མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་རྡོར་གྱིས་ཨ་མ་དང་སྲིང་མོ་བཞག་སྟེ་གཅིག་པུ་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིས་ཨ་མ་དང་སྲིང་མོ་གཉིས་ས་མཚམས་ནས་བཞག་སྟེ། ཁོང་གཅིག་པུས་མུ་མཐུད་གོམ་བགྲོད་གནང་སྟེ་རྒྱ་བལ་མཐའ་མཚམས་ཕྱོགས་སུ་ཕྱིན་འདུག

གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་ཟླ་ ༢ རིང་ཞི་བའི་གོམ་བགྲོད་འཐབ་རྩོད་གནང་སྟེ། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པར་རྒྱ་བལ་མཐའ་མཚམས་སུ་བསླེབས་སྐབས། རྒྱ་གར་མཐའ་སྲུང་དམག་གིས་ཁོང་ཚོ་བདེ་ལེགས་ངང་ཕར་བཏང་ཡོད་ཀྱང་། བལ་ཡུལ་མཐའ་སྲུང་དམག་གིས་མ་བུ་གསུམ་པོ་འདྲི་གཅོད་ཁང་ལ་ཁྲིད་དེ། དུས་ཡུན་ཆུ་ཚོད་ ༣ ཙམ་རིང་འདྲི་གཅོད་བྱས་རྗེས། བོད་ཀྱི་རྒྱལ་དར་ཕྱིར་འཐེན་བྱས་ཚེ་བལ་ཡུལ་ནང་མུ་མཐུད་གོམ་བགྲོད་བྱ་ཆོག་པ་དང་། དེ་མིན་ཕྱིར་རྒྱ་གར་དུ་ལོག་དགོས་པའི་བཀའ་བཏང་སྟེ་བཀག་སྐྱིལ་ཁང་ནས་ཕྱིར་གློད་འདུག ཁོང་མ་བུ་གསུམ་པོས་མུ་མཐུད་གོམ་བགྲོད་བྱས་པར་བལ་ཡུལ་དམག་གིས་མདུན་བཀག་ཡོད་སྟབས། ཁོང་ཚོས་བལ་ཡུལ་མཐའ་སྲུང་དམག་གི་མདུན་ནས་ཟས་བཅད་ངོ་རྒོལ་བྱས་ཡོད་པ་དང་། ཉིན་རྒྱབ་ནས་ཆར་བ་ཆེན་པོ་བབས་ཡོད་ཀྱང་ཁོང་ཚོས་ཆོད་སེམས་བརྟན་པོས་མུ་མཐུད་ཆར་བའི་ཁྲོད་ཟས་བཅད་ངོ་རྒོལ་བྱས་བསྡད་སྐབས། དགོང་མོ་བལ་ཡུལ་དམག་མིས་ཁོང་ཚོའི་འགྲེམས་ཡིག་དང་ཉིན་ཐོ་འབྲི་དེབ། རྒྱལ་དར་སོགས་བཙན་འཕྲོད་བྱས་ཡོད་པ་མ་ཟད། མ་བུ་གསུམ་པོར་རྡུང་རྡེག་ཚད་མེད་བཏང་སྟེ་ཨ་མ་ལྡོམ་པོ་སྐྱིད་ལ་རྨས་སྐྱོན་བཟོས་ཡོད་པ་རེད། སྐབས་དེར་རྒྱ་གར་མཐའ་སྲུང་དམག་མི་ཡོང་སྟེ་བར་འདུམ་ཐོག་ཁོང་ཚོ་ཕྱིར་རྒྱ་གར་ས་ཐོག་ཏུ་ཁྲིད་ཡོད་འདུག

ཕྱི་ཚེས་ ༡༡ ཉིན་གྷོ་ར་པུར་ནས་ཨ་མ་ལྡོམ་པོ་སྐྱིད་ལ་སྨན་བཅོས་བྱས་ཡོད་པ་དང་། དེ་རིང་ཞོགས་པར་ཨ་མ་ལྡོམ་པོ་སྐྱིད་དང་བུ་མོ་ལྷ་མོ་སྐྱིད། ཁོང་ཚོ་དང་མཉམ་དུ་ཡོད་པའི་མདོ་སྨན་སྤྱི་འཐུས་རྨོག་རུ་བསྟན་པ་དང་རྒྱལ་མཚོ་བཅས་ཞོགས་པ་གཉིད་ལས་ཟད་སྐབས། ཚེ་བརྟན་རྡོ་རྗེ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་ལ། སྐབས་དེར་ཨ་མ་ལྡོམ་པོ་སྐྱིད་ཀྱིས་ངུ་ངག་འདོན་བཞིན་ཚེ་བརྟན་རྡོ་རྗེའི་མིང་བོས་ཏེ་གང་སར་ཡར་རྒྱུགས་མར་རྒྱུགས་བྱས་ཀྱང་རྙེད་སོན་བྱུང་མེད་པ་རེད། ད་ནངས་ཞོགས་པའི་ཆུ་ཚོད་ ༩ ཙམ་ལ་ཚེ་བརྟན་རྡོ་ལགས་ཀྱིས་ལྡི་ལི་མདོ་སྨད་ས་རྒྱུན་རྟ་མགྲིན་ལགས་ལ་ཁ་པར་བཏང་སྟེ། ཁོང་གིས་ཨ་མ་དང་སྲུང་མོ་གཉིས་ལ་ལྟ་རྟོག་གནང་རྒྱུའི་རེ་སྐུལ་དང་། གལ་སྲིད་ཁོང་ལ་ལམ་བར་ནས་འགོག་རྐྱེན་མ་བྱུང་ཚེ་དོ་དགོང་ལིམ་བྷུ་ནེ་རུ་བསྡད་དེ། སང་ཞོགས་མུ་མཐུད་བལ་ཡུལ་རྒྱལ་ས་ཀ་ཐི་མན་ཌུ་(Kathmandu) ཕྱོགས་སུ་མདུན་སྐྱོད་བྱ་རྒྱུ་ཡིན་པར་བརྗོད་འདུག

གསར་འགོད་པས་ཁ་པར་བརྒྱུད་ཨ་མ་ལྡོམ་པོ་སྐྱིད་དང་སྲིང་མོ་ལྷ་མོ་སྐྱིད་གཉིས་ལ་འབྲེལ་བ་བྱས་སྐབས། ཨ་མ་ལྡོམ་པོ་སྐྱིད་ཀྱིས་སྐད་ཆ་བཤད་ཐུབ་ཀྱི་མི་འདུག་ལ། སྲིང་མོ་ལྷ་མོ་སྐྱིད་ཀྱིས་ངུ་སྐད་འདར་འདར་ངང་། “ཨ་མ་ངེད་གཉིས་ཇོ་ཇོ་དང་མཉམ་ཤི་མཉམ་གསོན་ཐོག་འགྲོ་འདོད་ཡོད། འོན་ཀྱང་། ཁོང་གིས་ངེད་གཉིས་ལ་གསང་བ་བྱས་ཏེ་ཕྱིན་ཚར་འདུག ད་ངེད་གཉིས་འགྲོ་འདོད་ཀྱང་འགྲོ་ས་ཤེས་ཀྱི་མི་འདུག་ལ། ཨ་མ་ལགས་སེམས་སྡུག་གིས་མནར་བཞིན་འདུག” ཅེས་བརྗོད་བྱུང་།

 
གསར་འགོད་པ། བནྡེ་སྐྱབས།
 

(གནས་ཚུལ་རྒྱས་པ་ཚེས་ ༢༡ ཉིན་གྱི་ཚགས་ཤོག་ཐོག་གཟིགས། )

 

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 20

  1. མྱི་དཀར says:
    ལོ་ 13 སྔོན།

    གླིང་ཚ་བའམ་མི་འགྱུར་གངས་ཕྲུག་ཁྱོད་ལྟ་བའི་མི་བུ་སྟོང་ཕྲག་ཞིག་ཡོད་ན་ཅི་མ་རུང་ཡིད་སྐྱོ་བ་ཞིག་ལ་མ་བུ་གསུམ་མ་གཏོགས་མེད་སོང་བ་རེད་

    Reply
  2. བུ་ཡུག says:
    ལོ་ 13 སྔོན།

    ཚེ་རྡོར་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  3. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    གོང་དུ་ནད་པས་མཆན་འདི་ལ་དགོས་པ་རྒྱུ་མཚན་འདུག་ལ་མ་རྒན་དང་བུ་མོ་ཕྱིར་ལོག་གི་མ་རྒན་ལུས་སེམས་ངལ་གསོའི་ཐོག་ཕྱག་འཚལ་བསྐོར་ཕྱག་དང། བུ་མོ་ལྷ་མོ་སྐྱིད་ནི་སློབ་སྦྱོང་མུ་མཐུད་གནང་རྒྱུའི་རེ་བསྐུལ། ཚེ་བརྟན་རྡོ་རྗེའི་ལས་འགུལ་ཐོག་ལ་གསར་འགོད་པ་རྣམས་པ་དོ་སྣང་དགོས་པའི་འབོད་སྐུལ། ལྷག་པར་མི་མང་གི་སྤྱི་མི་ཡིན་པའི་ཁྱི་མཐུས་རྣམས་པས་ཁོང་གི་ཐོག་ལ་སྲུང་དགོས་པར་མཐོང་བཞིན་ཡོད་དོ།

    Reply
  4. thapkegyatso says:
    ལོ་ 13 སྔོན།

    གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་ཆོད་སེམས་ལ་ཡི་རང་ཞུ་བ་དང་ལྷན།ཁོང་མ་བུ་གསུམ་གྱིས་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་དང་རྒྱུག་གཅིག་མཆོངས་གཅིག་ཡིན་ནའང་།ཚེ་བརྟན་ཁོ་རང་གི་མིག་མདུན་ནས་མ་དང་སྲིང་མོ་ལ་སྙིང་རྗེ་ཏིལ་འབྲུ་ཙམ་མེད་པའི་བལ་ཡུལ་དམག་གི་ལྕག་གིས་བྲབ་དུས།སྡུག་བསྔལ་ཚོར་བ་ལྕི་བ་སྨྲས་ཅི་དགོས།དེར་བརྟེན་ཁོས་ལམ་འདི་བདམས་པ་ཡང་ནོར་མི་འདུག ད་ཡིན་ན་འུ་ཅག་གིས་ཀྱང་ཚེ་རྡོར་གྱིས་བཤད་པ་ཇི་བཞིན་འདི་མ་བུ་གཉིས་ལ་བདག་སྐྱོང་བཟང་བོ་དང་།བུ་མོ་ལྷ་མོ་སྐྱིད་ཀྱི་སློབ་སྦྱོང་ལ་བར་ཆད་མེད་པའི་གྲ་སྒྲིག་དང་མ་འོངས་པའི་མདུན་ལམ་འོད་སྟོང་ལྡན་པ་ཞིག་ཡོང་བ་ལ་བརྩོན་དགོས་སོ།།

    Reply
  5. ནད་པ says:
    ལོ་ 13 སྔོན།

    གླིང་ཚ་མ་བུའི་དཀའ་སྡུག་གི་གནས་སྟངས་འདི་མཐོང་དུས་སེམས་ནང་ན་གཟུག་ཞིག་བསྟེར་བྱུང་། རང་ངོས་ནས་གང་ཡང་བྱེད་ཐུབ་ཀྱི་མེད་ཀྱང་ཁོང་གསུམ་ལ་གདུང་སེམས་མཉམ་བསསྐྱེད་ཡོད།

    གླིང་ཚ་བུ་རྒོད་ཁྱེད་ཀྱིས་བོད་དོན་ཞི་བའི་འཐབ་རྩོད་མུ་མཐུད་སྤེལ་བཞིན་པ་དེར་ཡི་རང་དང་ཁྱེད་ཉིད་བདེ་ཐང་ཡོང་བའི་ཤིས་སྨོན་མཆིས།

    ཨ་མ་ལྡོང་མོ་སྐྱིད་དང་བུ་མོ་ལྷ་མ་སྐྱིད་གཉིས་ཕྱིར་ལོག་བྱེད་དགོས། ཨ་མ་རྡ་སར་བཞུགས་ནས་༸ རྒྱལ་བའི་ཕོ་བྲང་གི་ཉེ་འདབས་སུ་ཚོགས་དང་བསོད་ནམས་གསོག་ནས་ཕྱག་འཚུལ་སྐོར་བ་སོགས་གནང་ནས་བཞུགས་དགོས།

    བུ་མོ་ལྷ་མོ་སྐྱིད་སློབ་གྲྭར་བཞུགས་ནས་གནའ་དེང་གི་ཤེས་ཡོན་ལ་སྦྱང་བརྩོན་གནང་དགོས། བུ་མོའི་མི་ཚེ་འཕྲོ་བརླག་ཏུ་མ་འགྲོ་བ་བྱེད་རྒྱུ་དེ་ཁོང་གི་ཁྱིམ་ཚང་ཙམ་མ་ཟད་ང་ཚོའི་བོད་མི་ཡོངས་ཀྱི་རེ་བ་ཡང་རེད།

    འབྲེལ་ཡོད་ཅན་ཚོས་བུ་མོ་ཆུང་ཆུང་འདིའི་མི་ཚེའི་བདེ་སྐྱིད་དང་། རང་དགོས་ཤེས་ཡོན། ཕྱིར་འབྱུང་མི་རིགས་དང་སྤྱི་ཚོགས་ཐོག་ཕན་ཐོག་བྱེད་མཁན་གྱི་བོད་ཀྱི་བུད་མེད་ཡག་པོ་ཆགས་ཐུབ་རྒྱུར་འབད་བརྩོན་དང་ལམ་སྟོན་གང་གནང་དགོས་པ་དེ་ཤིན་ཏུ་ནས་གལ་ཆེ་ཞིག་རེད།

    རྒྱ་མིའི་དར་དམར་འཁྱེར་བ་དེར་རྩ་བ་ནས་ངོས་ལེན་མེད་ལ་དེར་ཐ་གཅིག་ཏུ་དགག་བྱ་ཡོད། འོན་ཀྱང་ཁྱེད་གསུམ་གྱིས་བོད་དོན་ཞི་བའི་འཐབ་རྩོད་གནང་བཞིན་ཡོད་པ་དེར་ཡི་རང་དང་བསྔགས་བརྗོད་ཚད་མེད་ཡོད།

    Reply
  6. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 13 སྔོན།

    གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ལས་འགུལ་ལ་རྗེས་སུ་ཡི་རང་དང་ཁྱེད་ཀྱི་སྐྱེས་མ་དང་གཅུང་མོར་གདུང་སེམས་མཉམ་བསྐྱེད་ཞུ།། ཤ་ཚ། དཀོན་མཆོག་མཁྱེེནནོ།།།།།།

    Reply
  7. ཀེ་ཏ་ཀ says:
    ལོ་ 13 སྔོན།

    བོད་གངས་ཅན་གྱི་འགན་ཁུར་ཨ་མདོ་ཚོའི་མགོར་བབས་ཡོད་པ་མ་རེད། ༧རྒྱལ་བ་རིན་པོ་ཆེ་གཙོས་མི་འདི་ཚོས་འདི་འདྲ་སྐུ་ངལ་བསྐྱོན་ནའང། ད་དུང་ཁེ་ཕན་རང་ལུགས་པ་ཚོའི་ལྟ་ཕྱོགས་ཉན་ཕྱོགས་ལ་བལྟས་དང་། ཞེ་མེར་རྟིང་ནས་ལངས་ཀི་མི་འདུག་གམ། ཨ་མདོ་བ་རྣམས། བོད་ཀྱི་རིག་གནས་དང་ངོ་བོ་བདག་པོ་ཐུབ་ན་དེས་འགྲིག་གི་རེད།

    Reply
  8. ལྷ་སའི་འཁྱམ་ཕྲུག says:
    ལོ་ 13 སྔོན།

    ན་ཆུང་གཞོན་སྐྱེས་ལྷ་མོ་སྐྱིད་ལྟ་བུའི་མི་རིགས་ལ་ལ་རྒྱ་དང་སྙིང་སྟོབས་ལྡན་པར་ང་ཚོ་གཞོན་སྐྱེས་རྣམས་ནས་སྙིང་དབུས་ནས་སློབ་སྦྱོང་བྱེད་འོས་པ་ཞིག་རེད།

    ང་ཚོའི་ལས་དབང་ཐུན་མོང་གཅིག་འགྱུར་རེད།།
    ཁ་བའི་ལྗོངས་ཀྱི་བོད་ཕྲུག་ཡིན་སོང་ན།།
    ནད་ཀྱི་ཁུར་པོ་སྙིང་ལ་དྲན་པའི་ངང།།
    ཆོལ་གསུམ་བོད་རིགས་བློ་རྩེ་གཅིག་ཏུ་གཏད།།
    ་་་་་་་་་་་་་་་་བོད་རྒྱལ་ལོ།་་་་་་་་་་་་་་་་་་་་་་་་་

    Reply
  9. གངས་ཅན་པ་ says:
    ལོ་ 13 སྔོན།

    གུས་ཤིང་བཀུར་འོས་པའི་གླིང་ཚ་མ་བུ་གསུམ་ལ་ ཐོག་མ་གུས་འདུད་ཞུས་གི་ཡོད་།
    སོ་སོའི་གཅོས་པའི་ལུས་སྲོག་ལ་ཉེས་འགག་ཡོད་པ་ཤེས་བཞིན་དུ་ བློ་ཡུལ་མ་ཤོང་བའི་དཀའ་སྡུག་ལ་བཟོད་བསྲན་དང་ གདོང་ལེན་ བོད་བསྟན་སྲིད་མི་རིགས་དང་བཅས་པ་ཛ་དྲག་ཆགས་འཇིག་གི་སོ་མཚམས་གྱར་བའི་སྐབས་འདིར་ ཁ་ཞེ་གཉིས་མེད་དང་ ལྷག་བསམ་ཟོལ་མེད་ཐོག་ཞི་བའི་གོམ་བགྲོད་གནང་བར་སྙིང་ཁོག་ནས་བརྗོད་མིན་ཤེས་པའི་ཚོར་བའི་ཐོག་ནས་ གདུང་སེམས་མཉམ་བསྐྱེད་གྱི་མཚམས་འདྲི་ཡོད་ བོད་མི་རིགས་འདི་གསོན་པོ་གནས་ཐུབ་ཐབས་དང་ དུས་རབས་གསར་པའི་ནང་འཚར་ལོང་བྱུང་བཞིན་པའི་བོད་གངས་ཅན་གྱི་མི་རིགས་ཀྱི་སེམས་ལ་བག་ཆགས་ཆེན་པོ་བཞག་ཡོད་པ་གདོན་མི་ཟ་ བྱུང་རབས་ལོ་རྒྱུས་ཀྱི་དེབ་ཐེབ་ནང་འགོད་ངེས་ ཡིན་ལ་ རྒྱ་ནག་གི་ནོར་འཁྲུག་ཅན་གྱི་སྲིད་ཇུས་བཟུང་སྟེ་ རྒྱ་བ་རིན་པོ་ཆེ་མ་བཞུགས་པ་ཡིན་ན་ བོད་མི་རིགས་ཀྱི་འཐབ་རྩོད་འཇུག་སྒྲིལ་གྱི་རེད་བསམ་པ་དེར་ རྩིས་ནོར་ཡིན་པ་མངོན་གསལ་དོད་པའི་བརྡ་ལེན་གྱིས་ནུས་པ་སྤྲོད་ཡོད་ ལ་ བོད་རིགས་ཡོད་དོ་ཅོག་ནས་གདུང་སེམས་མཉམ་བསྐྱེད་གནང་རོགས་ སོ་སོས་རང་ཉིད་ཀྱིས་ལྟོ་གོས་ཁོ་ནར་གྲ་མ་འགྲིགས་པ་སྡོད་དེ་ རྩ་དོན་ཆེདུ་བློས་གཏོང་གནང་མཁན་དག་ལ་རྒྱབ་བཤོད་གནང་ནས་བཞུགས་ན་ རྒྱ་ནག་ལ་དགོས་ངེས་ཀྱི་ཅ་རྐྱེན་ཆགས་པས་ དེ་འདྲ་རྩ་བ་ཉིད་ནས་གནང་མི་ཉན་ བོད་མི་རིགས་འདིར་ རྒྱ་ནག་དམག་གཞུང་གིས་ གཉའ་གནོན་དང་ མཐོང་ཆུང་ཁྱད་གསོད་རྡུང་འདེད་མནར་བཅོད་དམར་རྗེན་དུ་བཏོན་ཏེ་ བོད་མི་རིགས་འདི་རྩ་མེད་ཤུལ་མེད་བཟོ་རྒྱུ་སྲིད་ཇུས་བཟུང་ཏེ་ མངོན་གསལ་དོད་པའི་ཐོག་ མི་རིགས་འདི་མིག་ནང་བཞག་གི་ཡོད་མ་རེད་ ཚང་མས་མ ཁྱེན་གྱི་ཡོད་ཤག་ཡིན་ ང་ཚོའི་བོད་མི་རིགས་འདི་ རྒྱལ་རབས་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཡིན་བཞིན་དུ་ གུ་བཤངས་ཀྱི་སྲིད་ཇུས་བཟུང་སྟེ་ རྒྱལ་ཁབ་བློས་གཏོང་གནང་ཡོད་ རྒྱལ་ཁབ་བརྩོན་ལེན་བྱེད་གི་མེད་ཀྱང་ ད་དུང་ཐུབ་ཚོད་ག་འདྲ་ཞིག་གཏོང་གི་མིན་འདུག་གམ་། མཐོང་གི་འདུག་གམ་ བོད་རིགས་ སྤྱི་བོ་གནམ་བསྟན་ཡོངས་ནས་ ནན་ཆོག་པ་འདུག་གམ་ གངས་ཅན་པ་རྣམས་ རང་ཅག་ཤ་ཁྲག་གཅིག་པའི་སྤུན་ཟླ་ས་ཡ་གཅིག་དང ཕྱེད་ལ་ཉེ་བ་དམག་བསོད་གཏོང་ བོད་ལུང་པ་བཙན་འཕྲོག་བྱས་ གཏེར་ཁ་དང་ རིན་ཐང་བྲལ་བའི་ཅ་དངོས་རྣམས་འཕྲོག་བཅོམ་བྱས་ རང་ཅག་ནས་རང་གཞན་གཉིས་ཕན་གྱིས་ རང་ཅགི་ལུང་པ་དེ་བེད་སྤྱོད་མཉམ་དུ་གཏོང་ཟེར་ཡང་ ཁས་ལེན་མ་བྱས་ཁ་ ཞི་བའི་ངོ་རྒོལ་གནང་མཁན་རྣམས་ལ་བཅར་རྡུང་དྲག་པོ་གཏོང་ སྟེ་ དམག་བསོད་གཏོང་གི་ བོད་གངས་ཅན་པའི་བོད་མི་ཞིག་ཡིན་ཕྱིན་ཆད་ རང་ལ་ནུས་འཇོན་ག་ཚད་ཡོད་ན་ངོམས་པའི་དུས་ཚོད་རེད་མི་འདུག་གམ་ ལངས་ཤོག་ ལངས་ཤོག་བོད་མི་ཚོ་ གཉིད་ལས་སོད་ཤིག་ ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་ཁ་ཞེ་གཉིས་མེད་ཐོག་ཤི་གསོན་གང་ལ་སྐྱིད་སྡུག་མཉམ་མྱོང་དང་ རྡོག་རྩ་གཅིག་སྒྲིལ་ཡིན་། གུས་པས་བོད་མི་རིགས་གཅོསུ་མེད་པའི་ལ་ཞེ་ཆེ་བས་་རང་དབང་མེད་པ་བྲིས་པ་ཐལ་བས་ནོར་འཁྲུག་ཡོད་ངེས་པའིདགོངས་སེལ་ཞུ་ བོད་རྒྱལོ་།།

    Reply
  10. མི་རྒོད། says:
    ལོ་ 13 སྔོན།

    བོད་ཀྱི་མདོ་སྨད་དཔའ་རྒོད་གླིང་ཚ་གསུམ་འདི་འདྲ་བའི་དཀའ་སྤྱད་གནང་བ་རང་མི་རིགས་རྩ་དོན་ཆེད་ཡིན་པས་ངས་ལག་གཉིས་ཐལ་སྦྱར་གྱིས་གུས་དུད་ཞུ་རྒྱུ་མ་ཟད་ད་བར་གྱིས་ལས་དོན་ལ་ཧ་ཅང་བསྔགས་བརྗོད་ཞུ། བུ་རྒོད་དམ་བཅའ་བརྟན་པོས་བློས་གཏོང་གནང་བ་ནི་ཧ་ཅང་དྲིན་ལྡན་མ་གཅིག་ངོས་ནས་སེམས་ཚབ་ཆེ་ཆེར་འགྲོ་བ་གླེང་མ་དགོས་པ་ཡིན་ཡང་བུ་སྐྱེས་ནས་གོ་ཆོད་པ་དང་། མི་ལུས་ཐོབ་ནས་གོ་ཆོད་པ་ངས་ངོས་འཛིན་ཞུ་བཞིན་ཡོད། དེ་བརྟེན་མ་ཡུམ་ཁྱེད་ཧ་ཅང་བློ་རྒྱ་ཆེན་པོས་གངས་ཅན་ལ་རྒྱ་འཛིན་པའི་བུ་ལ་མཆོག་གསུམ་སྨོན་འདེབས་ཞུས་ན་དེས་གཏན་གཏན་ཕན་ངེས་རེད། ཡང་སྒོས་བུ་མོ་ན་ཆུང་མ་དང་། མ་ཡུམ་ཁྱེད་ནས་སྙིང་སྟོབས་ཆེན་པོས་རང་ནུས་ག་ཡོད་ཀྱིས་བོད་ཀྱི་རྩ་དོན་བསྒྲུབས་པ་ཐུགས་རྗེ་ཆེ།
    ད་ཞུ་ཐལ་བ་ཞིག་ལ་གཞོན་ནུ་མ་ན་ཆུང་ལྷ་མོ་སྐྱིད་རང་མི་རིགས་ཆེད་སློབ་སྦྱོང་གནང་གལ་ཆེ་བས་གང་མགྱོཊ་སློབ་གྲྭར་གཏོང་རོགས་ཞེས་རེ་འབོད་ཞུ་རྒྱུ་ཡིན། སློབ་སྦྱོང་གི་ནུས་པས་བོད་དོན་འཐབ་རྩོད་མི་དམན་པ་ཞིག་འཛམ་གླིང་ནང་བྱེད་ཐུབ་པ་བརྟེན་དེ་ཡང་ངས་རེ་བ་ཞུ་བཞིན་ཡོད། བཙན་བྱོལ་ནང་ཞི་བའི་གོམ་བགྲོད་ཀྱི་སྙིང་སྟོབས་འདི་འདྲ་བ་གནང་བ་དེ་བོད་འཐབ་རྩོད་པ་ཁྱོན་ཡོངས་དང་མཉམ་དུ་མཛད་རྗེས་ལ་བསྔགས་པའི་ཆེད་བསྟོད་ཞུ་ངེས་རེད་ལ་ཞུ་དགོས་པ་ཡང་ཧ་ཅང་གལ་ཆེ་རེད། ད་ང་ཚོའི་སེམས་ཚབ་ཆེ་ཤོས་ནི་དཔའ་རྒོད་ཚེ་བརྟན་རྡོ་རྗེ་ཡིན་པས་གལ་ཏེ་ཁོང་གི་རེ་དོན་ལ་འགོག་རྐྱེན་འཕྲད་ཚེ་བློས་གཏོང་གང་ཡང་གནང་ཉེན་ཡོད་པས་བོད་གངས་ཅན་གྱི་ལ་རྒྱ་སྙིང་དབུས་ན་ཡོད་དོ་ཅོག་ནས་དོན་མེད་ཀླད་ཆུང་འཇོན་མེད་ས་བཞག་ཁ་ལ་མེ་འབར་གྱིས་འཇབ་ཆུང་གཏམ་ལ་མི་ཉན་པ་མང་གཙོའི་བལྟ་བ་གོང་མཐོར་སྟེག་ནས་རང་ཉིད་རང་གི་དགྲ་རུ་ནམ་ཡང་ལང་རྒྱུ་མེད་པ་བསམ་ཤེས་དགོས་པ་དང་། བོད་ཕྱི་ནང་གང་སར་ལས་འགུལ་ག་འདྲ་ཞིག་སྤེལ་ཡང་རྩ་དོན་ནི་བོད་རྒྱལ་ཐབས་དང་། ༧ མགོན་ཡིན་བཞིན་ནོར་བུ་གང་མགྱོཊ་བོད་ནང་གདན་ཞུ་ཡོང་ཐབས། བོད་རིགས་ཕྱི་ནང་གི་འདོད་དོན་སྒྲུབ་ཐབས་རེད། དེ་འདྲ་བའི་འཐབ་རྩོད་ནང་འཐབ་རྩོད་ཀྱིས་ངོ་བོ་འདྲ་མིན་དགོས་པ་མིག་གིས་འཛམ་གླིང་ཕྱོཊ་གང་སར་བལྟས་ན་གལ་ལེ་ལེགས་ཆ་ལེན་ཐུབ་པ་སྨྲ་མི་དགོས། ད་ལྟ་ང་ཚོར་མང་གཙོ་བཟང་པོ་འདི་འདྲ་ཞིག་གནང་བ་ཙམ་ལས་རྩོད་པ་ནི་ཧ་ཅང་ཉུང་ཉུང་རེད་སོང་ཙང་ད་རིང་ཁ་སང་ཅུང་ཟད་རྩོད་པའི་ངོ་བོ་འཕེལ་བཞིན་པ་རེད། སྐབས་དེར་མི་མང་ནང་གོ་རྟོགས་གཏིང་གཟབ་མེད་ཚེ་འཐབ་རྩོད་ནུས་པར་ཞན་ཆ་ཤོར་ནས་འགོག་རྐྱེན་གྲངས་ལས་འདས་པ་ཡོང་སྲིད་པས་བོད་རིགས་འཐབ་རྩོད་པ་རྣམས་རང་རང་སོ་སོའི་ངོ་བོ་བརྟན་གཟུང་ངང་ལས་དོན་གང་བྱས་བློ་ལྷིང་གཏན་གསུམ་གྱིས་མདུན་བསྐྱོད་དགོས་པ་རེད། དཔེ་ན་ཤེས་ཡོན་རྗེས་འཛིན་པ་རྣམས་ཤེས་ཡོན་ལ་འབད་དགོས་པ། ཆབ་སྲིད་དབུ་ཁྲིད་ཆེ་ཕྲ་ཆུང་གསུམ་ནས་ཕུགས་འགྱངས་རིང་པོས་ཆབ་སྲིད་འགོ་ཁྲིད་དགོས་པ། ནང་ཆོས་རྗེས་འཛིན་རྣམས་དུས་རབས་ཉེར་གཅིག་གི་ཆོས་པ་ཡོང་ཐབས་ལ་འབད་དགོས་པ། བོད་ཀྱི་སྲོལ་རྒྱུན་ཐུན་མོང་རྗེས་འཛིན་རྣམས་དེའི་ཕྱོཊ་སུ་བསྐྱོད་ཐུབ་པ་སོགས་བྱས་ཚེ་འདི་རྣམས་ཡོངས་སུ་རྫོགས་པས་བོད་ཞེས་པ་དེ་སྐྱོབ་ཐུབ་པ་དང་། ད་ལྟ་སྐྱོབ་བཞིན་པ་འདི་ཡང་ལམ་འདི་ནས་བྱུང་བ་རེད།
    ༧ མགོན་ཕྱག་ན་པདྨོ་་རྒྱལ་གྱུར་ཅིག།།
    བོད་བདེན་པ་ཉིད་རྒྱལ་གྱུར་ཅིག།།
    བོད་ཀྱིས་འཐབ་རྩོད་པ་་ཀུན་རྒྱལ་གྱུར་ཅིག།།

    Reply
  11. ཐོ་རེངས། says:
    ལོ་ 13 སྔོན།

    ད་ནི་བོད་རིགས་འདི་སྤྱང་གི་ལུགས་དང་ཕྲད་པ་བཞིན་ཐ་ན་བལ་བོ་ཚང་གིས་ཀྱང་བརྙས་བཅོས་བྱེད་འདུག རང་ཅག་ཚོ་ནི་དངོས་གནས་བཤད་ན་སྡུག་བལ་བོ་ཚང་གི་ངོས་ལེན་ཙམ་ལ་འབུད་ཐུབ་པའི་ནུས་པ་མེད་པ་འདི་རེད།
    དེར་མ་ཟད་ཨ་རི་སོགས་རྒྱལ་ཁབ་གཞན་གྱིས་རོགས་རམ་ཅུང་ཙམ་རེ་བྱས་ཚེ་ཁོ་རང་ཚོའི་ཆབ་སྲིད་རེད་ཅེས་བྱང་མདོག་གི་གནོད་ཤུགས་སྤྲད་ཅི་ཐུབ་བྱེད། ད་ཅི་བྱེད་གི་ལྟ་ཡ།

    Reply
  12. སྦྲ་གསར་དཀར་ལོ། says:
    ལོ་ 13 སྔོན།

    བཙན་བྱོལ་ནང་ན་ན་གཞོན་བུ་མེད་རང་དབང་འཐབ་རྩོད་པ་ལྷ་མོ་སྐྱིད་ལས་ད་སྔ་བྱུང་མྱོང་མེད་བས་ང་ཚོས་མགྱོགས་མྱུར་གྱིས་མོས་སྙིང་སྟོབས་དང་ཆོད་སེམས་སློབ་སྦྱོང་གི་ཕྱོགས་སུ་སྐྱོད་ཐབས་གནང་རོགས།

    Reply
  13. སྦྲ་གསར་དཀར་ལོ། says:
    ལོ་ 13 སྔོན།

    མ་བུ་གཉིས་ཕྱིར་རྡ་སར་ལེན་དགོས་པ་མ་ཟད་ན་ཆུང་་ལྷ་མོ་སྐྱིད་ངེས་པར་དུ་སློབ་གྲར་བསྐྱལ་ནས་མ་འོངས་པར་བོད་མི་རིགས་ཀྱི་ན་གཞོན་བུ་མེད་ཤེས་ཡོན་གཉིས་འཛོམས་ཀྱི་རང་དབང་འཐབ་རྩོད་པ་ཤིག་ལ་གསོ་སྐྱོང་བྱེད་དགོས་བའི་འགན་དབང་གཙོ་བོ་བོད་ཀྱི་བུ་མེད་ལྷན་ཚོགས་དང་ཚོགས་པ་སྐྱིད་སྡུག་ཁག བཙན་བྱོལ་ཤེས་རིག་ལས་ཁུངས་སོགས་ལ་ཡོད།

    Reply
  14. འདྲེ་མེ་འབུད། says:
    ལོ་ 13 སྔོན།

    ཨ་མ་ལྡོམ་པོ་སྐྱིད་ལྟ་བུའི་རླབས་ཆེ་བའི་མ་ཡུམ་འདི་ལྟ་བུའི་རིགས་ལ་བུད་མེད་ཚོགས་པས་ཀྱང་གཟེངས་རྟགས་ཤིག་སྤྲོད་མ་ཐུབ་ཀྱང་ཁ་ཞིག་ངེས་པར་དུ་གྲགས་ན་སྙམ་པའི་རེ་བ་སྔར་ནས་ཡོད་ཀྱང་། ཅི་ནས་ཀྱང་ཐོས་པའི་སྐལ་དུ་མ་བྱུང་བ་ནི་ཤིན་ཏུ་ཕངས་པའི་གནས་ཤིག་གོ།

    Reply
  15. འདྲེ་མེ་འབུད། says:
    ལོ་ 13 སྔོན།

    ད་ནི་ལྷ་མོ་སྐྱིད་ཚུར་ལོག་སྟེ་སློབ་གཉེར་གྱི་འགོ་ཚུགས་ན་ཤིན་ཏུ་ལེགས་པར་སྙམ། ཚེ་བརྟན་རྡོ་རྗེའི་དམ་བཅའ་ནི་དངོས་གནས་གནད་འགག་ལ་ཐུག་ཚེ་ངར་གྱི་ཁོལ་བའི་དཔའ་སྙིང་ཧ་ཅང་བརྟན་པས། ཡིད་འགུལ་ཐེབས་པར་བྱེད་པའི་ཁོང་གི་དམ་བཅའ་ལ་འགྱུར་བ་མེད་པ་ཧ་ཅང་གསལ་བོ་རེད། དངོས་གནས་མི་འདི་ལྟ་བུ་འུ་བུ་ཅག་ལ་ཤིན་ཏུ་ཉུང་བར་མ་ཟད། ཤིན་ཏུ་ཉུང་བ་འདིའི་རྒྱབ་ཏུ་ཡོད་པའི་མི་ཡང་ཤིན་ཏུ་ཉུང་བའི་ཚོར་བ་ཞིག་ཅིས་ཀྱང་བདོག་གོ།

    Reply
  16. རྟ་མགྲིན། says:
    ལོ་ 13 སྔོན།

    གླིང་ཚ་འདིས་བོད་མི་རིགས་ཀྱི་བདེ་དོན་ཞིག་རྒྱབ་ལ་ཁུར་ནས་སྐྱོད་ཀྱིན་ཡོད། ང་ཚོས་ཀྱང་ཁོང་གི་བདེ་འཇགས་ལ་འགན་ཁྱེར་ཐུབ་དགོས། བལ་ཡུལ་བོད་མིའི་ཚོགས་སྐྱིད་ཁག་དང་མི་དམངས་རྣམས་ཀྱིས་ཁོང་གར་སླེབས་ལ། ཏན་ཏན་རོགས་རམ་དང་གནས་ཚུལ་ཤེས་རྟོགས་བྱ་དགོས། ཐུགས་རྗེ་གཟིགས།

    Reply
  17. རེབ་ཐོག་མདའ says:
    ལོ་ 13 སྔོན།

    ཨ་མ་དེའི་མིག་ཆུ་སུ་ཞིག་ཆེད་དུ་བཞུར་ཀྱིན་ད་དུང་རྡ་སའི་རི་གྲོང་ན་ཧ་གི་མི་འདུག། བུ་རྒོད་དེའི་དཀའ་སྡུག་སུ་ཞིག་གི་ཆེད་དུ་མྱོང་གི་ཡོད་པ་རང་དབང་བོད་པའི་ཧ་གོ་གི་མི་འདུག།
    བཟའ་མི་གང་འདི་ལམ་ལ་ཆས་དུས་མང་པོ་ཞིག་གི་དེ་ལ་དོག་འདྲི་ཡང་བྱེད་ཡོད་ལ་དེ་ལ་ཚིག་སྐམ་པོ་ཡང་མང་པོ་འཕང་ཡོད་མ་ཟད་།
    ཟླ་བ་གཉིས་ཚ་སྡུག་དང་དཀའ་ངལ་གདོང་གི་བསུ་བཞིན་གླིང་ཚ་མ་བུ་གསུམ་དེ་ལྟར་སོང་ཡང་དྲིན་ལན་མི་ཤེས་བའི་བོད་པ་ལ་ལས་དེ་ལ་རྒྱབ་སྐྱོར་ཕར་ཞོག་ད་དུང་དེ་ལ་ཡག་སྡུག་གི་གླེང་སློང་མང་པོ་བཤད་སོང་།
    བསམ་བློ་ཡག་པོ་བཏང་ན་ཁོང་མ་བུ་གསུམ་ཀྱིས་ལས་འགུལ་འདི་ལ་མྱི་སུ་ཞིག་ཡིན་ཡང་ཡག་སྡུག་ལག་ཉེས་འབྱེད་པའི་ཐོབ་ཐང་རྩ་བ་ཉིད་ནས་མི་འདུག་རྒྱུ་མཚན་ང་ཚོ་ཅི་ཡང་འཇོན་གི་མེད་པའི་རྐྱེན་ཀྱིས། ང་དང་ང་ལྟ་བུའི་རྡ་ས་གཙོ་བྱས་བའི་ས་གནས་གཞན་འམ་ལོངས་པ་གཞན་ན་ཡོད་པའི་བོད་པ་ཚང་མའི་དེ་རིང་བར་དུ་རང་གི་གྲོད་ཁོག་ལ་བསམ་བློ་གཏོང་བ་ལས་ཁ་ནས་ཆེན་པོ་རེ་དང་ལག་ནས་ཅི་ཡང་མི་བསྒྲུབ་འཚོ་དང་འཚོ་བཞིན་པ་ལ་བལྟས་ན་གླིང་ཚ་མ་བུ་གསུམ་གཙོ་བྱས་བའི་གང་སུ་འདྲ་ཞིག་ལས་འགུལ་སྤེལ་རང་ཉིད་ཅི་ཡང་མི་འཇོན་ཁ་སྟོང་ནང་ན་ཚིག་ཉ་ཉོག་མང་པོ་མི་འཕེན་པར་རང་རང་གི་བསམ་བློ་ཡག་པོ་བཏང་ན་བཟང་སྙམ།
    སྤྱིར་གླིང་ཚ་མ་བུ་གསུམ་གི་ད་བར་དུ་ག་རེ་བྱས་བ་དེ་ང་ཚོས་རང་དབང་ཆེད་དུ་ཡིན་པའི་མི་སུ་དང་ཚཽགས་པ་སུ་ཞིག་ཡིན་ཡང་དེ་ལ་རྒྱབ་སྐྱོར་ལས་དགག་པ་མེད་པར་ཞུ། སྤྱིར་སྟངས་གླིང་ཚའི་གོམ་བགྲོད་འདི་ཁོང་རང་གི་འདེམ་ཀ་ཡིན་ཡང་ཁོང་ལ་རྒྱབ་སྐྱོར་འམ་རོགས་རམ་རྒྱུ་ཤུགས་གཉིས་ཀྱི་ཆ་ནས་ག་འདྲ་ཞིག་དགོས་ཀྱང་གཞུང་གཙོ་ཞེས་ཚོགས་པ་སོ་སོ་འམ་ད་དུང་གང་ཟག་སྒེར་གི་ངོས་ནས་མ་འོངས་བར་ཁོང་ལ་མུ་མཐུད་དེ་རོགས་རམ་བྱེད་པ་འབོད་སྐུལ་དང་བཅས་ང་རང་ཉིད་ཀྱིས་ངོས་གླིང་ཚ་མ་བུ་གསུམ་ལ་ཅི་ཞིག་གི་རོགས་རམ་བྱེད་ཐུབ་ཀྱང་ད་ལྟ་འམ་མ་འོངས་གང་ལ་ཡིན་ཡང་རྒྱབ་སྐྱོར་གཙང་མ་ཡོད་།

    Reply
  18. བློ་བཟང་ཕུན་ཚོགས། says:
    ལོ་ 13 སྔོན།

    གངས་ཅན་གྱི་རླབས་ཆེ་བའི་མ་བུ་གསུམ། གངས་ཅན་གྱི་བློ་མིག་ལྡན་པའི་མི་བུ་ཀུན་གྱིས་ཁྱེད་མ་བུ་གསུམ་ལ་ཕྱོགས་ཀྱིན་ཡོད། ཁྱེད་ཚོས་ཟླ་གཉིས་རིང་ལ་མི་རིགས་ཤིག་གི་ཆེད་དུ་དཀའ་ལས་མང་བོ་མྱངས་ཡོད་པ་གསལ་བོ་ཚོར་ཡོད། ཁྱེད་རྣམ་པས་ལུས་ཀྱི་དཀའ་ལས་དང་སེམས་ཀྱི་དཀའ་ལས་སོགས་མང་བོ་མང་བོ་ཞིག་མྱངས་པར་ཤེས་ཡོད། དེ་རིང་ཡང་འདི་ལྟར་དཀའ་ལས་མྱོང་བཞིན་པ་ཁྱོད་མ་བུ་གསུམ་ཡིན་པར་མཐོང་སོང་། ཡིན་ན་ཡང་མཐོང་བ་ཙམ་ལས་ཕན་ནི་ཐོག་གི་མི་འདུག དངོས་ནས་སེམས་ལ་དཀའ་ངལ་ཤིན་དུ་ཆེ་ཀི ད་ངས་འདི་ནས་ལག་གཉིས་ཐལ་མོ་མཇལ་ཏེ་ཞུ་རྒྱུ་ཞིག་ལ། ངེས་པར་ཏུ་བོད་པའི་གསར་འགོད་པ་དག་གིས་ཁོང་མ་བུ་གསུམ་གྱི་གནས་ཚུལ་མང་ཙམ་བཀོད་རོགས་ཞུ་རྒྱུ་དེ་ཡིན། ཐུགས་རྗེ་གཟིགས།

    Reply
  19. སྐར་མདའ། says:
    ལོ་ 13 སྔོན།

    རྒྱལ་གཅེས་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་བར་ཆད་མི་ཡོང་བའི་སྐྱབས་འཇུག་ཞུ། གླིང་ཚ་ཁོང་ལྟ་བུའི་བུ་རྒོད་དག་རྒྱལ་གྱུར་ཅིག རླབས་ཆེན་གྱི་ཞི་བའི་གོམ་བགྲོད་པ། བོད་ཀྱི་གན་རྡི་རྗེ་ཆུང་ཆུང་། ངེས་དོན་གྱི་ཞི་བའི་འཐབ་རྩོད་པ་་་་་་་

    Reply
  20. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    ཁོང་གི་སྙོང་སྟོབས་ལ་མགོ་བོ་སྒུར་ནས་གུས་འདུད་ཞུ། ཨ་མའི་བུ་རྒོད་གླིང་ཚ་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese