མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸པན་ཆེན་ཆུང་སྲིད་རིན་པོ་ཆེའི་འཁྲུངས་སྐར་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་ལྷག་པའི་ཉིན་ངྷ་ས་ས་གནས་བུད་མེད་ཚོགས་པས་བཞུགས་སྒར་དུ། ༸པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་གནང་སོང་།  

དེ་རིང་ཕྱི་ཚེས་ ༢༥ ཉིན་བཞུགས་སྒར་ངྷ་རམ་ས་ལར་ས་གནས་བུད་མེད་ཚོགས་པས་གོ་སྒྲིག་འོག མེག་གྷན་རླངས་འཁོར་འབབ་ཚུགས་སུ་༸པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་གནང་ཡོད་ཅིང་། དེ་ཡང་ཞོགས་པའི་ཆུ་ཚོད་ ༦ པའི་ཐོག་བསང་གསོལ་དང་། ངྷ་ས་བཙུན་དགོན་དགའ་ལྡན་ཆོས་གླིང་དུ་ཆུང་སྲིད་རིན་པོ་ཆེའི་སྐུ་གཟུགས་གསལ་ཐང་དང་མྱུར་དུ་བོད་མི་རྣམས་དང་ཞལ་མཇལ་ཐུབ་པའི་སྨོན་ལམ་གནང་ཡོད་པ་མ་ཟད། ཆུ་ཚོད་ ༡༠ བའི་ཐོག་མེག་གྷན་རླངས་འཁོར་འབབ་ཚུགས་སུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་། ས་གནས་མི་མང་བཅས་འདུ་འཛོམས་ཐོག ས་གནས་བུད་མེད་ཚོགས་གཙོ་ལགས་ཀྱིས་༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་འབུལ་དང་། སྐུ་མགྲོན་གཙོ་བོ་ངྷ་ས་ས་གནས་མགོ་འཛིན་མཆོག་ནས་སྣང་གསལ་མར་མེ་ཞལ་འབྱེད་བཅས་གནང་རྗེས།  ནུབ་ཕྱོགས་ཀྱི་ལུགས་སྲོལ་ལྟར་དེར་ཡོད་མི་མང་ལ་མངར་ཟས་དང་སྒོང་ཟས་ (cake) བཅས་སྤྲད་དེ་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་གཙི་གནང་སོང་།

སྐབས་དེར་ངྷ་ས་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་སྐལ་བཟང་གཡུ་སྒྲོན་ལགས་ཀྱིས། ༸པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་སྐུ་ངལ་ཆེན་པོ་བསྐྱོན་ཏེ། ཕྱི་ལོ་ ༡༩༨༩ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དེས་བོད་མི་རིགས་དང་བསྟན་སྲིད་ལ་གྱོང་གུད་ཕོག་ཡོད་པ་མ་ཟད། ཁོང་དགོངས་པ་རྫོགས་པའི་གནད་དོན་ཐད་བོད་མི་མང་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དོགས་གཞི་ཆེན་པོ་ཞིག་གི་འོག་ཏུ་ལྷག་ཡོད་པའི་སྐོར་དང་། ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༤ བའི་ཚེས་ ༢༥ ཉིན་ཡབ་དཀོན་མཆོག་ཕུན་ཚོགས་དང་ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་ཁམས་ནག་ཆུ་ལྷོ་རི་རྫོང་དུ་སྐུ་འཁྲུངས་པ་དང་། ༡༩༩༥ ལོའི་ཟླ་ ༥ བའི་ཚེས་ ༡༤ ཉིན་༸གོང་ས་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་ད་ལྟ་དགུང་ལོ་ ༢༣ ལ་ཕེབས་ཡོད་པ་དང་། ད་ལྟའི་བར་རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་ཡབ་ཡུམ་བཅས་འཛིན་བཟུང་བཙོན་འཇུག་བྱས་ཏེ་མི་ལོ་ ༡༧ ཕྱིན་ཡོད་པའི་སྐོར་། དེ་བཞིན། དེ་རིང་ངྷ་ས་བུད་མེད་ལྷན་ཚོགས་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་ས་གནས་ཁག་ཡོངས་སུ་འཁྲུངས་སྐར་སྲུང་གཙི་བྱེད་བཞིན་པ་སོགས་ངོ་སྤྲོད་གནང་སོང་། 

གསར་འགོད་པས་ཁོ་མོར་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་གནང་ཡོད་མེད་དང་། ད་ལྟའི་ཆར་གང་དུ་ཡོད་མེད་ཀྱི་སྐོར་ལ་ཤེས་རྟོགས་དང་རྩད་གཅོད་བྱས་ཡོད་མེད་དྲིས་པར་ཁོ་མོས།  “ བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ད་ལྟའི་ཆར་ཆུང་སྲིད་རིན་པོ་ཆེ་མཆོག་གི་སྐུ་གཟུགས་གནས་སྟངས་དང་། གར་ཡོད་གནས་ཚུལ་ཅི་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག ” ཅེས་བརྗོད་བྱུང་།

དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་བུད་མེད་ལྷན་ཚོགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པ།ངྷ་ས་ས་གནས་གཞོན་ནུ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་ཀྱི་ཚབ་བྱས་ཏེ།༸པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༢༣ ལ་ཕེབས་པའི་འཁྲུངས་སྐར་ཉིན་མོ་འདིར། གཞུང་འབྲེོལ་མིན་པའི་ཚོགས་པ་ཁག་གིས་ཉིན་གཅིག་རིང་རྒྱ་ནག་གཞུང་ཚབ་ཁང་དུ་མི་རེ་ངོ་རེ་ནས་ཁ་པར་དང་བརྒྱུད་ལམ་འདྲ་མིན་ཐོག ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གང་དུ་ཡོད་མེད་ཀྱི་གནས་ཚུལ་ནན་འདྲི་གནང་རྒྱུའི་འབོད་སྐུལ་དང་། རྒྱ་ནག་གཞུང་གིས་ད་ལྟའི་བར་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག མི་སྒེར་བཅས་ཀྱིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མིའི་བདེ་འཇགས་དང་། ཁོང་གང་དུ་བཞུགས་ཡོད་མེད་ཀྱི་བརྡ་ལན་ཁ་གསལ་དགོས་པའི་འབོད་སྐུལ་རབ་དང་རིམ་པ་བྱས་པའི་ཐད་ཡ་ལན་ཅི་ཡང་མེད་པའི་ཁར། ཁོང་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་གར་ཡོད་ཀྱི་གནས་ཚུལ་ཁུངས་སྣེ་ཙམ་ཡང་ཕྱིར་བསྒྲགས་མ་བྱས་པ་དེར་བློ་ཕམ་ཡོད་པའི་བསྒྲགས་གཏམ་ཞིག་ཀྱང་སྤེལ་སོང་།

དེ་རིང་དགོང་དྲོ་ཆུ་ཚོད་ ༥ བའི་ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བུད་མེད་ལྷན་ཚོགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། ངྷ་ས་ས་གནས་གཞོན་ནུ།རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་མཉམ་རུབ་ཐོག ངྷ་རམ་ས་ལའི་ཉིན་སློབ་ཚོགས་ཁང་དུ་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཆོས་སྲིད་གཉིས་ཐད་ལ་མཛད་རྗེས་བླ་མེད་བཞག་པའི་བཀའ་དྲིན་རྗེས་དྲན་མཚོན་ཆེད། ལྷག་དཀར་སྲུང་གཙིའི་རྣམ་པའི་སྒོ་ནས་སྙན་ངག་གྱེར་འདོན་དང་པར་རིས་འགྲེམས་སྟོན། བརྙན་འཕྲིན་གཟིགས་འབུལ་བཅས་གོ་སྒྲིག་གནང་རྒྱུ་ཡིན་འདུག 

 
གསར་འགོད་པ། དོན་གོ
 

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༢ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 6

  1. མི་རྒོད། says:
    ལོ་ 14 སྔོན།

    ལེགས་སོ་ལེགས་སོ་ཆེད་རྩོམ་འདི་ཡག་པོ་འདུག་ནད་པ་ལགས་བཀྲིན་ཆེ།།

    Reply
  2. ནད་པ says:
    ལོ་ 14 སྔོན།

    ཀྭ་ཡེ་ཉན་ཅིག་རྒྱ་དམར་འགོ་ཁྲིད་ཚོ།།
    ཁ་ནས་སྐྱག་རྫུན་མེད་པར་དྲང་པོར་ཤོད།།
    ག་ས་གང་དུ་པཎ་ཆེན་ཡོད་མེད་སྐོར།།
    ང་ཚོ་བོད་འབངས་ཡོངས་ཀྱིས་འཚོགལ་བཞིན་ཡོད།།

    ཅང་ཙེ་མིན་གྱིས་ཇུས་ངན་སྲིད་ཇུས་འོག།
    ཆ་རྒྱུས་མེད་པའི་རྒྱ་ནག་ནང་སའི་ནང་།།
    ཇ་འཐུང་སྤག་ཟས་ཙམ་གྱི་རང་དབང་མེད།།
    ཉམ་ཆུང་བོད་ཀྱི་པཎ་ཆེན་ཀྱེ་མ་ཧུད།།

    ཏྰ་ལའི་བླ་མས་བཀའ་ཡིག་ཕྱག་རྟགས་བསྩལ།།
    ཐ་མ་བོད་འབངས་ཡོངས་ཀྱིས་མགྲིན་གཅིག་ཏུ།།
    ད་ལྟའི་པཎ་ཆེན་དགེ་འདུན་ཆོས་ཉི་མཆོག།
    ན་གཞོན་མེད་པ་དམངས་ཀྱིས་སྐྱབས་མཆོག་ཉིད།།

    པ་ལགས་ཡབ་ཆེན་གང་དུ་ཡོད་མེད་དང་།།
    ཕ་མ་གཉིས་དང་མཉམ་དུ་ཡོད་མེད་སོགས།།
    བར་ལམ་ཞིག་ནས་རྒྱ་མིས་ཡོད་ཟེར་ཡང་།།
    མ་གཞི་བོད་མིས་གང་ཡང་ཤེས་རྟོགས་མེད།།

    རྩ་བའི་བླ་མ་བསྟན་འཛིན་རྒྱ་མཚོ་གཅིག།
    ཚབ་མཚོན་བླ་མ་པཎ་དགེ་འདུན་གཉིས་།།
    མཛའ་བཤེས་ཚད་ལྡན་ཀརྨ་པ་རྣམ་གསུམ།།
    ཝ་ཡེ་བོད་རིགས་ཡོངས་ཀྱིས་གཙུག་རྒྱན་ཡིན།།

    ཞྭ་གསེར་བསྟན་དང་ནང་བསྟན་སྤྱི་ཡོངས་ཀྱི།།
    ཟབ་རྒྱས་གསུང་གི་པཎ་ཆེན་སྣང་མཐའ་ཡས།།
    འོ་སྐོལ་རྣམས་ཀྱི་ལྷ་རྒྱལ་ཚེ་རབས་འཕྲེང་།།
    ཡ་རབས་གངས་ཅན་བོད་མིའི་སྐཡབས་གནས་མཆོག།

    རི་བོའི་རྩེ་མོར་འཛེགས་ཀྱང་མཇལ་རྒྱུ་མེད།།
    ལ་ལུང་མང་པོ་བསྐོར་ཡང་གོ་རྒྱུ་མེད།།
    ཤ་ཚ་ཅན་གྱི་གངས་ཅན་བོད་རིགས་ཚོས།།
    ས་སྟེང་གང་སར་གང་དུ་ཡོད་མེད་དྲིས།།

    ཧ་ཅང་སེམས་པ་སྐྱོ་བའི་པཎ་ཆེན་སྐོར།།
    ཐོས་པ་ཙམ་གྱིས་སྙིང་ལ་ན་གཟུག་བསྟེར།།
    ཨེ་མ་འོད་དཔག་མེད་མགོན་སྤྱན་རས་གཟིགས།།
    ཐུགས་རྗེས་གཟིགས་ཤིང་ལུང་བསྟན་གནང་རོགས་གནང་།།

    ༸ རྒྱལ་བ་རྣམ་གསུམ་སྐུ་ཚེ་མཛད་འཕྲིན་རྒྱས།།
    ཐུགས་མཐུན་ཁྲིམས་གཙང་རྒྱལ་བསྟན་ཉིན་མོར་འབྱེད།།
    ཡངས་པའི་གངས་ལྗོངས་སྤྱི་དང་འཛམ་གླིང་གི།
    འགྲོ་ཀུན་བདེ་ཞིང་ཚེ་རབས་རྗེས་འཛིན་ཤོག།

    Reply
  3. ནད་པ says:
    ལོ་ 14 སྔོན།

    ཀྭ་ཡེ་ཉན་ཅིག་རྒྱ་དམར་འགོ་འཁྲིད་ཚོ།།
    ཁ་ནས་སྐྱག་རྫུན་མེད་པར་དྲང་པོར་ཤོད།།
    ག་ས་གང་དུ་པཎ་ཆེན་ཡོད་མེད་སྐོར།།
    ང་ཚོ་བོད་འབངས་ཡོངས་ཀྱིས་འཚོགལ་བཞིན་ཡོད།།

    ཅང་ཙེ་མིན་གྱིས་ཇུས་ངན་སྲིད་ཇུས་འོག།
    ཆ་རྒྱུས་མེད་པའི་རྒྱ་ནག་ནང་སའི་ནང་།།
    ཇ་འཐུང་སྤག་ཟས་ཙམ་གྱི་རང་དབང་མེད།།
    ཉམ་ཆུང་བོད་ཀྱི་པཎ་ཆེན་ཀྱེ་མ་ཧུད།།

    ཏྰ་ལའི་བླ་མས་བཀའ་ཡིག་ཕྱག་རྟགས་བསྩལ།།
    ཐ་མ་བོད་འབངས་ཡོངས་ཀྱིས་མགྲིན་གཅིག་ཏུ།།
    ད་ལྟའི་པཎ་ཆེན་དགེ་འདུན་ཆོས་ཉི་མཆོག།
    ན་གཞོན་མེད་པ་དམངས་ཀྱིས་སྐྱབས་མཆོག་ཉིད།།

    པ་ལགས་ཡབ་ཆེན་གང་དུ་ཡོད་མེད་དང་།།
    ཕ་མ་གཉིས་དང་མཉམ་དུ་ཡོད་མེད་སོགས།།
    བར་ལམ་ཞིག་ནས་རྒྱ་མིས་ཡོད་ཟེར་ཡང་།།
    མ་གཞི་བོད་མིས་གང་ཡང་ཤེས་རྟོགས་མེད།།

    རྩ་བའི་བླ་མ་བསྟན་འཛིན་རྒྱ་མཚོ་གཅིག།
    ཚབ་མཚོན་བླ་མ་པཎ་དགེ་འདུན་གཉིས་།།
    མཛའ་བཤེས་ཚད་ལྡན་ཀརྨ་པ་རྣམ་གསུམ།།
    ཝ་ཡེ་བོད་རིགས་ཡོངས་ཀྱིས་གཙུག་རྒྱན་ཡིན།།

    ཞྭ་གསེར་བསྟན་དང་ནང་བསྟན་སྤྱི་ཡོངས་ཀྱི།།
    ཟབ་རྒྱས་གསུང་གི་པཎ་ཆེན་སྣང་མཐའ་ཡས།།
    འོ་སྐོལ་རྣམས་ཀྱི་ཚེ་རབས་ལྷ་རྒྱལ་འཕྲེང་།།
    ཡ་རབས་གངས་ཅན་བོད་མིའི་སྐྱབས་མཆོག་ཡིན།།

    རི་བོའི་རྩེ་མོར་འཛེགས་ཀྱང་མཇལ་རྒྱུ་མེད།།
    ལ་ལུང་མང་པོ་བསྐོར་ཡང་གོ་རྒྱུ་མེད།།
    ཤ་ཚ་ཅན་གྱི་གངས་ཅན་བོད་རིགས་ཚོ།།
    ས་ཆ་གང་དུ་ཡོད་མེད་ཚ་འདྲི་གཏོང་།།

    ཧ་ཅང་སེམས་པ་སྐྱོ་བའི་པཎ་ཆེན་སྐོར།།
    ཐོས་པ་ཙམ་གྱིས་སྙིང་ལ་ན་གཟུག་བསྟེར།།
    ཨེ་མ་འོད་དཔག་མེད་མགོན་སྤྱན་རས་གཟིགས།།
    ཐུགས་རྗེས་གཟིགས་ཤིང་ད་ལན་ལུང་བསྟན་མཛོད།།

    ༸ རྒྱལ་བ་རྣམ་གསུམ་མཛད་འཕྲིན་རྟ་བདུན་དབང་།།
    ཐུགས་མཐུན་ཁྲིམས་གཙང་འབུམ་གྱིས་དྲུ་བ་འཁྱིལ།།
    ཡངས་པའི་གངས་ཅན་རི་བོའི་རྩ་མོ་ནས།།
    འགྲོ་ཀུན་བདེ་བའི་སྣང་བས་ཁྱབ་གྱུར་ཅིག།

    Reply
  4. མི་རྒོད། says:
    ལོ་ 14 སྔོན།

    བོད་ཆས་གྱོན་པ་བོད་ནང་ལ་དཔེ་གནང་ན་སྐབས་རེ་བཙན་ཤེད་ཀྱིས་སྲོག་ཆགས་ལྤགས་པ་གྱོན་པ་དང་ སྐབས་རེ་ཕྱི་ཕྱོགས་སུ་སྟོན་ཆེད་རྒྱ་དམར་གྱིས་བཙན་ཤེད་བྱེད་ཀྱི་ཡོད་རེད། ཡིན་ཡང་ད་ལྟ་ཨ་རིའི་རླུང་འཕྲིན་དང་ བརྙན་འཕྲིན་གཅིག་ལྕོགས་བོད་སྐད་ཚན་པ་འདི་ཁོང་རང་ཚོའི་འགྲོ་སྟངས་གང་ཡིན་མི་ཤེས་བཏབ་བརྗོད་དཀའ་ལ། དེ་མིན་བོད་ཀྱི་དམིགས་གསལ་དུས་ཆེན་ཁག་ལ་རྒྱུན་སྲོལ་སྲུང་རྩི་ཞུས་ན་ལེགས་པ་འདུག་དེར་བརྟེན་མལ་གྲོའི་བཙུན་པ་ལགས་སུ་མོས་མཐུན་ཡོད་ཁྱེད་ནས་པན་ཆེན་ཆུང་སྲིད་ཐད་ཐུགས་སྣང་བྱས་པར་བཀྲིན་ཆེ།།།།

    Reply
  5. མལ་གྲོའི་བཙུན་པ་ says:
    ལོ་ 14 སྔོན།

    ཁ་སང་ངའི་སམ་པར་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་གཙིའི་དུས་ཆེན་སྐབས་གཞུང་འབྲེལ་གྱི་མཛད་སྒོ་དང་བཀའ་བཤག་གི་གསུང་འཕྲིན་དེ་བཞིན་གྲོས་ཚོགས་ནས་གསུང་འཕྲིན་བཅས་ཡོད་ཤག་བྱས་ཀྱང་བློ་ཕམ་པ་ཞིག་ལ་དེ་ལྟར་མི་འདུག་དེར་མ་ཟད་དེའི་དགོང་མོ་VOAཨ་རིའི་རླུང་འཕྲིན་ཁང་གི་ལེ་མཚན་གཙོ་སྐྱོངས་པ་རྣམ་རྒྱལ་ཤསྟྲིརི་ཞེས་པ་དེ་ལ་བོད་ཆས་གྱོན་དགོས་པའི་རེ་སྐུལ་ནན་གཏན་བྱས་ཀྱང་ང་ཚོས་བསམ་བློ་གཏང་གི་ཡིན་ཞེས་ལབ་ནས་མི་འདོད་པའི་རྣམ་འགྱུར་གྱི་སྒོ་ནས་ཁ་པར་ཁ་བཀག། དེའི་སྔོན་མ་ཞིག་ལ་པདྨ་རྡོར་རྗེ་ཞེས་པ་ཁ་ལ་འདྲེ་ཐམ་པ་དེ་ལ་ཡང་སྔ་ལྟར་རེ་སྐུལ་བྱས་ཀྱང་བསྐད་ཆའི་ཟུར་ཙམ་ཐོས་པ་ནས་འཇིགས་སྣང་དངངས་སྐྲགས་ཀྱི་ཁ་པར་ཁ་བཀག་པའི་བྱེད་སྟང་ངན་པ་དེ་དག་དང་རྒྱ་གར་ནང་ལ་ཞུགས་པའི་བོད་མི་་ཁག་གཅིག་གི་ལྷག་དཀར་སྲུང་གཙི་ཞུས་ནས་བོད་ཆས་གྱོན་པ་དང་ཡང་བོད་ནང་གི་ཟུར་མཐོང་བརྙན་འཕྲིན་ཁང་གི་ལས་བྱེད་པ་རྣམས་ཀྱི་བོད་ཆས་ལེགས་པོ་གྱོན་ནས་གསར་འགྱུར་བཤད་པ་ལ་ལྟད་ན་གོང་གི་རྣམ་རྒྱལ་ཤསྟྲིརི་དང་པདྨ་རྡོར་རྗེས་གཙོས་པའི་ལས་སྣེ་བ་ཁག་གཅིག་ལ་ངོ་ཚ་ཡག་མི་འདུག་དངོས་གནས་ངོ་ཚ་ཡག་མི་འདུག་པ་མ་ཟད་ཀུན་གཟིཌ་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་གྱི་ཉིན་མོ་གལ་ཆེན་དེ་ལ་ཡང་བོད་ཆས་མ་གྱོན་པ་དེ་ལ་བློ་ཕམ་ཆེན་པོ་བྱུང་།

    Reply
  6. མི་རྒོད། says:
    ལོ་ 14 སྔོན།

    པན་ཆེན་གོང་མའི་འཕྲིན་ལས་མུ་མཐའ་མེད།།
    ཆུང་སྲིད་དགྲ་འོག་འགྲིམས་པ་བོད་མིས་ལན།།
    དེང་དུས་མིང་ཙམ་འཆར་བ་ཧ་ཅང་སྐྱོ།།
    ཡ་དོང་གླུ་བ་མཁས་པ་སྐྱོ་གླུས་བརྒྱལ།།
    ལས་འཕྲོ་དམ་དུ་བཅིངས་ཡོད་མགོ་ནག་ལ།།
    ངལ་བ་ཁྱད་དུ་སད་ཡོད་བོད་ལྗོངས་སུ།།
    མགོན་མཆོག་གསུམ་དམ་ཅན་བསྟན་བསྲུང་རྣམས།།
    ༧ སྐུ་བསྐལ་བརྒྱར་བརྟན་པའི་གྲོགས་མཛོད་ཅིག།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese