དབང་ཕྱུག(ཚེ་རིང་དོན་གྲུབ་)
    ༤ སྒྲོག་སྦྱང་(སྒྲོགས་སྦྱང་)
    ༥ ལས་དོན་བསྒྲུབས་མཁན་རྒྱུན་ལས(ལས་དོན་སྒྲུབ་མཁན)བྱེད་པ་པོ་ལ་ཚིག་འདི་ལྟར་སྤྱོད་དགོས་པ་རེད།
    ༦ གཟེངས་བསྟོན་བྱ་དགའ(གཟེངས་བསྟོད)
    ༧ ནུས་པ་གཅིག་ཏུ་སྒྲིལ་ཏེ(བསྒྲིལ)འདས་ཚིག་རྒྱག་དགོས་པ་རེད།
    ༨ གུ་ཡང་སྲིད་ཇུས(གུ་ཡངས)
    ༩ ཁག་ཅིག་ཐོན་པའི་སྐོར་ནས་གསུང་རྒྱུར།(བཏོན་ཡོད་པའི)འདི་ལ་བྱེད་འབྲེལ་ལས་འཐོབ་ཀྱི་འདུག
    ༡༠ བཙན་བྱོལ་བོད་མིའི་སྒྲིག་འཛུགས(དབུས་བོད་མིའི་སྒྲིག་འཛུགས)བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་པ་མ་རེད།
    ༡༡ བོད་ཀྱི་མགྲོན་ཁང་ (Hotel Tibet)(བོད་ཀྱི་གསོལ་མགྲོན་ཁང་)མིང་འདི་རྒྱུན་འཇགས་སུ་སོང་ཡོད།
    ༡༢ འཚོགས་རྒྱུ་ཡིན་པ་(ཚོགས)མ་འོངས་པར་ཚོགས་བྱ་རེད།
    ༡༣ བྱ་ཕྱོགས་(བྱེད་ཕྱོགས)བྱེད་པའི་ལས་ཚིག་རེད།
    ད་དུང་སྐྱོན་གནས་མང་པོ་ཞིག་འདུག་ཀྱང་གལ་ཆེ་བ་ཁག་ཅིག་ཟུར་འདོན་བྱས་པ་ཡིན།

    Reply
  9. ཚེ་དབང་། says:
    ལོ་ 11 སྔོན།

    (ཚེ་རིང་དབང་ཕྱུག)ཟེར་བ་འདི་སུ་རེད། དཔལ་འབྱོར་བཀའ་བློན་མཆོག་གི་མཚན་ལ་(ཚེ་རིང་དོན་གྲུབ)ཞུ་བ་རེད། ཉི་མ་འདི་དག་གི་ནང་དུ་དུས་བབ་དྲ་བས་ཡིག་ནོར་རྐྱང་རྐྱང་སྤེལ་ཡོང་གི་འདུག
    གསར་འགོད་པ་འདིས་གསར་འགྱུར་བསླ་འབྲི་བྱས་འདུག རྒྱ་གར་གཞུང་གིས་གཏན་འབེབས་བྱས་པའི་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་ཚོས་ས་ཁང་ཉོ་ཆོག་པ་དང་། (RC) ཕར་འགྱངས་གཏོང་ཕྱོགས་དེ་ཚོ་གནས་ཚུལ་གལ་ཆེན་པོ་རེད། གཅིག་གཅིག་གཉིས་གཉིས་ཞིབ་ཚགས་ཀྱིས་འབྲི་དགོས་པ་མ་ཟད་བཅར་འདྲི་ཡང་གནང་དགོས་པ་རེད།

    Reply
  10. ཤེལ་དཀར་བློ་བཟང་། says:
    ལོ་ 11 སྔོན།

    བཀའ་ཁྲི་མཆོག་གིས་བཙན་བྱོལ་བོད་མིའི་སྐྱབས་བཅོལ་ལག་དེབ་(RC) རྗེས་ཕྱོགས་ལོ་ ༥ རེའི་མཚམས་སུ་ཐོ་འགོད་ཐེངས་རེ་བྱ་ཆོག་པ་བཟོས་ཡོད་པ་དེ་རླབས་ཆེན་གྱི་བྱ་གཞག་ཅིག་རེད། བསྔགས་བརྗོད་དང་འབྲེལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེའི་ཐོག་བོད་རིགས་སྤུན་ཟླ་མང་པོ་ལ་དཀའ་ངལ་མི་ཉུང་བ་ཞིག་ཕྲད་དང་འཕྲད་མུས་རེད། ད་དུང་ཡང་ལག་འཁྱེར་བཟོས་ནས་ལོ་ངོ་ཉི་ཤུ་མ་ལོན་པ་རྣམས་ལ་ཡང་དེ་ལྟར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist