མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་སྐར་སྲུང་གཙི་ཐེངས་དང་པོ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ་སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་ཏེ་ལོ་ངོ་ ༢༦༣༧ འཁོར་བའི་འཁྲུངས་སྐར་སྲུང་གཙི་དང་འབྲེལ། གདན་ཞུའི་སྐུ་མགྲོན་ཁག་ཅིག་གིས་སྟོན་པ་མཆོག་གི་འཁྲུངས་འདས་དང་མཛད་རྣམ་ཐོག་བགྲོ་གླེང་བཅས་གནང་སོང་།

ཁ་སང་ཕྱི་ཚེས་ ༢༨ ཉིན་བཞུགས་སྒར་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། བོད་ཀྱི་དཔེ་མཛོད་ཁང་གི་ཆོས་རིག་ཟབ་སྦྱོང་ཐེངས་གཉིས་པའི་སློབ་མ་ཐུན་མོང་གི་གོ་སྒྲིག་འོག སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་ཏེ་མི་ལོ་  ༢༦༣༧ འཁོར་པའི་འཁྲུངས་སྐར་དུས་ཆེན་ཐེངས་དང་པོ་དེ་སྲུང་གཙི་གནང་སོང་ལ། དེ་དང་མཉམ་དུ་སྟོན་པའི་འཁྲུངས་སྐར་སྲུང་གཙིའི་དགོས་དམིགས་དང་འཁྲུངས་འདས་ལོ་ཚིགས་ལ་དཔྱད་བསྡུར། སྟོན་པའི་མཛད་རྣམ་བཅས་ཀྱི་ཐོག་བགྲོ་གླེང་བཅས་གནང་སོང་། སྐུ་མགྲོན་གཙོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་དཔེ་མཛོད་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་ནཱ་ག་སངས་རྒྱས་བསྟན་དར་ལགས། དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས། མཁན་པོ་འཇུ་བསྟན་སྐྱོང་ལགས། དེ་བཞིན་ཟབ་སྦྱོང་འཛིན་གྲྭའི་སློབ་མ་དང་ཟུར་ཉན་པ་བཅས་མཉམ་ཞུགས་གནང་སོང་།

སྐབས་དེར་བགྲོ་གླེང་གོ་སྒྲིག་པས་འཛམ་གླིང་ནང་ཡེ་ཤུའི་འཁྲུངས་སྐར་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་། འབྲུག་དང་འབར་མ། ཤེ་རི་ལན་ཁཱ་སོགས་ཀྱི་ནང་སྟོན་པའི་འཁྲུངས་སྐར་སྲུང་གཙི་བྱེད་ཀྱི་ཡོད་ཀྱང་། བོད་པ་ཚོར་ནང་པ་མ་རེད་ཅེས་ལབ་པ་ཡིན་ན་ཁོང་ཁྲོ་ལངས་ངེས་ཀྱང་། སྟོན་པ་ལ་དེ་ཙམ་དོ་སྣང་མེད་པ་ཙམ་མ་ཟད། མང་པོ་ཞིག་གིས་ངོ་ཡང་འཕྲོད་ཀྱི་མེད་པའི་གནས་སྟངས་ཆགས་ཡོད་སྟབས། བཙན་བྱོལ་གཞུང་དམངས་གཉིས་ངོས་ནས་ལོ་ལྟར་སྟོན་པའི་འཁྲུངས་སྐར་སྲུང་གཙི་ཞུ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་བྱུང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བོད་ནང་དུ་༧གོང་ས་མཆོག་གི་འཁྲུངས་སྐར་དང་སྟོན་པའི་འཁྲུངས་སྐར་སྲུང་གཙི་ཞུ་རྒྱུའི་འདོད་མོས་ཡོད་ཀྱང་། རྒྱ་གཞུང་གིས་འགོག་རྐྱེན་བཟོས་གོ་སྐབས་རག་གི་མེད་པ་དང་། རང་དབང་ལུང་པའི་བོད་མི་ཚོས་དེ་འདྲའི་རིགས་ལ་དོ་སྣང་དང་། བོད་ཀྱི་ཆོས་རིག་སྐད་ཡིག་ལ་སློབ་སྦྱོང་བྱ་དགོས་པ། ནང་པ་སངས་རྒྱས་པའི་ཆོས་ནི་དུས་རབས་ཉེར་གཅིག་ཙམ་མ་ཟད། དུས་རབས་ང་གཅིག་པ་བསླེབ་ཀྱང་ལུས་ཀྱི་ནད་ཚ་བཅོས་ཕྱིར་སྨན་དགོས་པ་ཇི་བཞིན། ནང་གི་ནད་ཚ་བཅོས་རྒྱུར་ནང་པའི་ཆོས་ལུགས་དུས་ནམ་ཡང་རྙིང་པ་ཆགས་འགྲོ་རྒྱུ་དང་། དེ་ལ་བཅོས་སྒྱུར་བྱ་དགོས་པ་ཞིག་མཐོང་གི་མེད་སྐོར་བརྗོད་སོང་།

དགེ་བཤེས་ལགས་ཀྱིས་བོད་མིའི་རང་ལུས་མེར་བསྲེགས་སྐོར་ལ། སྟག་མོའི་ལུས་སྦྱིན་སོགས་སྟོན་པའི་མཛད་རྣམ་དང་ནང་པའི་ཆོས་འབྱུང་ཁག་ཏུ། རྣམ་པ་ཅི་རིགས་ཀྱི་སྒོ་ནས་རང་གི་ལུས་སྲོག་གཞན་དོན་དུ་ཕུལ་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་མཛད་རྣམ་མང་དུ་བྱུང་མྱོང་ཡོད་པ་ལྟར། དེང་སྐབས་རྒྱ་ནག་གི་དཀའ་སྡུག་མནར་གཙོད་འོག་ཡོད་པའི་བོད་མི་མང་པོ་ཞིག་གིས་བོད་མིའི་རང་དབང་དང་ཐོབ་ཐང་། སངས་རྒྱས་བསྟན་པ་བཅས་གཞན་དོན་ཆེད། དགྲ་གཉེན་སུ་ལའང་གནོན་འཚེ་མ་བྱས་པར་རང་སྲོག་བློས་གཏོང་བྱེད་བཞིན་པའི་ཐད་མང་པོ་ཞིག་གིས་ནང་ཆོས་དང་འགལ་ཡོད་མེད་དང་། འཚེ་བ་ཡིན་མིན་སོགས་ཀྱི་སྐད་ཆ་ཤོད་ཀྱི་ཡོད་པ་དེ་ནི་འོས་བབ་མིན་པ་ཞིག་དང་འགན་མ་ཁུར་པ་ཞིག་ཡིན་སྐོར་བཅས་གསུངས་དོན། “དེང་སྐབས་ཨེ་རག་དང་ཨེ་རན་སོགས་འཛམ་གླིང་གང་སར་སྤྱི་ཚོགས་དང་མི་གཞན་གྱི་ཚེ་སྲོག་ལ་གནོན་འཚེ་དང་བརྡབ་གསིག་གཏོང་པའི་རང་སྲོག་བློས་གཏོང་གི་བྱ་སྤྱོད་རིགས་སྤེལ་གྱི་ཡོད་པར་སུ་ཞིག་གིས་ཆོས་དང་འགལ་ཡོད་མེད་ཀྱི་སྐད་ཆ་བཤད་ཀྱི་ཡོད་” ཅེས་བརྗོད་སོང་།

རྒན་ནཱ་ག་སངས་རྒྱས་བསྟན་དར་ལགས་ཀྱིས་སྟོན་པའི་འཁྲུངས་ལོ་དང་འབྲེལ་ཏེ། ནང་པ་སངས་རྒྱས་པའི་རྗེས་འཇུག་ཚོས་ས་ག་ཟླ་བ་ནི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པ་དང་སངས་རྒྱས་པ། མྱ་ངན་ལས་འདས་པ་སོགས་ཀྱི་དུས་ཆེན་ཁྱད་པར་བ་ཞིག་ཏུ་རྩི་སྲོལ་ཡོད་པ་དང་། ཡང་ས་ག་ཟླ་བའི་ནང་གི་ཚེས་དུས་ལའང་མུ་མཐུན་པ་ཡོད་པ་ཙམ་མ་ཟད། ས་ག་ཟླ་བ་ཡང་བོད་ཟླ་ ༣ པའི་ནང་འཁེལ་བ་དང་བོད་ཟླ་ ༤ ནང་འཁེལ་བ་སོགས་རྩི་སྲོལ་སྣ་ཚོགས་ཤིག་ཡོད་ཀྱང་། སྨན་རྩིས་ཁང་གི་རབ་གནས་ཆུ་འབྲུག་ལོའི་ལོ་ཐོ་རྒྱས་པ་དང་། Rigpa Tibetan Calendar 2012-2013 གཉིས་གཞིར་བཟུང་སྟེ། བོད་ཟླ་བཞི་བ་ས་ག་ཟླ་བའི་ཚེས་ ༧ ཏེ། ཕྱི་ཟླ་ ༥ ཚེས་ ༢༨ ཉིན་སྟོན་པའི་འཁྲུངས་སྐར་སྲུང་གཙི་བྱས་པ་ཞིག་ཡིན་པར་བརྗོད་བྱུང་།

གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གིས་ཕྱི་ཟླ་ ༤ ཚེས་ ༡༦ ནས་ཕྱི་ཟླ་ ༦ ཚེས་ ༡༦ བར་ཟླ་གཉིས་རིང་གི་༼བོད་ཀྱི་ཆོས་དང་རིག་གཞུང་གི་སློབ་མའི་ཟབ་སྦྱོང་ཐེངས་གཉིས་པ་ ༽དེ་སྤྲོད་བཞིན་ཡོད་པ་དང་། ཐེངས་འདིར་སློབ་ཕྲུག་ ༢༨ ཙམ་ལ་བོད་ཀྱི་ལོ་རྒྱུས་དང་ནང་ཆོས། སྐད་ཡིག་སོགས་ཀྱི་ཟབ་སྦྱོང་སློབ་ཁྲིད་བྱེད་ཀྱི་ཡོད་འདུག་ལ། ཟབ་སྦྱོང་འཛིན་གྲྭའི་སློབ་མ་ཚོའི་གོ་སྒྲིག་འོག་ཐེངས་འདི་སྟོན་པའི་འཁྲུངས་སྐར་སྲུང་གཙི་ཐེངས་དང་པོ་དེ་གནང་ཡོད་པ་རེད།

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༥ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 7

  1. ཀླུ་ བློ་བསམ། says:
    ལོ་ 14 སྔོན།

    བདག་ཅག་གི་སྟོན་པ་བཅོན་ལྡན་འདས་ཀྱི་སྐུའི་འཁྲུངས་སྐར་འདི་གཟབ་རྒྱས་ངང་ནས་བོད་པ་ཙམ་མ་ཡིན་པར་རྒྱ་ནག་དང་ཀོ་རི་ཡ་ཉི་ཧོང་སོགས་ནང་པའི་རྒྱལ་དག་གི་སྐུ་ཚབ་ཀྱང་མགྲོན་འབོད་བྱས་ནས་མ་འོངས་བར་འདི་ནི་དུས་ཆེན་གལ་ཆེན་ཞིག་ཏུ་འགྱུར་ཐུབ་ན་ཡག་ཐོག་ལ་ཡག་ཟེར་བའི་དཔེ་ལྟར་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ༸སྟོན་པའི་འཁྲུངས་སྐར་ལ་ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། །

    Reply
  3. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    གནའ་ནས་ད་བར་བོད་པ་ཚང་གིས་སྟོན་པའི་འཁྲུངས་སྐར་སྲུང་བརྩི་བྱས་ནས་ཡོང་བ་རེད་་་་་ལོ་རེ་བཞིན་ས་ཟླའི་ཉ་ལ་དགོན་པ་ཁག་ཡིན་དང་ཡིན་གྲོང་པ་ཚོས་ཀྱང་ཉིན་དེར་སྲུང་བརྩི་བྱེད་ཀྱིན་ཡོད་པ་རེད་་་་་་དེ་རིང་གི་འཁྲུངས་སྐར་སྲུང་བརྩི་བྱེད་སྟངས་དེས་སྟོན་པའི་རིན་ཐང་ཆུང་དུ་བཏང་མི་འདུག་གམ་་་་་དེང་སང་རྡ་སའི་བོད་ཕྲུག་ཆུང་ཆུང་ཚོར་གཏོང་བཞིན་པའི་སྐྱེས་སྐར་ཞིག་གི་མཛད་སྒོའི་རྒྱས་སྤྲོ་ལས་ཀྱང་ཆུང་འདུག་པས་རྗེས་ཕྱོགས་དེང་སང་གི་ལུགས་ལྟར་མངར་སྤྲི་ཞིག་གི་ཁར་མེ་ཐུར་འགའ་བཙུགས་ནས་སྲུང་བརྩི་བྱས་ན་་་སྟོན་པའི་ཐུགས་དགོངས་བསྐངས་མ་བསྐངས་ཤིག་མིན་་་་་་གཙོ་བོ་སྲུང་བརྩི་བྱེད་མཁན་ཚོའི་ཁམས་ལ་རག་ལས་པས་དེ་མི་འགྲིག་གམ་་་་་

    Reply
  4. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    སྟོན་པའི་འཁྲུངས་སྐར་གྱི་ལམ་སྲོལ་ནི་སྤྱི་ཡོངས་ནས་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་གསར་བཏོད་ཀྱི་ལམ་སྲོལ་ཞིག་ཡིན། རྒྱལ་བའི་འཁྲུངས་སྐར་རམ་ཀརྨ་པའི་འཁྲུངས་སྐར་ཟེར་བ་སོགས་ནི་ཇི་འདྲའི་གྲ་རྒྱས་པོ་གཏོང་གི་ཡོད། ཡིན་ན་ཡང་། འུ་ཅག་གི་སྟོན་པ་མཉམ་མེད་ཁོང་གི་འཁྲུངས་སྐར་ནི་དགོན་པ་ལ་སྐོར་བ་རྒྱག་པ་དང་ཚོགས་འཚོགས་པ་ཙམ་གྱིས་ཨེ་འགྲིག་ན། བྱས་ཙང་། ད་ལོ་བོད་ཀྱི་དཔེ་མཛོད་ཁང་གིས་འཁྲུངས་སྐར་སྲུང་རྩི་གནང་བ་ལ་བསྔགས་བརྗོད་ཡོད། ངོས་ཀྱི་རེ་བ་ལ་མུ་མཐུད་དུ་བོད་པའི་སྤྱི་ཚོགས་ཡོངས་ལ་དེ་ལྟར་ཡོང་བར་སྨོན།

    Reply
  5. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    བོད་ཀྱི་དཔེ་མཛོད་ཁང་ནས་གོ་སྒྲིག་སོགས་སྐྱོ་མདོག་ཁ་བོ་ཞེ་བོ་ཅིག་བྱས་བྱ། གངས་སྐྱིད་ཁུལ་དུ་བརྩི་བཞིན་པའི་བུ་ཆུང་ཞིག་གི་སྐྱེས་སྐར་ལས་ཀྱང་སྐྱོ་བོ་འདུག འདི་འདྲ་ཞིག་ད་བརྩི་བ་ལས་མ་བརྩི་ན་སྟོན་པ་སངས་རྒྱས་ཆུང་དུ་འགྲོ་གི་མ་རེད།

    Reply
  6. བློ་འཕེལ། says:
    ལོ་ 14 སྔོན།

    རང་ལུས་མེར་བསྲེགས་འདི་ཧ་ཅང་སྙིང་སྟོབས་ཆེན་པོ་དང་བློས་གཏོང་ཆེན་པོ་ཞིག་ལོས་ཡིན། འོན་ཀྱང་སྟག་མོར་ལུས་བྱིན་དང་གནམ་སའི་ཁྱད་པར་མེད་ན། མཛད་པ་བཅུ་གཉིས་ཀྱི་སྟག་མོ་ལུས་བྱིན་འདི་རིན་ཐང་ཆུང་དྲགས་མི་འདུག་གམ། འདི་ནི་ཆེས་བཟོད་པར་དཀའ་བའི་སྙིང་རྗེས་ཀུན་ནས་བསླངས་ཏེ་རང་ལུས་དུམ་བུར་བྱས་ནས་སྟག་མོ་ལ་ཕུལ་བར་སོང་ཙང་ཀུན་སློང་ཁོ་རང་གི་ངོས་ནས་ཁྱད་པར་ཆེན་པོ་ཕྱིན་པ་རེད། དེ་ཡང་སྟོན་པའི་འཁྲུངས་སྐར་ལ་ཁོང་གི་མཛད་པ་འདི་ཆུང་ཆུང་ཞིག་བཟོས་ནས་སྲུང་བརྩི་གནང་བ་འདྲ་པོ་མི་འདུག་གམ།
    བོད་ནང་༸གོང་ས་མཆོག་འཁྲུངས་སྐར་སྲུང་བརྩི་ལ་རྒྱ་གཞུང་གིས་དགག་བྱ་ཆེན་པོ་བྱས་དང་བྱེད་བཞིན་པ་ལས་སྟོན་པའི་འཁྲུངས་སྐར་ལ་དགག་བྱ་བྱས་པ་གོ་ཐོས་མ་བྱུང། འདི་ཡང་བོད་པ་གཅིག་པུ་མ་ཡིན་པར་ནང་པ་ཡོངས་རྫོགས་ཀྱི་ཤེས་དགོས་ཡ་ཞིག་རེད། སོང་ཙང་དགེ་བཤེས་མཆོག་གསལ་བཤད་ཞིབ་ཕྲ་ཞིག་གནང་རོགས།

    Reply
  7. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    བདེན་མོད། འོན་ཏེ་ས་ག་ཟླ་བའི་ཚེས་༧ཉིན་སྟོན་པའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་རྒྱུ་མཚན་གང་། ཉིན་དེར་སྟོན་པ་འཁྲུངས་པའི་ཉིན་མོར་བརྩི་སྲོལ་ཞིག་ཡོད་དམ། ལར་ནས་བོད་བརྒྱུད་ནང་བསྟན་ཐོག་ནས་ས་ག་ཟླ་བའི་ཚེས་༡༥ཉིན་དེར་དུས་ཆེན་གསུམ་འཛོམས་བརྩི་སྲོལ་ཙམ་དུ་མ་ཟད་ཉིན་དེར་དམིགས་བསལ་རྣམ་དཀར་དགེ་སྦྱོར་ལ་བརྩོན་པ་དེས་སྟོན་པའི་འཁྲུངས་སྐར་ཙམ་དུ་མ་ཟད་སངས་རྒྱས་པ་དང་མྱ་ངན་ལས་འདས་པའི་དུས་ཆེན་ཡང་སྲུང་བརྩི་ཞུས་པ་ཞིག་མ་རེད་པས། ཨ་ཙི་སྐུ་རྩེད་ཞུས། དེ་ནས་སྟོན་པའི་འཁྲུངས་སྐར་སྲུང་བརྩི་གནང་བར་དགའ་བསུ་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese