མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛིན་རིམ་ ༡༢ ཐོན་པའི་སློབ་མ་ཚོར་མདུན་ལམ་སློབ་སྟོན་ཟབ་སྦྱོང་།

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག  འཛིན་རིམ་ ༡༢ ཐོན་པའི་སློབ་ཕྲུག་ ཚོར་མཐོ་སློབ་ཏུ་སློབ་ཚན་འདེམས་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་སྤྲད་སོང་།

ཁ་སང་ཕྱི་ཚེས་ ༥ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱི་སློབ་མའི་མདུན་ལམ་སློབ་སྟོན་སྡེ་ཚན་གྱི་གོ་སྒྲིག་འོག རྒྱ་གར་ནང་གི་བོད་པའི་སློབ་གྲྭ་ཁག་ཚང་མ་ཚུད་པའི་འཛིན་རིམ་ ༡༢ ཐོན་མཁན་གྱི་སློབ་ཕྲུག་ ༡༠༠ ལྷག་ལ། མཐོ་སློབ་འཚོལ་སྟངས་དང་སློབ་ཚན་འདེམས་ཕྱོགས་སོགས་དང་འབྲེལ་བའི་མ་འོངས་མདུན་ལམ་བཅས་ཀྱི་ཐད།  ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་པ་དང་ཆེད་ལས་པ་ཁག་ཅིག་གིས་སོ་སོའི་ཉམས་མྱོང་དང་འབྲེལ་ཏེ། སློབ་ཕྲུག་ཚོར་ལམ་སྟོན་དང་དྲི་བ་དྲིས་ལན་བྱས་སོང་།

ཟབ་སྦྱོང་གི་མཛད་སྒོའི་ཐོག་མར་ཤེས་རིག་ལས་ཁུངས་ཀྱི་སློབ་མའི་མདུན་ལམ་སློབ་སྟོན་སྡེ་ཚན་གྱི་འགན་འཛིན་དང་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཟབ་སྦྱོང་ངོ་སྤྲོད་གནང་རྗེས། ཤེས་རིག་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་སློབ་ཕྲུག་ཚོ་རྒྱ་གར་མཐོ་སློབ་ཁག་ཏུ་སྐྱོད་སྐབས་རང་ཉིད་ཁོར་ཡུག་གང་དེའི་ནང་བོད་པའི་སྐུ་ཚབ་ལྟ་བུ་ཞིག་ཏུ་གྱུར་ཡོད་སྟབས། རྒྱུན་དུ་སློབ་སྦྱོང་ལ་འབད་བརྩོན་དང་སོ་སོའི་བཟང་སྤྱོད་ལ་དོ་སྣང་བྱ་དགོས་སྐོར་གྱི་གཏམ་བཤད་གནང་སོང་།

ཟབ་སྦྱོང་གི་ལས་རིམ་དང་པོའི་སྐབས་འཛིན་རིམ་ ༡༡ དང་ ༡༢ གྱི་སློབ་མ་ཚོར་སོ་སོའི་སློབ་ཚན་གཞིར་བཟུང་སྡེ་ཚན་དུ་དབྱེ་སྟེ། གངས་སྐྱིད་དཔེ་མཛོད་ཁང་གི་ཡིག་སྒྱུར་དང་ཉམས་ཞིབ་ཚན་པའི་འགན་འཛིན་ཆོག་བསྟན་འཛིན་སྨོན་ལམ་ཕུན་ཚོགས་ལགས་ཀྱིས། དེང་གི་འཛམ་གླིང་ནང་བོད་ཡིག་ལ་མདུན་ལམ་ཅི་འདྲ་ཡོད་པའི་སྐོར་དང་། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་རྒྱལ་མཚན་ལགས་ཀྱིས་ཚན་རིག་སློབ་སྦྱོང་གི་གལ་ཆེན་རང་བཞིན་དང་དེའི་མདུན་ལམ་སྐོར། ཚེ་རིང་རྟ་མགྲིན་ལགས་ཀྱིས་ཚོང་ལས་དང་རྩིས་རིག་སློབ་སྦྱོང་གི་གདམ་ཀ་དང་དེའི་མདུན་ལམ་སྐོར། སྒྲོལ་དཀར་དབང་མོ་ལགས་ཀྱིས་སྤྱི་ཚོགས་ཚན་རིག་སློབ་སྦྱོང་དང་དེའི་གལ་གནད་བཅས་ཀྱི་ཐད་གཏམ་བཤད་དང་དྲི་བ་དྲིས་ལན་བྱས་ཡོད།

ཟབ་སྦྱོང་ལས་རིམ་གཉིས་པའི་སྐབས་སློབ་ཚན་བྱེ་བྲག་པ་ཁག་ཅིག་གི་ཐད་འབྲེལ་ཡོད་ཆེད་ལས་པ་གདན་ཞུས་ཐོག རྒྱལ་མཚན་གྱིས་བོད་པའི་སྤྱི་ཚོགས་ནང་དགེ་རྒན་གྱི་གནས་བབ་དང་དེའི་མདུན་ལམ། བཀའ་ཤག་དྲུང་གཞོན་བསྟན་འཛིན་ལེགས་བཤད་ཀྱིས་གཞུང་ཞབས་ལས་བྱེད་ཀྱི་ལས་ཀའི་ངོ་བོ་དང་དེར་ཇི་ལྟར་འཛུལ་ཞུགས་བྱ་དགོས་སྐོར། ཕ་ཡུལ་གསར་ཁང་གི་གསར་འགོད་པ་བསྟན་དར་ཚེ་རིང་གིས་གསར་འགོད་ལས་རིག་དང་དེའི་མདུན་ལམ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གློད་ཀླད་སྡེ་ཚན་གྱི་འགན་འཛིན་རྣམ་རྒྱལ་ལེགས་བཤད་ཀྱིས་གློག་ཀླད་སློབ་སྦྱོང་དང་དེའི་མདུན་ལམ། ཤེས་རིག་ལས་ཁུངས་ཀྱི་སློབ་མའི་མདུན་ལམ་སློབ་སྟོན་སྡེ་ཚན་གྱི་མདུན་ལམ་སློབ་སྟོན་པ་གཞོན་པ་བསོད་ནམས་དཔལ་མོས་སེམས་ཁམས་རིག་པའི་སློབ་སྦྱོང་དང་དེའི་མདུན་ལམ། བཙན་བྱོལ་བོད་མིའི་ཆེ་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་རྩོད་པ་བསྟན་འཛིན་རྣམ་རྒྱལ་གྱིས་ཁྲིམས་ལུགས་སློབ་སྦྱོང་དང་། དེང་གི་འཛམ་གླིང་སྤྱི་དང་བྱེ་བྲག་བོད་མིའི་སྤྱི་ཚོགས་ནང་ཁྲིམས་ལུགས་སློབ་སྦྱོང་གི་མདུན་ལམ་བཅས་ཀྱི་ཐད། སློབ་ཕྲུག་རྣམས་སོ་སོའི་སློབ་སྦྱོང་གི་གདམ་ཀ་གཙོ་བཟུང་ཐོག་སྡེ་ཚན་ཁག་ཏུ་བགོས་ཏེ་བགྲོ་གླེང་དང་དྲི་བ་དྲིས་ལན་བྱས་ཡོད་པ་མ་ཟད། ཉིན་རྒྱབ་རྒྱ་གར་གྲོང་ཁྱེར་མ་འདྲ་བ་ཁག་ཅིག་ནས་སླེབས་པའི་མཐོ་སློབ་འགྲིམ་བཞིན་པའི་བོད་རིགས་སློབ་མ་འགས་སོ་སོའི་ཉམས་མྱོང་དང་མཐོ་སློབ་ཡག་ཤོས་རིགས་ངོ་སྤྲོད། སློབ་ཚན་གྱི་གདམ་ཀ་ག་དག་ཡོད་མེད་དང་མཐོ་སློབ་འཚོལ་སྟངས་སོགས་ཀྱི་ཐད་ཉམས་མྱོང་བརྗེ་རེས་བཅས་གནང་སོང་།

ཐེངས་འདིའི་ཟབ་སྦྱོང་ནང་མཉམ་ཞུགས་བྱེད་མཁན་སློབ་ཕྲུག་ཁག་ཅིག་ལ་མ་འོངས་པར་སློན་ཚན་ག་རེའི་སྟེང་འགྲོ་འདོད་ཡོད་མེད་དང་། སློབ་ཚན་དེ་དག་ལ་སློབ་སྦྱོང་བྱ་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་སྐོར་དྲིས་སྐབས། སིམ་ལཱ་གཏན་སློབ་ནས་ཡིན་པའི་སློབ་ཕྲུག་ཤེས་རབ་ཀྱིས་ “ང་རང་འཛིན་རིམ་ ༡༡ དང་ ༡༢ སྐབས་མགྲོན་ཁང་འཛིན་སྐྱོང་དང་ཡུལ་སྐོར་སྤྲོ་འཆམ་རིག་པའི་སློབ་ཚན་བླངས་པ་ཡིན། མ་འོངས་པར་མགྲོན་ཁང་གི་འཛིན་སྐྱོང་རིག་པའི་སློབ་སྦྱོང་སྟེང་འགྲོ་རྒྱུ་ཡིན། དེ་ནི་ང་རང་ཉིད་ཀྱི་དགའ་ཕྱོགས་ཡིན”ཞེས་བརྗོད་བྱུང་།

མཱ་སུ་རི་སློབ་གྲྭའི་ཚོང་ལས་སྡེ་ཚན་ནས་སློབ་མཐར་ཕྱིན་མཁན་སློབ་ཕྲུག་བསྟན་འཛིན་ཀུན་དགའ་ལགས་ཀྱིས་ “ང་རང་གིས་འཛིན་རིམ་ ༡༡ དང་ ༡༢ སྐབས་ཚོང་ལས་རིག་པའི་སྡེ་ཚན་ནང་སློབ་སྦྱོང་བྱས་པ་ཡིན། ད་ལྟ་ཚོང་ལས་དང་ཁྲིམས་ལུགས་གང་གི་ཐོག་སློབ་སྦྱོང་བྱ་དགོས་མིན་ཐེ་ཚོམ་ངང་ལྷག་ཡོད། ངས་ཁྲིམས་ལུགས་ཐོག་སློབ་སྦྱོང་བྱ་ཐུབ་ན་བསམ་བསྡད་ཡོད། དེ་ནི་ང་རང་གི་དགའ་ཕྱོགས་ཡིན”ཞེས་བརྗོད་བྱུང་།

ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚན་རིག་སྡེ་ ཚན་ནས་ཐོན་པ་སློབ་ཕྲུག་བསྟན་འཛིན་ཕན་ཐོགས་ཀྱིས་ “ང་རང་དགེ་རྒན་བྱ་འདོད་ཡོད། མ་འོངས་པར་མཐོ་སློབ་ནང་ཚན་རིག་ཐོག་སློབ་སྦྱོང་བྱས་ཏེ་རྗེས་མ་ཚན་རིག་དགེ་ རྒན་ཞིག་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད། དེ་ནི་སོ་སོའི་འདོད་མོས་དང་དགའ་ཕྱོགས་ཡིན་ ” ཟེར།

ཐེངས་འདིའི་ཟབ་སྦྱོང་དུ་ཞུགས་མཁན་སློབ་ཕྲུག་ཚོར་མཐོ་སློབ་ནང་སློབ་ཚན་ག་རེ་ལེན་རྒྱུ་ཡིན་མིན་ཐད་ད་ལྟ་སེམས་ཐག་ཆོད་མཁན་ག་ཚོད་ཡོད་མེད་རྒྱུས་ལོན་བྱས་པར། སློབ་མ་བརྒྱ་ ༡༠ ཙམ་གྱིས་མ་གཏོགས་བརྒྱ་ཆ་ ༩༠ ཡིས་ད་དུང་སློབ་ཚན་ག་རེ་ལེན་དགོས་མིན་སེམས་ཐག་མ་ཆོད་པར་ཐེ་ཚོམ་ངང་ལྷག་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 11

  1. nyiser says:
    ལོ་ 14 སྔོན།

    ཤེས་རིག་ནས་དེ་ལྟ་བུའི་ཟབ་སྦྱོང་གནང་བ་ནི་རླབས་ཆེ་བའི་བྱ་བ་ཞིག་རེད། འོན་ཏེ། ང་ཚོའི་སློབ་ཕྲུག་རྣམས་ལ་ཐོག་དང་པོ་ཉིད་ནས་བསམ་བློའི་འཐད་སློབ་གསོ་ངེས་ཅན་ཞིག་འཐོབ་བ་བྱ་རྒྱུ་ནི་ཤིན་ཏུ་གལ་གནད་ཆེ་བ་ཞིག་ཡིན་པ་མ་ཟད་དེ་ལྟ་བུའི་སློབ་གསོ་དེ་དམའ་འབྲིང་སྐབས་ནས་འཐོབ་ཚེ། སློབ་མ་རང་ཉིད་ལ་རང་འཚུགས་ལྡན་པའི་དམིགས་འདུན་དང་ལྟ་བ་ཞིག་ལྡན་ངེས་ཡིན་པས་ཕྱིན་ཆད་གཞི་རིམ་སློབ་གྲྭ་ཁག་ནང་བསམ་བློའི་སློབ་གསོ་དང་འབྲེལ་བའི་ཟབ་སྦྱོང་རེ་སྤྲོད་ཐུབ་ཚེ་དེ་ལས་ཀྱང་དགེ་ཕན་ཆེ་བར་མཐོང་།

    Reply
  2. མི་རྒོད། says:
    ལོ་ 14 སྔོན།

    རེད་རེད་ཉག་ཕྲའི་དུས་སྐབས་འདིར་གསར་ལམ་ལ་དོ་སྣང་བྱས་ནས་འཁུར་མཉམ་ལེན་གྱིས་འཛམ་གླིང་ལ་འགྲེལ་བརྗོད་བྱེད་རྒྱུ་ལེ་རང་གི་གྲོད་ཁོག་དུས་ཚོད་དེ་གལ་ཆེན་པོ།།།
    དེ་ཡང་བོད་ཚང་གི་མི་ཞིག་རེད་ ཐོས་པ་དགའ།།།།

    Reply
  3. བསྟན་འཛིན་ཆོས་འཕེལ། says:
    ལོ་ 14 སྔོན།

    སྤྱིར་བཏང་དུས་ཚོད་རྩ་བ་ཆེན་པོ་ཡིན་ཙང། ཉིན་ལྟར་བསམ་ཚུལ་འདྲ་འདོན་བཞིན་སྡོད་ཁོམ་མི་འདུག་ཏེ། ད་ཐེངས་ཀྱི་ཟབ་སྦྱོང་འདི་དངོས་ནས་དགོས་གལ་ཆེན་པོ་དང་རྒྱལ་སྤྱིའི་འགྲོ་ལུགས་དང་མཐུན་པ་ཞིག་ཏུ་མཐོང་སོང་བས། ཟབ་སྦྱོང་གནང་མཁན་དང་ཉན་མཁན་ཚང་མས་རིག་པ་བསྒྲིམས་ཏེ་བློ་རྩེ་གཅིག་ཏུ་སྤུངས་དགོས་པ་གལ་ཆེན་རེད།

    Reply
  4. རེབ་ཐོག་མདའ says:
    ལོ་ 14 སྔོན།

    མདུན་ལམ་ལམ་སྟོན་བྱས་ན་ད་ཡག་པོ་རེད་ཡིན་ཡང་མདུན་ལམ་ལམ་སྟོན་བྱེད་དགེ་སློབ་གཉིས་ཀྱིས་བོད་སྐད་ཆ་ལ་ཆོ་ལེ་ཞིག་བཤད་བཞིན་དེ་དངོས་གནས་ཚབས་ཆེན་པོ་རེད་།
    སློབ་མ་དེ་ཡིན་ན་ཡང་འདྲ་ལམ་སྟོན་མཁས་དབང་ཚོ་ཡིན་ཡང་འདྲ་ཁྱོད་ཚོ་ཚང་མ་ལ་བོད་སྐད་གཙང་མ་བཤད་སྟངས་ལ་ལམ་སྟོན་ཞིག་བྱེད་ན་ཡག་ས་རེད་།
    དེ་མ་གཏོངས་བོད་པའི་སོན་རྩ་ཚང་མ་རུལ་རྒྱའི་ཉེན་ཁ་འདུག

    Reply
  5. མངའ་རིས་བུ། says:
    ལོ་ 14 སྔོན།

    ད་ཟབ་སྦྱོང་བྱེད་དེ་ཕན་པ་གང་ཡོང། དེ་སྔར་ཟབ་སྦྱོང་ཨ་ཟབ་ཡང་ཟབ་གནང་ཚར་པ་རེད། གཞོན་སྐྱེས་ཚོ་ནི་ད་དུང་ཡང་རྒྱ་ལམ་ལ་ཉུལ་ནས་བསྡད་ཡོད། དེ་ལས་ཁོང་ཚོར་ལས་ཀ་ཞིག་འཚོལ་ཐབས་བྱེད་ན་ལེགས་ཤོས་རེད།

    Reply
  6. ཤག་སྒང་པ། says:
    ལོ་ 14 སྔོན།

    སློབ་ཚན་ལ་རྒྱུས་མངའ་ཆེ་བའི་མི་སྣ་གདན་ཞུས་ཀྱིས་ལམ་སྟོན་དྲིས་ལན་གནང་བར་མངོན་པར་བསྟོད་དོ།།

    Reply
  7. རབ་དགའ། says:
    ལོ་ 14 སྔོན།

    དེང་སྐབས་དུས་བབ་ཚང་ལ་གསར་འགྱུར་ཇེ་ཉུང་རེད། གསར་འགྱུར་གཅིག་གཉིས་རེ་བཀོད་པ་དག་ཀྱང་གཞན་གྱི་རྗེས་ལུས་ཁོ་ན་རེད།

    Reply
  8. ཤེལ་དཀར་བློ་བཟང་དངོས་གྲུབ། says:
    ལོ་ 14 སྔོན།

    ཟབ་སྦྱོང་དེ་ཁ་ཡོད་ལག་ཡོད་ཀྱིས་ཕན་འདོགས་ཡོད་པ་ཞིག་རེད། དེའི་ཐོག་སློབ་གྲོགས་ཚོས་ངེས་པར་དུ་ཐུགས་སྣང་གནང་རྒྱུ་གལ་ཆེ།།

    Reply
  9. tenkyong says:
    ལོ་ 14 སྔོན།

    མ་གཞི་སྤྱི་ཚོགས་ཀྱི་གྲུ་ཟུར་ཚང་མ་ལ་བདག་པོ་བརྒྱབ་པ་གསར་འགོད་པ་ཡག་པོ་རེད། ཡིན་ནའང་སློབ་ཕྲུག་ཁ་ཤས་ལ་དྲ་བ་དྲིས་ལན་གནང་བའི་ནང་དོན་ལ་རྒྱུ་མཚན་ཞེ་དྲག་མི་འདུག དུས་བབ་ཚང་གི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱི་དྲི་བ་དྲིས་ལན་ཡུན་རིང་ཞིག་ལ་མཇལ་ཐུབ་མ་སོང་ག་རེ་བྱུང་བ་རེད། ཁོང་གི་བཅར་འདྲི་ཁག་ལ་དོན་སྙིང་ཆེན་པོ་ཡོད།

    Reply
  10. མི་རྒོད། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གིས་སློབ་ཕྲུག་ཚོར་དཀའ་ངལ་གྱི་དུས་སུ་སེམས་ཤུགས་ནམ་ཡང་ཆག་མི་རུང་བ་དང་། སེམས་བཟང་པོ་དང་རྣམ་དཔྱོད་གཉིས་དུས་མཉམ་དུ་འགྲོ་དགོས་པའི་ཐོག་རང་ཉིད་ཀྱི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་ཐབས་ལ་འབད་བརྩོད་གནང་དགོས་རྒྱུ་ཞེས་གསུངས་ཤག།།
    མི་རྒོད།
    ༢༠༡༢/༠༤/༢༢ ཉིན་འདོན་སྤེལ་བྱས། བརྩེ་བའི་བསམ་པ་དེ་རྨང་གཞིར་བྱས་ཏེ་རྣམ་དཔྱོད་བེད་སྤྱོད་ཐོག་ཉེ་རིང་མེད་པའི་བྱམས་བརྩེའི་བསམ་བློ་ཞིག་ཡོང་ཐབས་ལ་འབད་དགོས ” ཞེས་གསུངས། ང་ཚོ་ལ་སངས་རྒྱས་སྟོན་པས་བཀའ་ཕེབས་འདུག་ད།།

    Reply
  11. མི་རྒོད། says:
    ལོ་ 14 སྔོན།

    ཀ་ཡེ་སློབ་མ་རྣམས་ད་ཐོམ་ཐོམ་མ་བྱེད་རང་ལ་ཡོད་པའི་ རྣམ་དཔྱོད་བེད་སྤྱོད་གཏང་སྟེ་རང་མི་རིགས་ལ་ཕན་པ་དང་ རང་ལ་ཕན་པ་གཉིས་ལྡན་ལ་འབད་དགོས་དེ་མིན་ཁྲ་ཁྲ་ཟིང་ཟིང་ང་ཚོའི་ལེགས་བྱང་དང། རིག་གཞུང་མ་རེད། བཀའ་ཁྲི་མཆོག་གི་དབུས་ཤེས་རིག་ལས་ཁུངས་ལ་བཀྲིན་ཆེ་ཞུ། བོད་མིའི་ཤེས་རིག་རྒྱལ་གྱུར་ཅིག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese