མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ཟླ་དགུ་བའི་གྲོས་ཚོགས་ངྷ་རམ་ས་ལ་རང་དུ་ཚོགས་ཐུབ་པ་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཁུངས་དང་གྲོས་ཚོགས་ཚོགས་ཁང་གསར་རྒྱག་དང་ཞིག་གསོའི་ལས་གཞི་མགོ་འཛུགས་བྱས་ཡོད་ཀྱང་། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་བཞི་པ་གྲོས་ཚོགས་ཚོགས་ཁང་རང་དུ་འཚོགས་ཐུབ་པ་བྱ་རྒྱུ་ཡིན་འདུག    

ཉེ་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཁུངས་དང་སྤྱི་འཐུས་རྒྱུན་ལས་ཀྱི་ལས་ཁུངས། སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་ཁང་བཅས་ཀྱི་ཅ་དངོས་རྣམས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཞབས་འོག་དང་། སྔར་གྱི་འཆར་འགོད་དང་འོས་བསྡུ། འཕྲོད་བསྟེན་བཅས་ཀྱི་ལས་ཁུངས་ཁག་གི་ཁང་པའི་ནང་དབོར་འདྲེན་གྱིས་ལས་ཁུངས་གནས་སྤར་ཏེ། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་དངོས་སུ་ལས་ཁུངས་གསར་རྒྱག་དང་ཚོགས་ཁང་ཞིག་གསོའི་ལས་གཞི་མགོ་འཛུགས་གནང་ཡོད་འདུག

ཚོགས་དྲུང་སྟོབས་རྒྱལ་ལགས་སུ་ཐེངས་འདིའི་སྤྱི་འཐུས་ལྷན་ཚོགས་དང་རྒྱུན་ལས་ཀྱི་ལས་ཁུངས་གསར་རྒྱག  གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་གསོའི་ཐད་འགྲོ་སོང་ག་ཚོད་ཡོད་མེད་དྲིས་པར་ཁོང་གིས། “  བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ལས་ཁུངས་དང་གྲོས་ཚོགས་ཀྱི་ཚོགས་ཁང་དེ།  ༡༩༨༢ ལོར་གསར་རྒྱག་བྱས་པ་ནས་བཟུང་ད་ལྟའི་བར་ཞིག་གསོ་བྱེད་དགོས་བྱུང་ཡོད་པ་མ་རེད། ད་རེབ་ཞིག་གསོ་བྱེད་ཐེངས་ཐོག་མ་ཆགས་ཡོད། ཞིག་གསོ་བྱ་དགོས་པའི་རྒྱུ་མཚན་གཙོ་བོ་སྔོན་མ་ཁང་པ་གསར་རྒྱག་སྐབས་སྤུས་དག་པོ་ཞིག་བཟོས་མེད་པའི་དབང་གིས།  ལོ་འགའི་སྔོན་ནས་ཁང་པའི་ཕྱོགས་ཡོངས་ལ་སེར་ཀ་གས་འདུག་ལ།  སྔོན་མ་ནས་ཁང་པ་འོག་མའི་ནང་ཐིགས་པ་བརྒྱབ་པ་དང་བརླན་ཡོང་བ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་འདུག  སྤྱིར་བཏང་ད་ལྟ་གནས་སྤོར་སའི་ཁང་པ་དེ་སྔོན་མ་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཁོངས་སུ་ཡོད་ཀྱང་། གནས་སྟངས་ཀྱི་དབང་གིས་རྩིས་ཞིབ་ལས་ཁུངས་དང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་། འཕྲོད་བསྟེན་ལས་ཁུངས་བཅས་ཀྱི་བེད་སྤྱོད་བྱས་པ་རེད། སྔར་ལོ་ཁང་པ་ཚུར་རག་སྟབས་སྤྱི་འཐུས་ལྷན་ཚོགས་ཀྱིས་ལྷན་ཚོགས་ཀྱི་དགོས་མཁོ་ལྟར་ཐོག་བརྩེགས་གཉིས་པ་གསར་རྒྱག་དང་འོག་མ་ཞིག་གསོ་བྱ་རྒྱུའི་གཏན་ཁེལ་བྱུང་སྟེ། བཀའ་ཤག་གི་ངོས་ནས་ཧིན་སྒོར་འབུམ་ ༡༠༠ ཡི་བཀའ་འཁྲོལ་གནང་ཡོད། ཉེ་ཆར་ཁང་པ་བཟོ་མཁན་དང་གྲོས་བསྡུར་བྱས་མཐར་ཧིན་སྒོར་འབུམ་ ༩༣ ཡས་མས་ཀྱི་སྐད་ཆ་བྱུང་ཡོད་ཀྱང་། ང་ཚོའི་ངོས་ནས་སྟེང་འོག་གཉིས་ཀ་ཡོངས་སུ་འགྲུབ་པར་ཧིན་སྒོར་འབུམ་ ༡༠༠ ལྷག་གི་འགྲོ་སོང་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད། ” ཅེས་བརྗོད་བྱུང་།

ཡང་ཁོང་ལ་མ་འོངས་པའི་ལས་ཁུངས་ཁག་གི་གོ་སྒྲིག་དང་འཆར་གཞི་གང་འདྲ་ཡིན་མིན་དང་། ད་ལྟའི་ཆར་གྲོས་ཚོགས་ཚོགས་ཁང་ཉམས་གསོ་བྱེད་ཀྱིན་ཡོད་སྟབས། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དུས་ནམ་ཞིག་ལ་ས་གནས་གང་དུ་འཚོགས་འཆར་ཡོད་མེད་དྲིས་པར། ཁོང་གིས། “ ང་ཚོའི་ངོས་ནས་ཐེངས་འདིའི་གསར་རྒྱག་སྐབས་ཐོག་བརྩེགས་གཉིས་པའི་ནང་སྤྱི་འཐུས་རྒྱུན་ལས་ཀྱི་ལས་ཁུངས་དང་རྒྱུན་ལས་ཚོགས་ཁང་། མཇལ་འཕྲད་ཁང་། དེ་བཞིན་ཐབ་ཚང་དང་འཁྲུས་ཁང་གསང་སྤྱོད་བཅས་མཐུན་རྐྱེན་ཆ་ཚང་ཡོད་པ་ཞིག་རྒྱག་འཆར་ཡོད་ལ། འོག་ཏུ་སྔར་གྱི་མཐུན་རྐྱེན་ཐོག་ཇེ་ལེགས་སུ་གཏོང་འཆར་ལས་གྲོས་ཚོགས་ཚོགས་ཁང་རྒྱ་སྐྱེད་སོགས་ཀྱི་ལས་འཆར་ཡོད་པ་མ་རེད། ཚོགས་ཁང་ནང་ལ་མཚོན་ན་གཙོ་བོ་འོག་གི་གདན་བརྗེ་བོ་རྒྱག་རྒྱུ་དེ་རེད། དེ་མིན་སྔོན་མ་ལྟར་རེད། ཐེངས་རྗེས་མིའི་གྲོས་ཚོགས་ཀྱི་ཐད་ནས་ཕྱི་ཟླ་ ༩ བའི་བར་འོག་གི་ཚོགས་ཁང་གི་ཉམས་གསོ་འགྲུབ་པར་བྱས་ཏེ། སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་བཞི་པ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་རང་དུ་འཚོགས་ཐུབ་རྒྱུའི་རེ་བ་རྒྱག་གི་ཡོད་ལ།  ཕལ་ཆེར་འཚོགས་ཐུབ་ཀྱི་རེད་བསམ་གྱི་ཡོད། ཚོགས་ཡུན་གྱི་དུས་ཚོད་མི་འགྱངས་བར་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་གནང་རྒྱུ་ཡིན།  ” ཅེས་བརྗོད་བྱུང་།

 
གསར་འགོད་པ། དོན་གོ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

སྐར་མ ༥༡ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༤ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡

མཆན། 4

  1. ནད་པ says:
    ལོ་ 14 སྔོན།

    ཨ་རོགས་འགྱུར་མེད་བསྟན་འཛིན། ཁྱོད་དེ་འདྲ་ཟེར་ལོ། ཟམ་དོང་བཀའ་ཤག་གིས་བཀའ་ཤག་དེ་འདྲ་ཞིག་བརྒྱབ་ཆོག་ནས་མེད་ན། སྤྱི་འཐུས་གྲོས་ཚོགས་ནས་དེ་འདྲ་བ་ཞིག་བརྒྱབ་མི་ཆོག་པ་བཅའ་ཁྲིམས་གང་ན་འདུག

    རྒྱ་རྒྱལ་ན་དམག་དྲངས་ཟེར་བའི་གཏམ་དཔེ་དེ་དང་། བོད་རྒྱལ་ན་ཨར་པོ་རྒྱག་ཟེར་བའི་གཏམ་དེ་ཅི་མི་བདེན་ཡ།

    ངོ་མ་བཟང་གི་ཨ་རོགས་དྰ།

    Reply
  2. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    གཞི་ལུས་མི་མང་གིས་རྡ་སའི་གནས་ཚུལ་ངོ་མ་དེ་མཁྱེན་ཡོད་པ་མ་རེད། འཛུག་སྐྲུན་འདི་ཚོ་ལ་ལྟ་དང་། བོད་ལ་ལོག་རྒྱུའི་བསམ་བློ་ཞིག་སུ་ལ་ཡོད།

    Reply
  3. སྦྲ་གསར་དཀར་ལོ། says:
    ལོ་ 14 སྔོན།

    རྟེན་འབྲེལ་ཞུ། ཡར་རྒྱས་ཀྱི་རྣམས་པ་རང་རེད་འདུག ཡིན་ནའང་འདི་ནས་གལ་བོ་ཆེ་ལ་བརྣན་གྱི་ཚུལ་དུ་ཞུ་དགོས་པ་ཞིག་ནི། ཉེ་སྔོན་གྱི་བཀའ་ཤག་གི་ལས་ཁུངས་གསར་པ་ལྟ་བུའི་ཕྱིའི་བཟོ་བཀོད་དང་ནང་གི་འཆར་འགོད་སོགས་ཙམ་མིན་པའི་རེ་བ་དང་ཡིད་ཆེ་ཡོད། བཀའ་ཤག་གསར་རྒྱག་གི་སྐབས་ཀྱི་འཆར་འགོད་སོགས་དེངས་དུས་དང་བསྟུན་པའི་འཆར་འགོད་གནང་མེད་པ་གསལ་པོ་རེད། གང་ལྟར་འབྲེལ་ཡོད་ལས་བྱེད་རྣམས་པའི་ལྷག་བསམ་རྣམ་དག་གིས་འགན་གཙང་མ་ལེན་རོགས་ཞུ།

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    རྟེན་འབྲེལ་ཞུ། བཙན་བྱོལ་བོད་མིའི་དྲ་རྒྱ་དང་གསར་ཤོག་ཁག་ཏུ་ཡུན་རིང་འདི་འདྲ་ཀློག་རྒྱུ་མ་རྙེད་པས་དེ་རིང་གསར་འགྱུར་ཙམ་བཀླགས་པས་ངལ་སོས་པ་འདྲ་ཞིག་བྱུང། དེབ་དེ་ཀློག་འདོད་ཤིན་ཏུ་ཆེ། བསྒྱུར་བ་པོའི་དཀའ་ངལ་ཁྱད་བསད་གནང་བར་གདུང་སེམས་མཉམ་བསྐྱེད་དང་བཀའ་དྲིན་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese