མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་ཟུར་སྦྱོང་འཛིན་གྲྭ་ཚོགས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ། བོད་ཀྱི་རིག་གཞུང་ཟུར་སྦྱོང་འཛིན་གྲྭ་ཐེངས་༡༧ པ་དེ་མགོ་འཛུགས་འདུག

དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་ནང་པའི་རིག་གཞུང་ཚོགས་པ་དང་སློབ་གྲྭ་ཐུན་མོང་གིས་གོ་སྒྲིག་འོག  ལོ་ལྟར་ས་གནས་གཞིས་ཆགས་ཁག་གི་སློབ་ཕྲུག་ཚོར་དབྱར་ཁའི་གུང་གསེང་དུས་ཡུན་ཟླ་གཅིག་རིང་བོད་ཡིག་ཟུར་སྦྱོང་འཛིན་གྲྭ་ཚོགས་ཀྱི་ཡོད་པ་ལྟར།   ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་སློབ་གྲྭའི་ནང་བོད་ཀྱི་རིག་གཞུང་ཟུར་སྦྱོང་འཛིན་གྲྭ་ཐེངས་ ༡༧ དེ་མགོ་འཛུགས་ཡོད་འདུག ཐེངས་འདིའི་ཟུར་སྦྱོང་འཛིན་གྲྭར་ས་གནས་གཞིས་གྲོང་ཁག་དགུའི་འཛིན་རིམ་དང་པོ་ནས་བཅུ་གཅིག་བར་གྱི་སློབ་ཕྲུག་གྲངས་ ༢༢༠ མཉམ་ཞུགས་ཡོད་པ་དང་། གྲྭ་སའི་དང་བླངས་དགེ་རྒན་ ༡༢ གྱིས་སློབ་ཕྲུག་ཚོར་སུམ་རྟགས་དང་། དག་ཡིག ཡིག་གཟུགས། བོད་སྐད་ཐ་སྙད་གསར་བ། ཆོས་འབྱུང་། རིགས་ལམ། ནང་ཆོས་ངོ་སྤྲོད། མཛད་རྣམ་སོགས་སློབ་ཁྲིད་བྱ་རྒྱུ་ཡིན་འདུག 

ཟུར་སྦྱོང་འཛིན་གྲྭ་དེའི་དམིགས་ཡུལ་ནི། ས་གནས་གཞིས་ཆགས་ཁག་གི་སློབ་ཕྲུག་ཚོས་བོད་རང་གི་རིག་གནས་ལ་དོ་སྣང་ཡོང་རྒྱུར་སྐུལ་སློང་བྱས་ཏེ། སློབ་མིའི་བོད་ཡིག་གི་ཤེས་ཚད་ཡར་རྒྱས་དང་། བོད་སྐད་གཙང་མ་བཤད་ཐུབ་རྒྱུར་དམིགས་པ་ཞིག་ཡིན་ལ། ༡༩༩༥ ལོར་བོད་ཀྱི་རིག་གཞུང་ཟུར་སྦྱོང་འཛིན་གྲྭ་གསར་དུ་མགོ་བཙུགས་པ་ནས་བཟུང་ད་ལྟའི་བར་སྔ་ཕྱིར་ཐེངས་ ༡༧ ལ་ཚོགས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཆུ་ཚོད་ ༢༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩

མཆན། 9

  1. བུ་ཡུག says:
    ལོ་ 14 སྔོན།

    སྦྲ་དཔལ་ལྡན་གྱིས་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ།

    Reply
  2. ཤར་ཕྱོགས་སྲིན་པོ། says:
    ལོ་ 14 སྔོན།

    བོད་སྐད་གཙང་མ་ཞིག་དང་བོད་ཡིག་དག་མ་ཞིག་ཤེས་མཁན་ཨ་མདོ་བ་རྣམས་མ་གཏོགས་མེད་པས་གྲོགས་པོ་རྒྱ་རྙི་ཁྱོད་མ་དགའ་དབུས་ལ་སོང་རུང་མ་མཇལ་ཕྱིར་ཡོང་རུང་སྡུག་ཅོང་རེད།

    Reply
  3. བུ་ཡུག says:
    ལོ་ 14 སྔོན།

    རྒྱ་རྙི་ལགས་རང་ཚོད་ཀྱི་མ་བསྡད་ནས་རོ་མདོང་གི་མ་རྒྱབས་ན་ཡག། ཁྱེད་ཀྱི་ལས་འགན་གཙོ་བོ་དཀྲུག་ཤིང་རྒྱགས་རྒྱུ་དང་ཕྲག་དོག་ལངས་རྒྱུ་དེ་ཡིན་ཚོད་རེད་

    Reply
  4. རྒྱ་རྙི། says:
    ལོ་ 14 སྔོན།

    འདི་ལ་ལོ་མང་པོ་ཞིག་གི་སྲོལ་རྒྱུན་གྱི་འདུ་ཤེས་ཙམ་རེད། ཕན་ཐོགས་གང་ཡང་མེད་པ་རེད། མི་མང་སྔོན་ནས་མིང་བརྫིག་བྱེད་ཐབས་ཙམ་ལས་དོན་དངོས་ཀྱིས་སྦྱོང་བརྡར་ཞིག་ཆགས་ཀྱིན་མེད།
    དགེ་ཕྲུག་གསར་པ་ཚོ་ལ་དགེ་རྒན་གསར་པ་ཚོས་ཟླ་གཅིག་རིང་གུང་སེང་ཕུད་བའི་ཉིན་༢༠་རིང་ཚོད་ལྟའི་སྦྱོང་བརྡར་ཙམ་སྤྲོད་ཀྱིན་ཡོད་པ་རེད།
    དགེ་རྒན་མང་ཤོས་ཨམ་མདོ་བ་རྐྱང་རེད། སློབ་ཕྲུག་ཚོས་སྐད་མ་གོ་ནས་ཉིན་༡༥་འགོར་གྱིན་རེད། སྐད་གོ་ནས་ཉིན་ལྔའི་རྗེས་ནས་སྲོལ་རྒྱུན་གྱི་ཡིག་རྩལ་ཞིག་གིས་སློབ་ཡུན་རྫོགས་འགྲོ་བ་རེད། རླབས་ཆེན་གང་ཡང་མ་རེད། ཡིན་ནའང་། མེད་པ་ལས་ཡོད་པ་ཙམ་ལའང་ངོ་སོ་དགོས་པ་ཞིག་རེད།

    Reply
  5. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    ངོ་མ་དངོས་གནས་ཡག་པོ་འདུག་རིག་གཞུང་ལ་ཞེན་པ་དང་། གཞོན་སྐྱེས་ལ་གོ་སྐབས་མང་ཙམ་གནང་སྟེ་དོ་སྣང་ཆེ་བ་བྱུང་ན་དེ་ལས་ལྷགས་པའི་མི་རིགས་ཀྱིས་ཐབ་རྩོད་དང་། གསོན་གནས་ཐུབ་རྒྱུར་བྱ་བ་བྱེད་རྒྱུ་མེད་པས་ཐུགས་རྗེ་ཆེ་བ་མ་ཟད་དགོན་པ་དང་། བཤད་སྒྲ་ཁག གང་ན་ཡོད་པ་ཚང་མས་དེ་ཁུལ་གྱི་བོད་མའི་གཞོན་སྐྱེས་ཚོར་བོད་ཡིག་གཙོ་བྱས་ཀྱིས་ལམ་སྟོན་གནང་སྐྱོང་ཡོང་རྒྱུའི་རེ་བསྐུལ་ཞུ་རྒྱུ་ཡིན། དབུ་མ་དང་། རང་བཙན་ཁ་རྩོད་རྒྱབ་ནས་ཉིན་བསྐྱལ་བ་ལས། དེས་ཁ་ཡོད་ལག་ཡོད་ཀྱིས་མི་རིགས་དང་། གཞོན་སྐྱེས་ལ་ཕན་ཐོག་ཆེ་བ་མཐོང།།

    Reply
  6. སྒྲོལ་མཚོ says:
    ལོ་ 14 སྔོན།

    ངས་བལྟས་ན་ཟུར་སྦྱོང་དགེ་རྒན་ལ་ཡིག་ནོར་རྐྱང་རྐྱང་གི་ཟིན་བྲིས་གཉེར་མཁན་ཚ་སྒང་ཕོ་ཉ་ལྟ་བུ་མགྲོན་འབོད་བྱེད་ཐུབ་ན་བཟང་གི ཁོས་བཤད་སྟངས་ལ་བལྟས་ན་ཁོ་འོས་འཚམ་རེད་འདོད་འདུག མི་རིགས་འདིའི་ལས་དབང་ངོ་མ་རྩོག་གི མི་དམངས་ལ་ཕན་པའི་ལས་ཙུང་ཙམ་སྒྲུབ་ན་ཡང་དེ་ལ་མར་འཐེན་རྐྱང་རྐྱང་བྱེད་ཀི།

    Reply
  7. ཚྭ་སྒང་ཕོ་ཉ། says:
    ལོ་ 14 སྔོན།

    ཐོག་མར་འབྲས་སྒོ་མང་གི་མཁན་ལས་འདུས་མང་ལ་ཐུག་རྗེ་ཆེ་ཞེས་སྙིང་ནས་ཞུ། བོད་མི་རིགས་འདི་ཉིད་དེང་སྐབས་འཆི་གསོན་གྱི་མཚམས་སུ་སླབ་པ་དང་དེའི་ཚེའི་སྲོགས་ལྟ་བུ་བོད་ཀྱི་སྐད་ཡིག་འདི་ཡང་རླུང་ནང་གི་མར་མེ་དང་གཅིག་མཚུངས་སུ་གྱུར་བཞིན་པའི་དུས་འདིར་སློབ་ཕྲུག་གུང་སེང་གི་དུས་ཚོད་བེད་སྤྱད་དེ་བོད་ཀྱི་མ་འོངས་སོན་རྩ་དག་ལ་བོད་མིའི་སྐད་ཡིག་སློབ་ཁྲིད་ཀྱི་འཛིན་གྲྭ་ཞིག་གོ་སྒྲིགས་གནང་བར་དངོས་གནས་སྔགས་བརྗོད་ཀྱི་ཡུལ་ལས་མ་འདས། ཡིན་ན་ཡང་སློབ་ཁྲིད་གཅིག་གཅིག་མིག་མིག་བྱེད་ཀྱི་ཡོད་ཟེར་བའི་གསར་སྒྲགས་ལ་མི་གཙོ་བར་དེའི་སྐབས་དགེ་རྒན་ཚད་ལྡན་གོ་སྒྲིགས་བྱེད་དགོས་པ་དེ་ཁ་ཚ་དགོས་ཐུག་ཞིག་རེད། གཞན་སློབ་ཕྲུག་འདི་དག་བེད་སྤྱེད་དེ་བོད་ཡིག་ཐ་ཐོར་ཤེས་མཁན་གྱི་དགེ་རྒན་རྫུན་མ་དག་སྦྱོང་རྡ་བྱེད་ས་ལྟ་བུ་ཞིག་དུ་གྱུན་ན་རྗེས་ཕྱོགས་ལས་དོན་གང་ཞིག་སྒྲུབ་ན་ཡང་དཀའ་ངལ་དུ་ལྷུང་སྲིད་ལ། སློབ་ཕྲུག་དེ་དག་གི་དུས་ཚོད་ཀྱང་ཆོས་ཟོས་ལས་མ་འདས། ངས་དེ་འདྲ་གཅིག་མིན་པར་ངོས་འཛིན་བྱེད་བཞིན་ཡོད་ཀྱང་དྲན་གསོ་བྱེད་ཆེད་དུ་ཕུལ་བ་ཙམ་ཡིན་ལགས།

    Reply
  8. སྦྲ་གསར་དཀར་ལོ། says:
    ལོ་ 14 སྔོན།

    འབྲས་སྒོ་མང་གྲྭ་ཚང་གི་ཟུར་སྦྱོང་སློབ་གྲྭ་ནས་མ་བསྐུལ་དང་བླང་གིས་འབྲེལ་ཡོད་ཁག་ལ་བོད་ཀྱི་རིག་གཞུང་ངོ་སྤྲོད་སོགས་གནང་བ་བཀའ་དྲིན་ཆེན་པོ་རེད།

    Reply
  9. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    དཔལ་ལྡན་འབྲས་སྒོ་མང་སློབ་གྲྭའི་སྤྱི་ཁྱབ་དབུ་འཛིན་དང་ལས་མི་རྣམས་ལ་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད། བོད་ཡིག་ནི་མི་རིགས་དེའི་ཡོད་ཙད་ཡིན་དུས་མ་འོངས་སོན་རྩ་རྣམས་ལ་རྨང་གཞི་ངེས་ཅན་ཞིག་འཇོག་རྒྱུ་ཧ་ཅང་གནད་དོན་ཞིག་ཏུ་སེམས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese