མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སིམ་ལ་གཏན་སློབ་ལོ་ ༥༠ སོན་པའི་མཛད་སྒོ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

གཟའ་མིག་དམར་ཉིན་སིམ་ལ་གཏན་སློབ་བཙུགས་ནས་མི་ལོ་ ༥༠ འཁོར་བའི་མཛད་སྒོ་ཚོགས་ཏེ། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་སྤེལ་ཡོད།

ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཧི་མ་ཅལ་མངའ་སྡེའི་སིམ་ལ་གཏན་སློབ་དབུ་བརྙེས་ཏེ་ཁྱོན་མི་ལོ་ ༥༠ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གཙོས་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་། ནང་སྲིད་དྲུང་ཆེ་བསོད་ནམས་སྟོབས་རྒྱལ། སྤྱི་འཐུས་ཀརྨ་ཆོས་འཕེལ་དང་ཡེ་ཤེས་ཕུན་ཚོགས་བཅས་དང་། རྒྱ་གར་ཕྱོགས་ནས་སིམ་ལ་གཏན་སློབ་སློབ་གཙོ་སྐུ་ཞབས་ཨེ་ཨེ་སི་རཱ་བ་ཌ་ (AS Rawat) གཙོས་སློབ་གྲྭའི་དགེ་ལས་དང་སློབ་ཟུར། དེ་བཞིན་འབྲེལ་ཡོད་མི་སྣ་ཁག་ཅིག་བཅས་ཁྱོན་མི་བརྒྱ་ཕྲག་ཁ་ཤས་ཕེབས་ཡོད་འདུག

མཛད་སྒོའི་སྟེང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་སིམ་ལ་གཏན་སློབ་ནི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་ཆེས་ཐོག་མའི་སློབ་གྲྭའི་གྲས་ཡིན་པ་མ་ཟད། སློབ་གྲྭའི་དེའི་ནང་སློབ་མཐར་ཕྱིན་པའི་སློབ་མ་མང་དག་ཅིག་གིས་ད་ཆར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལས་དོན་སྣ་ཚོགས་སྒྲུབ་བཞིན་ཡོད་སྐོར་དང་། སྐབས་བཅུ་བཞི་པའི་བཀའ་ཤག་གིས་བོད་མིའི་ཤེས་ཡོན་ཧ་ཅང་གལ་ཆེན་དུ་འཛིན་གྱི་ཡོད་སྟབས། སློབ་གྲྭའི་དགེ་རྒན་དང་ལས་བྱེད་ཚོས་སློབ་མའི་ཤེས་ཡོན་ཐོག་སྔར་ལས་འབད་བརྩོན་གནང་དགོས་པའི་སྐུལ་མ་བཅས་གནང་ཡོད་ལ། དེའི་རྗེས་བཀའ་ཁྲི་མཆོག་གིས་སློབ་གྲྭའི་སློབ་ཕྲུག་ལེགས་གྲས་ཁག་ཅིག་ལ་གཟེངས་རྟགས་ཀྱང་གནང་ཡོད་འདུག

སྐབས་དེར་ཤེས་རིག་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས། ཁོ་རང་ཉིད་སིམ་ལ་གཏན་སློབ་ཀྱི་སློབ་ཟུར་ཞིག་ཡིན་པའི་ཆ་ནས། སློབ་གྲྭའི་ལྔ་བཅུའི་དུས་དྲན་སྲུང་གཙི་གནང་ཐུབ་པ་དེར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་སྐོར་དང་། སིམ་ལ་གཏན་སློབ་ཀྱི་སློབ་གྲྭའི་གནས་སྟངས་ལ་གཟིགས་ཏེ། བཀའ་ཤག་སྐབས་བཅུ་བཞི་པས་སློབ་གྲྭ་དེར་རོགས་དངུལ་ཧིན་སྒོར་ ༡༢༠༠༠༠ ཙམ་སྤྲད་ཡོད་སྟབས། འཛིན་སྐྱོང་གིོས་སྒོར་མོ་དེ་དག་སློབ་མའི་ཤེས་ཡོན་མཐུན་རྐྱེན་དུ་སྦྱོིར་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་འདུག

ཧི་མ་ཅལ་མངའ་སྡེའི་རྒྱལ་སར་གསར་འཛུགས་བྱས་པའི་སིམ་ལ་གཏན་སློབ་ནི། ༸གོང་ས་མཆོག་གི་ལམ་སྟོན་ལྟར་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༡ ཉིན་གསར་འཛུགས་གནང་བའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཐོག་མ་གཉིས་པ་ཡིན་ལ། སློབ་གྲྭ་དེ་ ༡༩༦༢ ལོའི་ཟླ་ ༥ ཚེས་ ༥ ཉིན་རྒྱ་གར་དབུས་གཞུང་བོད་སློབ་འཛིན་སྐྱོང་འོག་བཅུག་སྟེ། ༢༠༡༢  ཟླ་ ༥ ཚེས་ ༥ བར་ཁྱོན་མི་ལོ་ལྔ་བཅུ་ཧྲིལ་པོ་ཕྱིན་ཡོད་ལ། འདས་པའི་མི་ལོ་༥༠ རིང་སློབ་གྲྭ་དེར་སློབ་མ་གྲངས་ ༦༨༡༦ སློབ་ཐོན་བྱུང་ཡོད་འདུག

སིམ་ལ་གཏན་སློབ་ཀྱི་མི་ལོ་ལྔ་བཅུའི་དུས་དྲན་སྟེང་༸གོང་ས་མཆོག་གིས་ཀྱང་ཆེད་དུ་གསུང་འཕྲིན་ཞིག་བསྩལ་ཏེ། སིམ་ལ་གཏན་སློབ་བཙུགས་པ་དེས་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་གྲུབ་འབྲས་གང་འཚམ་ཞིག་བྱུང་ཡོད་པ་དང་། གྲུབ་འབྲས་དེ་དག་གཙོ་བོ་རྒྱ་གར་གཞུང་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་གསུངས་འདུག

གསར་འགོད་པ། དཔལ་ལྡན། 
 

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

ཆུ་ཚོད་ ༡༦ སྔོན་ལ།
THE MONK AND THE GUN (དྲ་རྒྱའི་པར།)
Featured Blogger

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

ཆུ་ཚོད་ ༡༨ སྔོན་ལ།
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

ཆུ་ཚོད་ ༡༩ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

མཆན། 1

  1. མི་རྒོད། says:
    ལོ་ 14 སྔོན།

    ཡ་ད་བློ་ཕམ་པ་ཞིག་ལ་སློབ་གྲ་ཐོན་ཟིན་པས་མ་རྗེ་བརྩུན་མས་གསོས་པའི་མི་འདི་ཚོ་ཤེས་ཡོན་ལ་དོ་སྣང་ཞན་རྟགས་འདི་ན་འདུག་ སྐྱོ་ལེ་ད། འདི་རིགས་བལྟ་ཀློག་བྱེད་མི་ཉུང་ལེ་ད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese