མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་པ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་ནས་བཟུང་སྐབས་དང་པོའི་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་པ་ཚོགས་ཏེ། སྐབས་གཉིས་པའི་དགེ་རྩ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་གསར་འདེམས་དང་གྲོས་ཆོད་ཁག་གཏན་འབེབས་བཅས་གནང་སོང་།   

ཟླ་འདིའི་ཕྱི་ཚེས་ ༦ ནས་ ༧ བར་གྱི་ཉིན་གཉིས་རིང་སྐབས་དང་པོའི་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་པ་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་དུ་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་གཙོས། ཀིརྟི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་དང་དགེ་རྩ་ཚོགས་པའི་རྒྱུན་ལས་རྣམ་པ། གྲྭ་ཚང་གི་དགེ་འདུན་པ་དང་མི་མང་བཅས་མཉམ་ཞུགས་གནང་བ་དང་། ཚོགས་འདུའི་ཉིན་དང་པོར་སྐུ་མགྲོན་གཙོ་བོ་མཆོག་ནས་བཀའ་སློབ་གསུང་བཤད་དང་། སྐབས་གཉིས་པའི་ཀིརྟིའི་དགེ་རྩ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་གསར་བའི་འོས་གཞི་གསལ་བསྒྲགས་བཅས་གནང་བ་མ་ཟད། ཉིན་གཉིས་རིང་གྲོས་གཞི་ཁག་གསུམ་གྱི་ཐོག་བགྲོ་གླེང་གོ་བསྡུར་གནང་སྟེ།  ཁ་སང་ཉིན་མཐའ་མར་གྲོས་ཆོད་གཏན་འབེབས་དང་རྒྱུན་ལས་གསར་བ་རྣམས་ལ་ཁ་བཏགས་བསྒྲོན་འབུལ་བཅས་གནང་སྟེ་ཚོགས་འདུ་མཇུག་སྒྲིལ་ཡོད།  

ཐེངས་འདིའི་ཚོགས་ཆེན་ཐོག་ཀིརྟིའི་དགེ་རྩ་ཚོགས་པའི་སྐབས་གཉིས་པའི་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ཀྱི་འགན་འཛིན་ཚོགས་མིར་ཨ་ལགས་མཁས་ཚང་མཆོག་དང། སྐུ་ཚབ་ཟུར་བ་བློ་བཀྲ་ཚེ་རིང་ལགས། སློབ་སྤྱི་ཟུར་བ་གདོང་རི་ཤེས་རབ་གསུམ་འོས་བསྡུའི་ལམ་ནས་བསྐོ་བཞག་གནང་བ་མ་ཟད། གྲོས་གཞི་གཙོ་བོ་ཀིརྟིའི་དགེ་རྩ་ཚོགས་པའི་དམིགས་ཡུལ་དང་འབྲེལ་བའི་རྒྱ་ཆེའི་ལས་གཞི་གསར་རྩོམ་ཇི་འདྲ་ཞིག་སྤེལ་དགོས་པ་དང་།  ཀིརྟིའི་དགེ་རྩ་ཚོགས་པའི་རོགས་སྐྱོར་ལས་འཆར་སྤྱི་དང་ཡང་སྒོས་ཤེས་ཡོན་ཐོག་ལས་རིམ་ཇི་ལྟར་སྤེལ་ན་ལེགས་མིན། ཀིརྟིའི་དགེ་རྩ་ཚོགས་པའི་བླ་ན་མེད་པའི་དབུ་ཁྲིད་སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཞབས་པད་བརྟན་ཅིང་རླབས་ཆེན་མཛད་འཕྲིན་རྒྱས་ཐབས་ཇི་དགེའི་སྐོར་བཅས་དོན་ཚན་གསུམ་གྱི་ཐོག་བགྲོ་གླེང་གོ་བསྡུར་གནང་སྟེ། ཁ་སང་ཕྱི་ཚེས་ ༧ ཉིན་གྱི་ཕྱི་དྲོ་མ་འོངས་པར་ཀིརྟིའི་དགེ་རྩ་ཚོགས་པའི་ངོས་ནས་སློབ་མ་རྣམས་ལ་སློབ་ཡོན་དང་ཤེས་ཡོན་ཐོག་རོགས་སྐྱོར། ནད་པ་ཉམས་ཐག་དང་ནད་གཅོང་ཅན་ལ་རོགས་སྐྱོར། སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་སྐུ་ཕྱཱ་བཅས་གྲོས་ཆོད་དོན་ཚན་ ༢༡ གཏན་འབེབས་གནང་ཡོད་པ་རེད།   

ཐེངས་འདིའི་ཚོགས་ཆེན་ཐོག་སྐབས་དང་པོའི་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་གཙོ་ཨ་ལགས་མཁས་ཚང་མཆོག་གིས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་གནང་དོན་ལྟར་ན། ཀིརྟི་དགེ་རྩ་ཚོགས་པ་ནི་སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་དགོངས་བཞེས་ལམ་སྟོན་ལྟར། སྔར་སྲོལ་ཀིརྟི་བླ་བྲང་གི་སྲིད་ཕྱོགས་ཀྱི་འགྲོ་ལུགས་རྣམས་དེང་སྐབས་དགོས་གལ་མེད་ཀྱང་། ཆོས་ཕྱོགས་ཀྱི་འགྲོ་ལུགས་རྣམས་མུ་མཐུད་འགྲོ་གལ་ཆེ་བར་མཐོང་སྟེ། སྔོན་མའི་བླ་བྲང་གི་འགྲོ་ལུགས་དེ་དམངས་གཙོའི་ཁྱད་ཆོས་ལྡན་པའི་ཀིརྟི་དགེ་རྩ་ཚོགས་པ་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། དགེ་རྩ་ཚོགས་པ་གསར་འཛུགས་གནང་དགོས་དོན་ཀྱང་དེང་དུས་ཀྱི་མིའི་དགོས་མཁོར་གཞིགས་ཏེ་སྙིགས་དོར་བཅུད་ལེན་དང་འཆར་གཞི་ལྡན་པའི་སྒོ་ནས་ལམ་སྲོལ་རྙིང་པ་བསྒྱུར་བཅོས་གནང་སྟེ། མ་འོངས་པར་ལམ་མ་ནོར་བའི་ཕྱོགས་ལ་སློབ་རྒྱུན་རྣམས་འཁྲིད་ཐུབ་རྒྱུར་དམིགས་པ་ཞིག་ཡིན་འདུག་ལ།  དགེ་རྩ་ཚོགས་པའི་སྒྲིག་གཞི་ནི་སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྔར་སྲོལ་དང་དེང་དུས་ཀྱི་ལམ་སྲོལ་གཉིས་ལས་ལེགས་བྱང་རྣམས་བསྡུས་ཤིང་། སངས་རྒྱས་ཀྱི་བསྟན་པ་སྤྱིའི་དགོངས་པ་དང་མཐུན་པ། སྐྱབས་རྗེ་གོང་མ་ཚོའི་གསུང་གི་བཅའ་ཡིག་ཆེ་ཆུང་རྣམས་གཞིར་བཟུང་བའི་ཐོག ཀིརྟིའི་དགེ་རྩ་ཚོགས་པའི་སྒྲིག་གཞི་ཡིག་ཆའམ་མ་འོངས་པའི་སྒྲིག་གཞི་ཟིན་བྲིས་དང་པོ་སྟེ་ལེའུ་བཅུ་གསུམ་དང་དོན་ཚན་བརྒྱད་ཅན་ཞིག་གསར་རྩོམ་གནང་ཡོད་འདུག 

སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་གིས། ཐེངས་འདིར་ཁོང་ཉིད་ཤིང་བཟའ་སྐུ་ཕྲེང་དང་ཀིརྟི་སྐུ་ཕྲེང་གི་འབྲེལ་བ་ཙམ་གྱི་ཆེད་དུ་ཕེབས་པ་མིན་པར། ཀིརྟི་རིན་པོ་ཆེ་སྐུ་ཐོག་འདི་ཉིད་ཁོང་གིས་གུས་ཞབས་བྱེད་ས་ཞིག་ཡིན་པ་དང་།  བོད་པའི་སྤྱི་ཚོགས་ནང་ནམ་རྒྱུན་ཆབ་སྲིད་ནང་འཛུལ་བསྡད་པའི་བླ་སྤྲུལ་དང་། ཆོས་ལུགས་གཅིག་པུའི་སྒང་ལ་རྒྱུགས་བསྡད་མཁན་གྱི་བླ་སྤྲུལ་དེ་འདྲ་ཡོད་ཀྱང་། ཁོང་གི་ངོས་ནས་བླ་སྤྲུལ་ཞིག་ལ་མཚོན་ན་རང་ཚུགས་བརྟན་པོ་ཞིག་དགོས་རྒྱུ་གལ་ཆེན་དུ་མཐོང་གི་ཡོད་པ་དང་། བླ་སྤྲུལ་གྱི་མིང་བཟུང་མཁན་ཞིག་ལ་རང་ཚུགས་བརྟན་པོ་མེད་པ་ཡིན་ན། ཕར་ཚུར་གཉིས་ནས་འཕུད་རྒྱག་མཁན་མང་པོ་བྱུང་ཚེ། སྤྱི་ཚོགས་དང་སོ་སོའི་ནང་ཁུལ་ལ་བརྡབ་གསིག་ཡོང་གི་ཡོད་པའི་སྐོར་དང་།  ཀིརྟི་རིན་པོ་ཆེ་མཆོག་གིས་ད་ལྟའི་རང་ཚུགས་བརྟན་པོ་དང་། ལྷག་པར་དུ་སྔོན་མ་བཀའ་བློན་གནང་སྐབས་ཀྱང་ཆབ་སྲིད་ཀྱི་ཕྱག་ལས་ཁོ་ན་མིན་པར། གཙོ་བོ་༸གོང་ས་མཆོག་གི་བཀའ་རང་གི་ཐོག་དྲང་བདེན་གྱིས་ཕེབས་ཐུབ་ཡོད་སྟབས། ཁོང་ཉིད་ཀྱི་ངོས་ནས་གུས་ཞབས་ཆེན་པོ་བྱེད་ཀྱིན་པ་མ་ཟད། ཀིརྟི་རིན་པོ་ཆེ་མཆོག་གིས་ཕྱག་ལས་གང་འདྲ་ཞིག་གནང་ཡང་རྒྱབ་སྐྱོར་གནང་ཐུབ་ན་བསམ་སྟེ་ཡོང་བ་ཡིན་པ་གསུངས་སོང་།

གཞན་ཡང་། ཁོང་གིས་བོད་ནང་གི་བོད་མི་ཚོའི་བཙན་བྱོལ་བོད་མིར་ལྟ་སྟངས་དང་མ་འོངས་པར་གྲྭ་བ་ཚོའི་བསླབ་པ་སློབ་གཉེར་ལ་འབད་བརྩོན་བྱ་དགོས་པའི་ཐད་བཀའ་སློབ་གནང་དོན།  “ང་ཚོ་ད་ལྟའི་བར་བཙན་བྱོལ་ནང་བསྡད་ཡོད་པ་རེད། བོད་ནང་དང་བཙན་བྱོལ་ནང་མ་འདྲ་བ་ཆེན་པོ་ཞིག་ཆགས་བསྡད་ཀྱི་འདུག དེ་ང་རང་གི་ཚོར་སྣང་ཡིན། བོད་ནང་ལ་ཡོད་དུས་ང་ཚོ་གྲྭ་བ་ཚང་མ་ལྷག་བསམ་དང་སེམས་པ་གཙང་མ་ཞིག་ཡོད་པ་རེད། བཙན་བྱོལ་ནང་བསླེབས་རྗེས་དཀའ་ངལ་ཞིག་ཆགས་བསྡད་ཀྱི་འདུག  ལྷག་པར་དུ་ངྷ་རམ་ས་ལ་ལྟ་བུའི་ཆབ་སྲིད་ཀྱི་ཁོར་ཡུག་ཆེན་པོ་ཞིག་ཏུ་ཞུགས་བསྡད་དུས་སེམས་ནང་དྲན་ཚུལ་མང་པོ་ཞིག་དང་། སོ་སོའི་བླ་མ་ཡིན་ནའང་དོགས་པ་མང་པོ་བསླེབས་བསྡད་པའི་གནས་སྟངས་ཤིག་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ཡོང་གི་འདུག  སྔོན་མ་ང་ཚོའི་དགོན་པའི་གྲྭ་པ་ཞིག་གིས་རྒྱ་གར་ནས་བོད་ནང་ཡོང་མཁན་ཚོར་སློབ་སྦྱོང་དང་ཤེས་ཡོན་ཡག་པོ་ཡོད་པ་ཧ་གོ་མ་སོང་ཡང་། མགོ་བདེ་བོ་འཁྲབ་རྒྱུ་དང་སྐྱག་རྫུན་བཤད་རྒྱུ་ཤེས་ཀྱི་འདུག་ཅེས་སྡོམ་ཚིག་ཅིག་བརྒྱབ་ཡོད་པ་རེད། དེ་དངོས་ནས་རེད། ང་ཚོ་རྒྱ་གར་དུ་ཡོང་རྗེས་རང་བཞིན་གྱིས་འདི་འདྲ་ཞིག་ཆགས་བསྡད་ཀྱི་ཡོད་ལ། སོ་སོའི་རྩ་བའི་བླ་མར་ཡང་མཚམས་རེར་སེམས་ནང་དོགས་པ་བསླེབས་པ་དང་། མཚམས་རེར་བྱེད་སྟངས་ནོར་འཁྲུལ་དུ་མཐོང་གི་ཡོད་སྟབས། འདིའི་རིགས་ལ་ག་དུས་ཡིན་ཡང་གཟབ་གཟབ་བྱ་དགོས་པ་ཞིག་ཏུ་ང་རང་ངོས་ནས་མཐོང་བསྡད་ཀྱི་ཡོད། ཕྱོགས་གཅིག་ནས་རྒྱ་ནག་གི་བཙན་འཛུལ་དཀའ་ངལ་འོག་ནས་ཡུན་རིང་བསྡད་མཐར། ད་ལྟ་ང་ཚོ་སྤྱིོ་ཚོགས་གུ་ཡངས་པོ་ཞིག་ནང་བསླེབས་ཡོད་ཀྱང་། རྦད་དེ་གུ་ཡངས་པོ་རང་གི་སྒང་ལ་མི་འགྲོ་བར་སོ་སོར་བསམ་བློ་རེ་གཏོང་རྒྱུ་གལ་ཆེན་པོ་རེད། དེ་ལྟར་མ་བྱས་པ་ཡིན་ན་ཕྱག་ལས་ག་རེ་ཡིན་ཡང་གྲ་མ་འགྲིག་པ་ཞིག་དང་། གཞན་གྱི་བྱས་པ་ཆ་ཚང་ནོར་བ་དང་སོ་སོའི་བྱེད་སྟངས་ཡོད་ཚད་འགྲིག་པ་རང་དུ་མཐོང་བ་ཞིག་ཚོར་ཡོང་གི་རེད། ལྷག་པར་དུ་རིག་གནས་ཞིག་སྦྱངས་ཏེ་སྤྱི་ཚོགས་ནང་འགྲོ་སྐབས་ཆ་ཚང་ནོར་ཡོད་པ་ཞིག་ཏུ་མཐོང་གི་རེད། ང་རང་ལ་སྔོན་མ་དེ་འདྲ་རེད།  གཙོ་བོ་རིན་པོ་ཆེ་མཆོག་གིས་ད་ལྟའི་བར་བསྐྱངས་བསྡད་པ་དེ་བཀའ་དྲིན་ཆེན་པོ་རེད་དྲན་གྱི་འདུག འདིར་བླ་སྦྲུལ་དང་གྲྭ་བ་མང་ཞིག་ཁོར་ཡུག་འདི་འདྲ་ཞིག་གི་ནང་ས་ཆ་ཟིན་དེ། མཐུན་རྐྱེན་དང་དཔལ་འབྱོར་ཕྱོགས་གང་ཐད་ནས་ཡག་པོ་ཆགས་ཡོད་སྟབས། སློབ་གཉེར་བྱས་ཏེ་བོད་སྤྱི་བའི་དོན་ལ་འགན་འཁུར་ཐུབ་པ་ཞིག་བྱ་རྒྱུ་གལ་ཆེན་པོ་རེད། ” ཅེས་གསུངས་སོང་།  

ད་ལྟའི་ཆར་དགེ་རྩ་ཚོགས་པ་འདིའི་ལག་བསྟར་དབུ་ཁྲིད་ཀྱི་འགན་འཛིན་སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་གཟིགས་ཀྱི་ཡོད་པ་དང་། སེམས་ཅན་སྤྱི་དང་ལྷག་པར་དུ་ཉམ་ཐག་པའི་དོན་བསྒྲུབ་པའི་ཐེག་པ་ཆེན་པོའི་དགོངས་དོན་དང་། མི་མང་གི་ཆེད་དུ་མི་མང་གིས་བཙུགས་པའི་གཞུང་གིས་མི་མང་གི་དགོས་མཁོ་ལྟར་ལས་དོན་བསྒྲུབ་པའི་དེང་རབས་དམངས་གཙོའི་འགྲོ་ཕྱོགས་གཉིས་ཟུང་དུ་སྤྲེལ་བའི་ཀིརྟིའི་དགེ་རྩ་ཚོགས་པ་འདི་ནི། སྤྱིར་བཏང་གི་ལས་དོན་བྱེ་བྲག་པ་དམིགས་ཡུལ་དང་རྩ་འཛིན་དུ་བཟུང་བའི་ཚོགས་པ་གཞན་དང་མི་འདྲ་བར།  ངོ་བོ་ཆོས་ཕྱོགས་ཁོ་ན་ཡིན་ཞིང་འཚོ་ཐབས་དམངས་གཙོའི་རིང་ལུགས་ཀྱི་འགྲོ་ལུགས་དང་སྒྲིག་གཞི་ཚད་དང་ལྡན་པ། དམིགས་ཡུལ་གཞན་ཕན་གྱི་ལས་དོན་འབའ་ཞིག་བསྒྲུབ་རྒྱུ་བཅས་རྩ་དོན་དུ་བཟུང་བའི་ཚོགས་པ་ཞིག་ཡིན་འདུག  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༢༡ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 3

  1. བྱེ་ཐང་གི་གླག་རྒོད། says:
    ལོ་ 14 སྔོན།

    སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད། ཁོང་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག

    Reply
  2. ཐུབ་བསྟན། says:
    ལོ་ 14 སྔོན།

    ཉམས་ཐག་རོགས་སྐྱོར་དང་རིག་གཞུང་སྲུང་སྐྱོབ་ཐད་༧སྐྱབས་མགོན་ཀིརྟི་རིན་པོ་ཆེས་བྱམས་བརྩེའི་ཐུགས་ཁུར་བླ་ན་མེད་པའི་སྒོ་ནས་ཚོགས་པ་འདི་འདྲས་གཅིག་འཛུག་གནང་བར་སྙིང་ནས་བསྔགས་བརྗོད་བྱ་འོས་ བླ་བྲང་གང་རྫིག་རྫིག་དང་རླངས་འཁོར་གང་ཡག་ཡག་གཡོག་འཁོར་གང་མང་ཉར་བྱས་ནས་མ་བཞུགས་སྐུ་རྒྱུ་དེ་དག་སྤྱི་ཚོགས་ལ་ཕན་ཆེད་བཏང་བ་ངོ་མཚར་ཆེ།

    Reply
  3. ཁྲི་གཡུང་དྲུང་། says:
    ལོ་ 14 སྔོན།

    ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་པར་བཀྲ་ཤིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese