མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྡ་སྤྲོད་རིག་པའི་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་བོད་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་དང་པོ་སྐོང་ཚོགས་གནང་སྟེ་ཁ་སང་གཟའ་མི་དམར་ཉིན་མཇུག་སྒྲིལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༣ ནས་ ༢༤ བར་གྱི་ཉིན་གཉིས་རིང་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཚོགས་ཁང་དུ་བོད་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་དང་པོ་གོ་སྒྲིག་གནང་ཡོད་ཅིང་། ཐེངས་འདིའི་བགྲོ་གླེང་ཐོག་སེ་ར་བྱེས་སྨད་གཉིས་གཙོས་པའི་རྣམ་གྲོལ་གླིང་དང་ས་སྐྱ། བཀའ་རྒྱུད་བཅས་ཀྱི་དགེ་འདུན་པ་དང་ས་གནས་ཀྱི་སློབ་ཕྲུག་བཅས་ལྷན་འཛོམས་ཐོག  བགྲོ་གླེང་བ་ ༡༨ ཀྱིས་བོད་ཀྱི་ཐུན་མོང་རིག་གནས་ཀྱི་དགེ་ཕན་དང་དེའི་གྲུབ་འབྲས་སྐོར་གྱི་དཔྱད་རྕོམ་སྒྲོག་སྦྱོང་དང་དྲི་བ་ཁག་ལ་ལན་འདེབས་བཅས་གནང་འདུག

ཁ་སང་ཉིན་མཐའ་མར་སེར་བྱེས་མཁན་སྙན་གྲྭ་ཚང་དང་ས་གནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་གཉིས་ཐུན་མོང་གིས་གོ་སྒྲིག་འོག འབྲས་བློ་གླིང་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས། རྗེ་ཙོང་ཁ་པས། ས་སྟེང་འདིའི་རིན་ཆེན་རྣམ་པ་ངོས་བཟུང་བའི་སྐབས་སུ། དང་པོ།  རིགས་ལམ་རྣམ་འབྱེད་ཀྱི་རྣམ་དཔྱོད་དང་། གཉིས་པ། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན། གསུམ་པ། ཚིག་སྦྱོར་ཚུལ་ལ་མཁས་པའི་རྩོམ་རིགས་གསུམ་ཡིན་པ་དང་། འཆད་རྩོད་རྩོམ་གསུམ་ནི་རྒྱལ་བསྟན་མི་ཉམས་གོང་འཕེལ་དང་གཞན་དོན་བྱེད་པའི་བྱ་བ་གལ་ཆེན་ཞིག་ཡིན་པའི་སྐོར་དང་། སློབ་དཔོན་ཆེན་མོ་སེར་བྱེས་དགེ་བཤེས་སྐལ་བཟང་ཨེ་ལགས་མཆོག་གིས། མི་ཁ་ཤས་ཀྱིས་བྱ་བ་གང་ཞིག་རང་གི་རྣམ་དཔྱོད་ལ་འོས་མིན་དང་དེའི་ཐོག་རང་གིས་ནུས་པ་འདོན་ཐུབ་མིན་གཅིག་པུར་བལྟས་ནས། གུང་ཐང་ཚང་གིས། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་བ། ། རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང་། ། ཞེས་པའི་ཤོ་ལོ་ཀ་གཅིག་གི་ཚིག་འོག་མ་གཉིས་བཅད་ནས་རང་རང་གི་དགོས་མཁོ་བསྒྲུབ་བཞིན་པ་ནི་ནོར་འཁྲུལ་ཚབས་ཆེན་ཡིན་པ་དང་། དོན་དངོས་སུ་དེ་ལྟར་མིན་པར་གཞུང་ཆེན་མོར་སྦྱོང་མཁན་ཚོས་སྒྲ་སྙན་སྨན་རྩིས་སོགས་སུ་མགོ་མཁོར་ན་མི་འགྲིག་པ་དང་། མགོ་འཁོར་ཞེས་པའི་ཚིག་དོན་ཟབ་བཤད་དང་རྩེད་མོ་རྩེ་བའང་གཟུགས་པོའི་འཕྲོད་བསྟེན་དང་རྣམ་དཔྱོད་ཡར་རྒྱས་ཀྱི་ཐབས་ལམ་མེད་དུ་མི་རུང་བ་ཞིག་ཡིན་པའི་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་མ་ཟད། ཚོགས་ཞུགས་པ་རྣམས་ཀྱི་དྲི་བར་ལན་འདེབས་བཅས་གནང་ཡོད། མཇུག་མཐར་སེར་བྱེས་དགེ་བསྐོས་ཡ་མ་བསོད་ནམས་མཆོག་དང་ས་གནས་མང་གཙོ་ཚོགས་པའི་གཙོ་འཛིན་སེར་སྨད་བློ་དགའ་ལགས་རྣམ་གཉིས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་བཅས་བགྲོ་གླེང་འཇུག་བསྒྲིལ་ཡོད།  

གསར་འགྱུར་མཁོ་གཏོང་བ་ཨ་སྦོ་སྦོ་ཡིན།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༨ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 8

  1. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    བགྲོ་གླེང་དེ་ཐེངས་དང་པོ་ཞིག་མ་རེད། ལོ་སྔོན་མ་གསར་འགྱུར་ཞིག་གི་ནང་དུ་སེར་བྱེས་དགེ་བསྐོས་ཞིག་གིས་རིག་གནས་བགྲོ་གླེང་ཞིག་སྐོང་ཚོགས་བྱས་མྱོང་བ་རེད། བྱས་ཙང་། གསར་འགྱུར་ནང་དུ་ཐེངས་དང་པོ་སྐོང་ཚོགས་གནང་བ་ཟེར་བ་དེ་བདེན་པ་མིན་སྙམ།

    Reply
  2. སྐར་མདའ། says:
    ལོ་ 14 སྔོན།

    ས྄ྤ྄ྱིར་བཏང་གི་ཆ་ནས་བཤད་ན། བར྄ྡ་ས྄ྤ྄ྲོད་རིག་པའི་ཐོག་ལ་བག྄ྲོ་ག྄ླིང་བ྄ྱེད་པའི་དམིགས་བསལ་ཚོགས་འདུ་ས྄ྐོང་འཚོགས་བ྄ྱེད་པ་དེའི་ཐད་ལ་ང་ཚོ་ཚང་མས་དགའ་བསུ་ཞུས་ཏེ་ལག་ཟུང་ཐལ་མོ་བར྄ྡེབ་དགོས་པ་ཞིག་རེད་མོད། ཡིན་ན་ཡང་། མང་པོ་ཞིག་གིས་ཨུ་ཚུགས་བ྄ྱས་ཏེ་ས྄ྐ྄ྱོན་ཆ་བསལ་འདོན་བ྄ྱས་ཏེ་དགག་པ་གང་ཡིན་ནམ།

    ཡར་ར྄ྒ྄ྱས་ཀ྄ྱི་ར྄ྣམ་པ་ལ་དགེ་ས྄ྐ྄ྱོན་གཉིས་ཀ་ཡོད་འཇིག་ར྄ྟེན་ཆོས་ཉིད་རེད། གོམ་པ་དང་པོ་ས྄ྤོ་དུས་ནས་བཟུང་། དེ་ལ་ར྄ྒ྄ྱབ་ས྄ྐ྄ྱོར་མ་བ྄ྱེད་པར་སེམས་ཤུགས་ཆགས་དགོས་པའི་ག྄ྱོད་གཞི་འཕར་མ་རེས་ཁབ་བཙག་བ྄ྱེད་པ་ཡིན་ན། ལ྄ྒང་ཕུག་གི་དབུག་ཆེ་རུ་མི་འག྄ྲོ་བར། ར྄ྦད་དེ་དབུག་མེད་པར་ཆགས་པའི་ཉེན་ཁ་ཡང་ཡོང་མི་ས྄ྲིད་པ་མ་རེད།

    དེ་འད྄ྲ་སོང་། འདི་འད྄ྲའི་བ྄ྱེད་ས྄ྒོ་ཁག་ཐོག་མར་འཛུགས་མཁན་ཡོད་ན་ར྄ྗེས་སུ་ཡིད་རངས་བ྄ྱེད་མ་ནུས་ཀ྄ྱང་། ར྄ྐང་པས་ར྄ྡོག་བར྄ྫིས་གཏོང་དགོས་དོན་མེད། ས྄ྤ྄ྱིར་བ྄ྱེད་ས྄ྒོ་གང་ཞིག་ས྄ྤེལ་ཡང་དགོས་ས྄ྐ྄ྱོན་གཉིས་ཡོད་པ་ཞུས་མ་དགོས་པ་ཞིག་རེད། གང་ཡིན་ཟེར་ན། ང་ཚོ་ཚང་མ་སོར་ས྄ྐ྄ྱེ་ཡིན་པའི་ཆ་ནས་རེད།

    གང་ལ྄ྟར་ངའི་ངོས་ནས་སེར་བ྄ྱའི་མཁས་ས྄ྙན་ག྄ྲ྄ྭ་ཚང་གི་ཚོམས་ཆེན་དུ་བར྄ྡ་ས྄ྤ྄ྲོད་རིག་པའི་ཐོག་ལ་བག྄ྲོ་ག྄ླིང་གི་བ྄ྱེད་ཐེངས་དང་པོར་ས྄ྤེལ་བ་དེ་དགའ་བསུ་ས྄ྙིང་ཐག་པ་ནས་ཡོད་ཅེས་ཞུ་ར྄ྒ྄ྱུ་ཡིན། ད་དུང་།
    བ྄ྱེད་ས྄ྒོ་དེའི་མགོ་མཇུག་བར་གསུམ་ལ་དཀའ་ལས་བར྄ྒ྄ྱབ་ས྄ྟེ་བག྄ྲོ་ག྄ླིང་ས྄ྤ྄ུས་དག་ངང་མཇུག་ས྄ྒ྄ྲིལ་ཐུབ་ལ་ཧ་ཅང་གི་དགའ་བོ་ཡོད། བ྄ྱེད་ས྄ྒོ་དེའི་འགན་འཛིན་དང་། ལས་རོགས་ཡོངས་ལ་ས྄ླར་ཡང་ཐུགས་ར྄ྗེ་ཆེ་ཞུ་ར྄ྒ྄ྱ;ུ་ཡིན།

    Reply
  3. མི་རྒོད། says:
    ལོ་ 14 སྔོན།

    ངས་མཆན་བཏབ་པ་དེ་བཀོད་མིན་འདུག་བྱས་ན་འདི་འདྲ་ཞིག་ལབ་དགོས་ཡིན་པ་ད་། བཀྲིན་ཆེ།

    Reply
  4. ཡུལ་གྱར་བ། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ།

    Reply
  5. མགར་སྲས says:
    ལོ་ 14 སྔོན།

    རྗེས་སུ་ཡི་རངས་ཡོད། འོན་ཀྱང་གསར་གནས་མཁོ་གཏོང་བ་ལགས། གསར་དང་པར་གཉིས་ཆ་མི་འཕྲོད་པ་ཅི་ཡིན་ནམ།

    Reply
  6. ཐུབ་བསྟན། says:
    ལོ་ 14 སྔོན།

    རྗེས་སུ་ཡི་རང་ཡོད་གདན་ས་གྲྭ་ཚང་ཁག་གི་ནང་ད་སྔོན་གཞུང་ལུགས་ག་གེ་མོ་རེའི་བགྲོ་གླེང་འཚོགས་པ་ཐོས་མྱོང་བ་ལས་བོད་ཀྱི་བརྡའ་སྤྲོད་སྐོར་བགྲོ་གླེང་འཚོགས་པ་ཐོས་པ་ཐེང་དང་པོ་ཡིན་བཟང་གི་རྗེས་སུ་རྒྱ་ཆེ་རུ་གཏོང་ཐུབ་པའི་རེ་བ་ཡོད་

    Reply
  7. སྐྲན། says:
    ལོ་ 14 སྔོན།

    བཟང་གི་་་རྗེས་སུ་ཡི་རངས་ཡོད། ང་དེ་རིང་ལྕེ་ཡོད་པའི་ཀློག་མཁན་ཐོག་མ་ཡིན། ཧ་ཧ་ཧ་ཧ་

    Reply
  8. བསྟན་འཇམ། says:
    ལོ་ 14 སྔོན།

    རང་རེའི་གདན་ས་སེར་བྱེས་གྲྭ་ཚང་དུ་བརྡ་སྤྲོད་རིག་གནས་ཀྱི་བགྲོ་གླེང་ཚོགས་པ་རྟེན་འབྲེལ་ཞུ ། སྤྱིར་ན་སྐད་ཆ་འདི་བཤད་འདོད་རྩ་བ་ནས་མེད ། སེར་བྱེས་གྲྭ་ཚང་ཚོམས་ཁང་དུ་རིག་གནས་བགྲོ་གླེང་ཐེངས་དང་པོ་ལབ་ན་འགྲིག་མདོག་ཁ་བོ་རེད ། ལྡོག་ཕྱོགས་ནས་བཤད་ན་གནའ་ནས་ད་བར་སེར་བྱེས་གྲྭ་ཚང་དུ་ཐུན་མོང་བརྡ་སྤྲོད་རིག་གནས་བགྲོ་གླེང་ཐེངས་དང་པོ་ཆགས་པ་དེ་ངོ་གནོངས་དགོས་པ་ཞིག་རེད། དེའི་ཡར་སྔོན་དུ་ཇི་ལྟར་བགྲོ་གླེང་བྱེད་མ་ཐུབ་པ་རེད།
    གྲ་རྐྱང་འགའ་དང་དགེ་བསྐོས་ཟུར་པ་ཚེ་དབང་གྱིས་གཙོ་བསྒྲུ་བྱས་ཤིང་བྱེས་སྨད་གྲྭ་ཚང་གཉིས་ཀྱི་རོགས་རམ་གྱིས་ཐུན་མོང་བརྡ་སྤྲོད་རིག་གནས་ཤིག་ཀྱང་འདིའི་སྔོན་དུ་འཚོགས་ཡོད་པ་རེད།
    འབོད་བསྐུལ་ཞུ་རྒྱུ་ཞིག་ཡོད། དགེ་འདུན་པ་ཚོར་སྐྱབས་ཞུ་འབྲི་སྟངས་ཐད་ལ་ཟབ་སྦྱོབ་དང་བགྲོ་གླེང་རེ་འཚོག་ཐུབ་པ་ཡག་པོ་ཡོད་ས་རེད །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese