མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་སྲིད་འཛིན་ཧོ་ལན་ཌེ་ལ་ཐོབ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་གྱི་ཧྥ་རན་སིའི་སྲིད་འཛིན་འོས་འདེམས་ཁྲོད། ཧྥ་རན་སིའི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ཚོགས་པའི་སྲིད་འཛིན་འོས་མི་ཧོ་ལན་ཌེ་ལ་རྒྱལ་ཁ་ཐོབ་པར། ཨ་རི་དང་དབྱིན་ཇི་སོགས་ཀྱིས་འཚམས་འདྲི་ཞུས་ཡོད་འདུག

ཁ་སང་ཕྱི་ཚེས་ ༦ ཉིན་ཧྥ་རན་སིའི་ནང་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་བྱས་ཡོད་པ་དང་། འོས་བསྡུ་ཡོངས་སུ་གྲུབ་རྗེས་ཀྱི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པ་ལྟར་ན། འོས་ཤོག་མཐོ་ཤོས་ཧྥ་རན་སིའི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ཚོགས་པའི་(Soialist Party )འོས་མི་ཧོ་ལན་ཌེ་(Francois Hollande) ལ་འོས་གྲངས་བརྒྱ་ཆ་ ༥༡།༩ དང་། ད་སྔའི་སྲིད་འཛིན་སར་ཁཱོ་ཛེ་ (Nicolas Sarkozy) ལ་འོས་གྲངས་བརྒྱ་ཆ་ ༤༨།༡ བཅས་ཐོབ་སྟེ། ཧོ་ལན་ཌེར་ཧྥ་རན་སིའི་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་ཡོད་འདུག སར་ཁཱོ་ཛེ་ཡིས་ཧོ་ལན་ཌེ་ལ་རྒྱལ་ཁ་ཐོབ་པར་བཀྲི་ཤིས་བདེ་ལེགས་ཞུས་ཡོད་པ་མ་ཟད། ད་ནས་ཧོ་ལན་ཌེ་ཧྥ་རན་སིའི་སྲིད་འཛིན་ཡིན་པ་དང་ཁོང་ལ་ངེས་པར་དུ་བརྩི་བཀུར་བྱ་དགོས་སྐོར་བརྗོད་འདུག

ཧོ་ལན་ཌེར་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་པ་ཕྱིར་བསྒྲགས་བྱས་རྗེས། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཁ་པར་བརྒྱུད་ཧོ་ལན་ཌེ་ལ་རྟེན་འབྲེལ་གྱི་འཚམས་འདྲི་ཞུས་ཡོད་པ་མ་ཟད། ལས་དོན་འདྲ་མིན་ཐོག་ཁོང་དང་ལྷན་དུ་མཉམ་ལས་བྱ་རྒྱུར་རེ་ལྟོས་བྱ་བཞིན་ཡོད་ཚུལ་བརྗོད་ཡོད་འདུག དེ་བཞིན་དབྱིན་ཇིའི་སྲིད་བློན་དང་འཇར་མན་སྲིད་བློན་སོགས་ཀྱིས་ཀྱང་ཁོང་ཧྥ་རན་སིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་པར་འཚམས་འདྲི་ཞུས་འདུག

ཧོ་ལན་ཌེ་ནི་ཉེ་ཆར་ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ཁྲོད་ཞུགས་མཁན་འོས་མི་ ༡༠ ལས་འོས་མི་ ༩ ཡིས་བོད་དོན་ལ་རྒྱབ་སྐྱོར་དང་། ༸གོང་ས་མཆོག་དང་མཇལ་འཕྲད་ཞུ་འདུན་གྱི་རྣམ་འགྱུར་བསྟན་ཡོད་པའི་གྲས་ཀྱི་གཅིག་ཡིན་ལ། ཁོང་གིས་ “ཏཱ་ལའི་བླ་མ་ནི་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་འཛམ་གླིང་མི་མང་གིས་གུས་བརྩི་ཡོད་པའི་དབུ་ཁྲིད་ཅིག་རེད། ཉེ་སྔོན་ཁོང་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་རྩིས་སྤྲོད་བྱས་ཟིན་པར་བརྟེན། ང་རང་གི་ངོས་ནས་ཏཱ་ལའི་བླ་མ་དང་མཇལ་འཕྲད་ཞུ་རྒྱུར་འགོག་རྐྱེན་གང་ཡང་མཐོང་གི་མེད།” ཅེས་བརྗོད་ཡོད་པ་རེད།

༡༩༨༡ ལོར་ཧྥ་རན་སིའི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ཚོགས་པའི་འོས་མི་མཱེ་ཊར་རན་ཌི་(Francois Mitterrand) སྲིད་འཛིན་དུ་འོས་འདེམས་བྱུང་པ་ནས་ད་ལྟའི་བར། ཧོ་ལན་ཌེ་ནི་ཚོགས་པ་དེར་ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་མཁན་ཨང་གཉིས་པ་དེ་ཆགས་ཡོད།

གསར་འགོད་པ། བནྡེ་སྐྱབས།

 

 

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist