མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེར་བསྲེཊ་ནི་ཚད་མཐོའི་དྲག་སྤྱོད་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཨོ་སི་ཊོ་ལི་ཡའི་མཁས་པའི་ཚོགས་འདུ་ཞིག་ཏུ། རྒྱ་རིཊ་མཁས་དབང་ཡོན་ཧོང་ཕིན་གྱིས་རྒྱ་ནག་སྲིད་བློན་དང་རྩོམ་པ་པོ་ཝང་ལི་ཞུང་གཉིས་ཀྱིས། བོད་མིའི་མེར་བསྲེཊ་ལས་འགུལ་དྲག་སྤྱོད་རེད་ཟེར་བ་དྲང་བདེན་མིན་སྐོར་བརྗོད་ཡོད།

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིག་ནེའུ་ནང་བོད་ནང་རང་ལུས་མེར་བསྲེཊ་གཏོང་བཞིན་པའི་གནས་སྟངས་ཐོག་༼མེ་ལྷའི་ཁྲོད་ཀྱི་རང་དབང་དང་འབྱུང་འགྱུར་དཔྱད་གླེང་ཚོགས་འདུ༽ཞེས་པའི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། ཚོགས་འདུ་དེར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལཊ་དང་། རྒྱ་རིགས་མཁས་དབང་ཡོན་ཧོང་ཕིན་གཙོས་པའི་རྒྱ་རིགས་རྩོམ་པ་པོ་དང་། མང་གཙོ་དོན་གཉེར་བ།གསར་འགོད་པ།བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་སོགས་ཁྱོན་མི་ ༥༠ ལྷག་འདུ་འཛོམས་བྱུང་ཡོད།  

བགྲོ་གླེང་སྟེང་ཁྲིམས་རྩོད་པ་ཡོན་ཧོང་ཕིན་ལགས་ཀྱིས། ཉེ་ཆར་རྒྱ་ནག་སྲིད་བློན་ཝན་ཅཱ་པའོ་ཡིས་བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པ་དྲག་སྤྱོད་ལས་འགུལ་ཡིན་ཚུལ་བརྗོད་པ་དེ། རྒྱ་གཞུང་གིས་བོད་མིའི་རང་དབང་འཐབ་རྩོད་པ་ཚོར་མུ་མཐུད་དྲག་གནོན་བྱ་རྒྱུར་དམིགས་པ་ཞིག་ཡིན་སྐོར་དང་། ཉེ་ལམ་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞུང་ Wang Lixiong གིས་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་། བོད་མིའི་རང་ལུས་མེར་བསྲེགས་ཀྱི་བྱ་སྤྱོད་དེ་ཚད་མཐོའི་དྲག་སྤྱོད་རེད་ཟེར་བ་ཏག་ཏག་བསྡད་མེད་ཚུལ་ངོ་སྤྲོད་གནང་སྟེ། རྒྱ་གཞུང་གིས་དུས་རབས་ཕྱེད་ཀའི་རིང་བོད་མིའི་རང་དབང་བཙན་འཕྲོག་བྱས་པ་དང་། ཆོས་རིག་རྩ་གཏོར་གཏོང་བཞིན་པའི་གནད་དོན་ཐོག་བོད་མིས་འཐབ་རྩོད་བྱེད་ཀྱི་ཡོད་སྐོར་དང་། བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱེད་པ་དེ་དྲག་སྤྱོད་རེད་ལབ་ན་དྲང་བདེན་མིན་ཚུལ། རྒྱ་རིགས་མི་དམངས་དུང་ཕྱུར་ ༡༣ རྣམས་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་མདུན་ནས་ངོ་ཚ་དགོས་པ་དང་། རྒྱ་རིགས་མང་ཚོགས་ལ་རང་དབང་གི་དོན་དུ་ཚེ་སྲོག་འདོར་རྒྱུའི་སྙིང་སྟོབས་མེད་ཚུལ་བརྗོད་ཡོད།  

སྐབས་དེར། མང་གཙོ་དོན་གཉེར་བ་སྐུ་ཞབས་ཕང་ཆིན་ལགས་ཀྱིས་ཀྱང་བོད་མིའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་དང་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ཁ་རྡུང་དྲག་པོ་བཏང་ཡོད་ལ། སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོིར་བུ་ལགས་ཀྱིས། ད་ལྟའིོ་བཀའ་ཤག་གི་སྲིད་བྱུས་དང་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་སྦྲགས། རྒྱ་རིགས་མང་ཚོགས་ཀྱིས་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་དགོས་པའི་འབོད་སྐུལ་བཅས་ཞུས་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༥ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 12

  1. གནས་ཚང་། says:
    ལོ་ 14 སྔོན།

    ཚད་མཐོའི་དྲག་པོ་ཞེས་པ་འདི་དངོས་གནས་ཡ་མཚན་རེད། གཅིག་བྱས་ན་ཚད་མཐོའི་རང་སྐྱོང་ལ་དམའ་འབེབས་བྱེད་ཀྱིན་པར་མ་ཟད། རང་ལུས་མེར་བསྲེག་ཁྲིམས་འགལ་བ་བཟོས་རྗེས། དྲག་གནོན་བྱེད་པར་ཁ་གཡར་ས་བཙལ་ཡོད་པས། ཉེན་ཁ་གཅིག་རྗེས་གཉིས་མཐུད་མ་རེད་དམ།

    Reply
  2. ནད་པ says:
    ལོ་ 14 སྔོན།

    རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ནི་ཚད་མཐོའི་དྲག་སྤྱོད་ཀྱི་རིགས་རྩ་བ་ནས་མིན་ལ། ཡང་དེ་ནི་ཚད་མཐོའི་ཞི་བའི་ངོ་རྒོལ་རིགས་ཀྱང་རྩ་བ་ནས་མིན།

    ཡིན་ནའང་གཞི་བྱེས་བོད་རིགས་དམངས་ཀྱིས་རང་འདོད་ལྟར་རང་འགུལ་གྱིས་སྤེལ་བའི་མེར་བསྲེགས་ཀྱི་ལས་འགུལ་འདི་ནི་མཐོ་སྒང་བོད་གངས་ཅན་ལྗོངས་ཀྱི་བཙན་པོའི་མི་རིགས་གཅིག་དང་། བཙན་པོའི་རྒྱལ་ཁབ་གཅིག་གི་ཆེད་ཡོད་ཚད་བློས་བྱེད་ནུས་པའི་སྙིང་སྟོབས་ཀྱི་ལས་འགུལ་ཁོ་ན་ཡིན།

    གནའ་རབས་བོད་ཆེན་པོའི་བཙན་པོའི་དུས་རབས་སུ་གཏམ་དཔེ་ཞིག་ཀྱང་ཡོད་པ་སྟེ། སྐྱེས་པའི་མི་གྲགས་པའི་གཏམ་ཞིག་དགོས། བྱས་པའི་ལས་སྒྲུབ་པའི་མཐའ་ཞིག་དགོས། ཟེར་བའི་སྙིང་སྟོབས་ཆེན་པོས་སྐྱེས་པའི་བོད་མི་རིགས་གཅིག་ཡིན་ཕྱིན་ཆད་ལ་གྲགས་པའི་གཏམ་སྙན་གྲགས་ཞིག་ཡོད་བྱེད་དགོས་པ་དང་། རང་གི་བྱས་པའི་ལས་ཞིག་ཡིན་ཕྱིན་ཆད་ལས་འགུལ་དེ་ནི་མཐའ་གཏུགས་ངེས་པར་བསྒྲུབ་ཐུབ་པའི་སྙིང་སྟོབས་གཅིག་དགོས་པ་དེ་པོ་ན་ཡིན།

    Reply
  3. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞུན་དང་ཝེན་ཅ་པའོའི་གཏམ་བཤད་ལ་ཡ་མཚན་པོ་གང་ཡང་མཐོང་མ་སོང་། མ་གཞི་ནས་ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་རང་ལུས་མེར་བསྲེགས་ཀྱི་བྱ་བ་དེ་མཐའ་ཅིག་ཏུ་དྲག་ལས་མིན་པར་བརྗོད་མི་ཐུབ། འོན་ཀྱང་། ཁ་ཆེའི་དྲག་སྤྱོད་པའི་དྲག་ལས་དང་མི་འདྲ། རྒྱལ་སྤྱིའི་ངོས་ལེན་ཡོད་པའི་དྲག་ལས་དེ་མིན་པ་ནི་ཀུན་གྱིས་ཁས་ལེན་གྱི་ཡོད། འོན་ཀྱང་ནང་ཆོས་ཀྱི་བསླབ་བྱ་དང་བསྟུན་ན་ཧ་ལམ་དྲག་ལས་དང་ཐག་ཉེ་སར་སླེབས་ཀྱི་ཡོད། དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མེར་བསྲེགས་སྐབས་ཟམ་གདོང་བླ་མ་དང་བཀའ་ཟུར་ཐུབ་བསྟན་ལུང་རིགས་སོགས་ཀྱིས་ལས་འགུལ་དེ་མི་འགྲིག་རབས་དང་དྲག་ལས་ཡིན་རབས་སོགས་བཤད་མྱོང་ཡོད། ཡིན་ན་ཡང་དེང་སང་དེ་འདྲ་བཤད་མཁན་མིན་འདུག །རྒྱུ་མཚན་གང་ཡིན་མི་ཤེས། གཅིག་བྱས་ན་དེ་བོད་ནས་སྤེལ་བ་ཡིན་ཙང་ལབ་མ་བདེ་བ་དང་སེམས་ཤུགས་ཆག་པའི་རྐྱེན་དུ་འགྱུར་བར་བསམ་ནས་ཡིན་སྲིད།

    Reply
  4. རྒྱང་མིག says:
    ལོ་ 14 སྔོན།

    རྒྱ་རྒན་ཝང་ལི་དེ་བོད་རྩ་མེད་བཟོ་མཁན་གྱི་གསང་བའི་ཇུས་འདོན་པ་ངོ་མ་རེད་འདུག་གཱ
    ད་དུང་ང་ཚོས་རྒྱ་རིགས་གྲོགས་པོ་ཞེས་སྣེ་ལེན་བྱས་ཡོད་པ་རེད་ཨ ཁྱི་རྒན་དེ།

    Reply
  5. ཤར་མདའ། says:
    ལོ་ 14 སྔོན།

    སྤྱིར་མི་སུ་ཞིག་ཡིན་རུང་དྲང་བདེན་བརྗོད་ཀྱི་ཡོད་ཟེར་སྲིད་པ་ཞིག་རེད། འོན་ཀྱང་རྩོམ་པ་པོ་ཞིག་དང་བསམ་བློ་བ་ཞིག་གིས་དྲང་བདེན་དང་གནས་ལུགས་བརྗོད་ཀྱི་རེད་དོན་དམ་རང་མི་རིགས་ཟེར་པ་ནམ་ཡང་བློས་གཏོང་གི་མ་རེད་ལ་མི་ཞིག་ཡིན་ཕྱིར་མི་རིགས་རང་ལུགས་པ་ཞིག་ཡིན་ངེས་རེད་གང་ལྟར་ཝང་ལི་ཞུང་ལྟ་བུ་ལ་མཚོན་ན་དྲང་བདེན་དང་གནས་ལུགས་བརྗོད་ཁུར་བྱེད་ངེས་རེད་རང་ཉིད་ཀྱི་མི་རིགས་ལ་རྒྱབ་འགལ་བྱས་ནས་འུ་ཚོ་ལ་རྒྱབ་གནོན་བྱེད་སྲིད་པ་ཞིག་མ་རེད།   

    Reply
  6. རྣམ་སྲས། says:
    ལོ་ 14 སྔོན།

    རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞུང་ཕྱི་ཚུལ་གྱི་ཆ་ནས་བོད་མི་རིགས་དཀའ་རྙོག་ཐོག་གདུང་སེམས་མཉམ་བསྐྱེད་ཡོད་མདོག་སྟོན་མཁན་ཞིག་ཡིན་ཀྱང་དོན་དངོས་སུ་གནད་ལ་ཐུག་པའི་ཉིན་མོ་ཁོ་ཡང་སྐད་ཆ་དྲང་མོ་ཤོད་མཁན་ཞིག་མིན་པ་ད་ལྟའི་བོད་མིའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་སྐོར་ལ་ཁོས་བཤད་པའི་སྐད་ཆས་ར་སྤྲོད་བྱེད་ཐུབ། དེའི་ཕྱིར་འདི་འདྲའི་གྲས་ལ་ང་ཚོས་ངོས་ནས་ཀྱང་རྒྱུན་དུ་ཡིད་གཟབ་བྱེད་དགོས་སྙམ།

    Reply
  7. དབྱར་ཁབ་ཀུན་བཟང། says:
    ལོ་ 14 སྔོན།

    གསར་འགོད་པ་ལགས། ཐུགས་རྗེ་ཆེ། དེ་རིང་གི་བརྗོད་དོན་དང་མིང་བྱང་གཉིས་དེ་ཙམ་འཚམ་པོ་མི་འདུག

    Reply
  8. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    རྒྱ་ནག་སྲིད་བློན་གིས་དྲག་སྤྱོད་ཀྱི་ལས་འགུལ་དང་འཚེ་མེད་ཞི་བའི་ལས་འགུལ་དབྱེ་བ་ཕྱེ་མི་ཤེས་པའམ་ཧམ་པའི་གཏམ་བཤད་སྤེལ་བ་ནི་ངོ་ཚ་གནས་སུ་གྱུར་བ་ཞིག་རེད། སྙིང་རྗེ་ཝུན་ཅའོ་སྤོའོ།

    Reply
  9. ཐུབ་བསྟན། says:
    ལོ་ 14 སྔོན།

    རང་གི་མི་དམངས་དང་སློབ་མ་དམར་གསོད་བྱེད་མཁན་རྒྱ་ནག་གཞུང་དང་ཁ་ཊ་སྤེ་སོགས་འཛམ་གླིང་འདིའི་ཐོག་དྲག་སྤྱོད་ཚད་མཐོ་ཤོས་ཞེས་བཤད་ན་དོན་ལ་གནས་མོད་མི་གཞན་སུ་ལ་ཡང་འཚེ་བ་མེད་པར་མ་ཟད་སྡུག་བསྔལ་བཟོད་མཐའ་བྲལ་བའི་གཉའ་གནོན་དྲག་སྤྱོད་གཡོ་རྒྱུའི་བསླུ་བྲིད་རང་དབང་ཏིལ་འབྲུ་ཙམ་ཡང་མེད་པའི་མི་རིགས་ཤིག་སྐྱོབས་པའི་ཆེད་རང་གིས་ཐམས་ཅད་བློས་གཏོང་བྱེད་པ་འདི་དྲག་སྤྱོད་ནམ་ཡང་ཡིན་མི་སྲིད་འདི་ནི་འཚེ་མེད་ཀྱི་སྤྱོད་པ་ཚད་མཐོ་ཤོས་ཞེས་བརྗོད་ན་འཚམས་་ཝིན་ཅ་པོ་ཁྱི་རྒན་དང་ཝང་ཤོན་ཁྱི་རྔ་གཉིས་ནམ་ཡང་འབྲལ་ཐབས་མེད་ཝང་ཤོན་ཁྱི་རྔ་དེས་སེམས་ནང་དམར་ཕྱོགས་ཚོགས་པ་མ་གཏོགས་མེད་ཁོས་ཁ་ནས་ཇི་བཤད་ན་དོན་དངོས་ཐོག་རྒྱ་གཞུང་མ་གཏོགས་མེད་པ་བོད་པ་ཚང་གི་ཤེས་དགོས

    Reply
  10. གངས་རིའི་གཅེས་འཕྲུག says:
    ལོ་ 14 སྔོན།

    དོག་པོ་བསོད་ནོར་གྱིས་བོད་དོན་ལས་ག་ཡག་པོ་བྱས་མེད་པ་གསལ་བོ་ཡིན། ཚོགས་འདུ་ལ་སྐད་ཡང་བཏང་དགོས་པ་ཚོ་བཏང་མི་འདུག
    ཅིག་བྱས་ཡོད་ཟེར་བཙམ་ལས་བོདནདོན་ལ་ཕན་པའི་ཚོགས་འདུ་ཞིག་མ་རེད། ཁོ་ཡང་འགྲོ་ཐབས་འདུག་ཐབས་ཅན་ཞིག་རེད།

    Reply
  11. ཚ་ཤོད་ཤེས་རབ། says:
    ལོ་ 14 སྔོན།

    ྭཝང་ལི་ཞུང་ཞེས་པའི་རྒྱ་རྒན་དེ་ལ་དོགས་ཟོན་དགོས་ཚུལ་གྱི་རྩོམ་ཡིག་ཅིག་༢༠༠༦ལོར་བཙན་བྱོལ་ནང་ཐོག་དང་པོར་བོད་ཀྱི་བང་ཆེན་ཚགས་ཤོག་ཐོག་ཐོན་པ་རེད། དེ་ནས་ལོ་ཤས་རྗེས་རྒྱ་རྒན་དེ་གངས་སྐྱིད་ནས་མཁས་ཉམས་མངོན་པ་རེད། ད་ལྟ་ནང་སྙིང་ཕྱིར་སློག་འདུག་གཱ སྙིང་རྗེ། བཀྲུས་ཀྱང་མི་དག་པའི་བོད་རིགས་འོད་ཟེར་གྱིས་བློ་གྲོད་པར་གཏད་ཀྱང་གྲོད་པས་ཆུ་གློད་དུས། ད་ཁོ་མོས་ངེད་སྤུན་ཟླ་རྣམས་ཀྱི་གདོང་ལ་ཇི་ལྟར་ལྟ་ནུས་སམ།

    Reply
  12. སྐར་མདའ། says:
    ལོ་ 14 སྔོན།

    རྒྱ་རིགས་ཁྲིམས་རྩོད་པ་ཞིག་གི་ངོས་ནས་དྲང་གཏམ་བཤད་པར་དགའ་བསུ་ཡོད། རང་ལུས་མེར་སྲེག་ནི་དྲག་སྤྱོད་ཅིག་གཏན་ནས་མིན། དྲག་སྤྱོད་ནི་གཞན་ལ་གནོད་འཚེ་བྱ་བའི་བསམ་པ་ངེས་ཅན་ཞིག་གིས་གཞིར་དྲངས་ཏེ་འཚེ་ལས་གང་ཞིག་ལག་ལེན་སྟེང་དངོས་སུ་སྦྱོར་དགོས་པ་ཞིག་ཡིན། དཔེར་ན་རྒྱ་གཞུང་གི་ཡ་ང་བའི་དྲག་གནོན་དེ་དག་ལྟ་བུ་ཡིན། མཁས་དབང་ཡིན་པར་སྒྲོག་པའི་ཝང་ལུ་ཞུང་གིས་སྐད་ཆ་དེ་དག་དངོས་གནས་མགོ་གཉིས་མའི་སྐད་ཆ་རང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese