མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ནང་ཆོས་དེང་དུས་ཤེས་ཡོན་གྱི་བསླབ་གཞིར་འཇོག་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་པ་སངས་ཉིན་༸གོང་ས་མཆོག་གིས་ངྷ་སྟེང་བོད་ཁྱིམ་ཚོཊ་ཁང་དུ། འཛམ་གླིང་རྒྱལ་ཁབ་ཁག་ ༧ དང་མཐོ་སློབ་ ༨༢ ནས་བཅར་བའི་བོད་རིཊ་སློབ་མ་དང་། བོད་ཁྱིམ་སློབ་ཕྲུག་བཅས་ཁྱོན་མི་ ༣༠༠༠ བརྒལ་བར་ནང་ཆོས་ངོ་སྤྲོད་གནང་མགོ་བཙུགས་ཡོད།

ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག༸གོང་ས་མཆོག་གིས་ལོ་རེའི་ཕྱི་ཟླ་དྲུག་པའི་ནང་རྒྱ་གར་མཐོ་སློབ་ཁག་ཏུ་སྐྱོད་བཞིན་པའི་བོད་རིགས་སློབ་ཕྲུག་གཙོས། བོད་ཕྲུག་ན་གཞོན་ཚོར་ནང་ཆོས་ངོ་སྤྲོད་གནང་བཞིན་ཡོད་པ་ལྟར། ད་ལོའི་ནང་ཆོས་ངོ་སྤྲོད་དེ། དེ་རིང་ཕྱི་ཚེས་ ༡ ཉིན་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་མགོ་འཛུཊ་གནང་ཡོད་ཅིང་། ཐེངས་འདིའི་ནང་ཆོས་ངོ་སྤྲོད་ཀྱི་མཛད་སྒོའི་སྟེང་༸གོང་ས་མཆོག་དབུ་བཞུགས་ཐོགབོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་། བོད་མི་མང་སྤྱི་འཐུས་ཁག་ཅིག བོད་ཁྱིམ་སློབ་དགེ་གཙོས་འཛམ་གླིང་རྒྱལ་ཁབ་ཁག་ ༧དང་། རྒྱ་གར་མཐོ་སློབ་ ༨༢ ནས་བཅར་བའི་མཐོ་རིམ་སློབ་མ་ ༡༠༠༠ དང་། ཤེས་རབ་དགའ་ཚལ་སློབ་གླིང་། བོད་ཁྱིམ་འཛིན་རིམ་བཅུ་བ་ཡན་གྱི་སློབ་ཕྲུག་དང་། ཕྱི་རྒྱལ་བ་བཅས་ཁྱོན་མི་ ༣༠༠༠ ལྷག་འདུ་འཛོམས་བྱུང་ཡོད།

ཐེངས་འདིའི་གསུང་ཆོས་དེ་རིང་ཕྱི་ཚེས་ ༡ ནས་ ༣ ཉིན་བར་འཚོགས་རྒྱུ་ཡིན་པ་དང་། གསུང་ཆོས་སྐབས་༸གོང་ས་མཆོག་གིས་སློབ་ཕྲུག་ཚོར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་༼རྟེན་འབྲེལ་བསྟོད་པ་༽དང་། ༼སྐྱེ་བོ་གསོ་ཐིགས་༽གཉིས་འཆད་ཁྲིད་གནང་རྒྱུ།  ཕྱི་ཚེས་ ༣ ཉིན་འཇམ་དཔལ་དབྱངས་ཀྱིས་རྗེས་གནང་བཅས་བསྩལ་རྒྱུ། དེ་རིང་སྔ་དྲོའི་གསུང་ཆོས་འགྲུབ་རྗེས། སློབ་ཕྲུག་དང་མང་ཚོགས་ལ་བལ་ཡུལ་དང་ཏེ་ཛི་ནས་གདན་ཞུས་གནང་བའི་སྟོན་པའི་རིང་བསྲེལ་ལ་མཇལ་ཁ་གཏོང་རྒྱུ་དང་། ཕྱི་དྲོ་ནས་ཉིན་ལྟར་སྡེ་ཚན་ཁག་ ༤ ལ་དབྱེ་སྟེ། བོད་ཀྱི་མཁན་བླ་དགེ་བཤེས་ ༡༣ གྱིས་སློབ་ཕྲུག་ཚོར་ནང་ཆོས་ཐོག་དོགས་གཅོད་གནང་རྒྱུ་ཡིན་འདུག

གསུང་ཆོས་མགོ་འཛུགས་མ་གནང་གོང་།༸གོང་ས་མཆོག་གིས་སློབ་ཕྲུག་ཚོར་གདོད་མའི་ཆོས་ལུགས་ཀྱི་བྱུང་རིམ་དང་། རྒྱ་གར་ཆོས་ལུགས་ཁག་གི་འབྱུང་ཁུངས་དང་འཕེལ་རིམ།ལྟ་གྲུབ་རྣམ་བཞག་བཅས་སྐོར་ངོ་སྤྲོད་དང་། རྒྱ་གར་གྱི་ནང་ཆོས་བོད་ལ་དར་ཚུལ་དང་། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་རྗེས་བོད་ཀྱི་ནང་ཆོས་དང་མི་རིགས་ལ་མཐོང་ཆུང་ཁྱད་གསོད་བྱས་པའི་གནས་སྟངས་ངོ་སྤྲོད་གནང་སྟེ། ཉེ་སྔོན་རྒྱ་མི་ཞིག་གིས་༸གོང་ས་མཆོག་གི་ངོ་ཤེས་བོད་པ་ཞིག་ལ། བོད་པ་ཚོ་ཆེས་རྗེས་ལུས་དང་ཧ་ཅང་ལྐུགས་པ་ཡིན་ཚུལ། བོད་པ་ཚོས་ཆོས་འདྲ་བྱས་ཏེ་སྡོད་རྒྱུ་ལས་གཞན་ཅི་ཡང་ཤེས་ཀྱི་མེད་སྐོར་བརྗོད་ཡོད་འདུག་ལ། ཕྱི་ལོ་ ༡༩༧༠ ནང་དུའང་རྒྱ་ནག་དཔོན་རིགས་ཚོས་བོད་ཀྱི་ཆོས་དེ་རྨོངས་དད་ཆོས་ལུགས་ཤིག་ཡིན་སྟབས། ཚན་རིག་ཤེས་ཚད་ཡར་རྒྱས་ཕྱིན་པ་དང་མཉམ་དུ་རང་བཞིན་གྱིས་ཡལ་འགྲོ་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། དེང་སང་རྣམ་དཔྱོད་རྩེར་སོན་པའི་ཚན་རིག་པ་ཚོས་ཀྱང་།བོད་ཀྱི་ནང་ཆོས་ཀྱི་སེམས་ཀྱི་རྣམ་གཞག་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་པ་མ་ཟད། རང་གི་ཕ་མེས་ཆོས་ལུགས་ཡི་ཤུ་ཡིན་པའི་ནུབ་ཕྱོགས་པ་ཚོས་ཀྱང་བོད་ཀྱི་ནང་ཆོས་ལ་མཐོང་དང་ཆ་འཇོག་ཆེན་པོ་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

༸གོང་ས་མཆོག་གིས་མུ་མཐུད་དུ་མི་སྒེར་བ་ཞིག་ངོས་ནས་ཆོས་ལུཊ་གང་ལ་དད་མོས་བྱེད་མིན་སོ་སོའི་འདོད་པ་ཡིན་རུང་། ཁོང་རང་ཉིད་ལ་མཚོན་ན་ནང་པ་མིན་པའི་ལུང་པ་ཁག་ཏུ་ནང་པའི་ཆོས་ཆོས་ལུགས་དར་སྤེལ་གཏོང་འདོད་མེད་སྐོར་ནན་བརྗོད་དང་འབྲེལ། “ ལོ་ཤས་གོང་ངོས་ཀྱི་ངོ་ཤེས་འབྱོར་ལྡན་ཞིག་གིས་ཧྥ་རན་སིའི་ནང་པའི་ཆོས་ཚོགས་ཀྱི་མི་ཞིག་ངའི་སར་ཁྲིད་ཡོང་སྟེ། ཧྥ་རན་སིའི་ནང་ནང་པའི་དགོན་པ་ཆེན་པོ་ཞིག་རྒྱག་རྒྱུའི་ཐད་ང་ལ་སྐད་ཆ་དྲིས་སོང་། སྐབས་དེར་ངས་སོ་སོའི་ལུང་པའི་ནང་སོ་སོའི་ཕ་མེས་ཀྱི་ཆོས་དེ་བྱས་ན་ཡག་གི་རེད། ཆོས་ལུཊ་བསྒྱུར་ན་ཡག་པོ་ཡོད་མ་རེད། ཁྱེད་ལ་འགྲོ་སོང་གཏོང་རྒྱུ་ཡོད་ན་ནང་པའི་ལུང་པ་ཞིག་ལ་རྒྱག་ཐུབ་ན་ཡག་པོ་འདུག ཧྥ་རན་སི་ནང་པའི་ལུང་པ་མིན་སྟབས། ཡུལ་དེར་ནང་པའི་དགོན་པ་ཆེན་པོ་བརྒྱབ་ན་རན་པོ་མི་འདུག བོད་པའི་གཞིས་ཆགས་ཞིག་ཏུ་ཡི་ཤུའི་ལྷ་ཁང་ཆེན་པོ་ཞིག་བརྒྱབ་ན་བོད་པ་ཚོས་ག་རེ་དྲན་གྱི་རེད། དེ་ཡག་པོ་ཡོད་པ་མ་རེད་ལབ་པ་ཡིན། ཡིན་ནའང་། མི་སྒེར་བ་སོ་སོའི་ཆོས་ག་རེ་བྱེད་མིན་ལ་ཁྱད་པར་ཡོད་པ་མ་རེད་ཅེས་བཤད་པ་ཡིན། དེའི་རྗེས་དགོན་པ་དེ་ཐའེ་ལན་ཌིར་བཙུགས་ཡོད་ས་རེད་ ” ཅེས་གསུངས་བྱུང་།

༸གོང་ས་མཆོག་གིས་སེ་རི་ཡཱ་དང་འཛམ་གླིང་ནང་འབྱུང་བཞིན་པའི་དམར་གསོད་དོན་རྐྱེན་སྐོར་གྱི་གནས་སྟངས་དང་། དེང་དུས་ཤེས་ཡོན་ནང་བཟང་སྤྱོད་ཀྱི་བསླབ་གཞི་མེད་པའི་སྟབས་ཀྱིས་འགྲོ་བ་མིའི་རིགས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐོར་གསུངས་ཏེ། མིའི་སྲོག་ལ་རིན་ཐང་མེད་ན་མི་ལ་བརྩེ་བ་ཡོང་གི་མེད་པ་དང་། བརྩེ་བ་མེད་ན་སྲོག་ལ་རིན་ཐང་མི་མཐོང་བ་དང་། དེང་སྐབས་འཛམ་གླིང་འབྱོར་ལྡན་ཚོས་རང་གི་ཉམས་མྱོང་ཐོགསེམས་ཀྱི་ཞི་བདེ་དངོས་པོས་བསྒྲུབ་མི་ཐུབ་པ་དང་། སེམས་ཞི་བདེ་མེད་ན་བདེ་སྐྱིད་བསྐྲུན་ཐབས་མེད་པ་ར་འཕྲོད་ཡོད་ཚུལ་དང་། ལྷག་པར་དུ་ཀླད་ཁམས་ཚན་རིག་པ་ཚོས་མིའི་རྣམ་རྟོག་ལ་དོ་སྣང་གསར་པ་ཞིག་བསླེབས་ཏེ། བདེ་སྐྱིད་ངོ་མ་དེ་མིའི་བསམ་བློའི་སྟེང་བསྒྲུབ་དགོས་པ་ཞིག་ཡིན་པ་ངོས་འཛིན་བྱས་ཡོད་སྐོར་གསུངས་སོང་།

མཇུག་ཏུ་༸གོང་ས་མཆོག་གིས་ཚན་རིག་པ་དང་ཤེས་ཡོན་ཅན་ཚོས་འདས་པའི་མི་ལོ་༣༠༠རིང་ཕྱིའི་དངོས་པོ་ཁོ་ནར་དོ་སྣང་བྱས་ཡོད་ཀྱང་། ཉེ་བའི་ལོ་ཤས་རིང་ཨ་རི་དང་ཁེ་ཎ་ཌ།ཡུ་རོབ།ཨོ་སི་ཊི་ལི་ཡ།ཉི་ཧོང་།རྒྱ་གར་བཅས་ཀྱི་ནང་། དེང་དུས་ཤེས་ཡོན་ལམ་ལུགས་ནང་ཕྱིའི་དངོས་པོ་ཡར་རྒྱས་གཏོང་རྒྱུ་ཁོ་ན་མ་གཏོགས། ནང་བསམ་བློ་ཡར་རྒྱས་གཏོང་རྒྱུའི་བསླབ་གཞི་མེད་པར་ངོས་འཛིན་གནང་ཡོད་ཚུལ་གསུངས་ཡོད་པ་མ་ཟད།གནད་དོན་དེའི་ཐོག་ལོ་སྔོན་མར་རྒྱལ་ས་ལྡི་ལིར་༸གོང་ས་མཆོག་དང་ལྡི་ལིའི་མཐོ་སློབ་ཁག་གི་དགེ་རྒན་རྣམས་ལྷན་འཛོམས་གནང་སྐབས།རྒྱ་གར་གྱིས་ལོ་ངོ་སྟོང་ཕྲག་རིང་ཆོས་དང་མ་འདྲེས་པའི་ཀུན་སྤྱོད་ལག་ལེན་བསྟར་ཡོད་པའི་སྟབས་ཀྱིས། ཆོས་དང་མ་འདྲེས་པའི་ཀུན་སྤྱོད་ཡར་རྒྱས་གཏོིང་རྒྱུའི་ལས་གཞི་དེ་ཐོག་མར་རྒྱ་གར་ནས་མགོ་བཙུགས་ན་འོས་འཚམ་ཡིན་ཚུལ་དང་། ལས་གཞི་དེར་རྒྱ་གར་གྱིས་ཉམས་ཞིབ་བྱས་ཏེ་གཏན་འབེབས་གནང་དགོས་ཚུལ་བརྗོད་ཡོད་སྐོར་དང་། དེང་དུས་ཤེས་ཡོན་བསླབ་གཞིའི་ནང་ནང་སེམས་ཀྱི་བསླབ་གཞི་གསར་པ་ཞིག་གཏན་འབེབས་གནང་རྒྱུར། བོད་ཀྱི་ནང་ཆོས་ལས་གསུངས་པའི་སེམས་ཀྱི་རྣམ་གཞག་ལས་ལྷག་ཅིག་མཐོང་རྒྱུ་མེད་སྟབས།བོད་ཀྱི་ནང་ཆོས་དེ་འཛམ་གླིང་སྤྱི་ནོར་ལྟ་བུ་ཆགས་ཡོད་སྐོར་གསུངས་ཡོད།

མཐའ་མར།༸གོང་ས་མཆོག་གིས་བོད་མི་ས་ཡ་དྲུག་ཡོད་པའི་ནང་ནང་ཆོས་ངོ་མ་ཤེས་མཁན་ཆིག་འབུམ་ཙམ་ལས་མེད་སྟབས། བོད་རིགས་གཞོན་སྐྱེས་ཚོས་ནང་ཆོས་ལ་ཤེས་ནས་དད་པ་འཐོབ་ཐབས་གནང་རྒྱུ་དང་། ནང་ཆོས་ལ་དད་པ་ཙམ་མིན་པར་སློབ་ཚན་གྱི་འདུ་ཤེས་བཟུང་སྟེ་བརྟག་དཔྱད་གནང་དགོས་པའི་འབོད་སྐུལ་དང་། ནང་ཆོས་དང་བོན་ཆོས་གཉིས་ཀྱང་ད་ཆར་མིང་གི་འདོགས་ཚུལ་མི་འདྲ་བ་ཙམ་ལས་གཞི་ལམ་འབྲས་ཀྱི་རྣམ་གཞག་ལ་ཁྱད་པར་ཆེན་པོི་མེད་སྐོར་ནན་བརྗོད་གནང་སོང་།

གསར་འགོད་པས་སུ་ཇཱ་སློབ་གྲྭའི་འཛིན་རིམ་ ༡༠ པའི་སློབ་མ་བློ་བཟང་ཚུལ་ཁྲིམས་ལགས་སུ་གསུང་ཆོས་ཞུ་དོན་སྐོར་བཀའ་འདྲི་ཞུས་པར། ༸རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་གསུང་ཆོས་ཞུ་རྒྱུ་དེ་ཧ་ཅང་རྩ་ཆེན་པོ་ཞིག་ཡིན་རུང་། སུ་ཇཱ་སློབ་གྲྭའི་ནང་༸རྒྱལ་བ་རིན་པོ་ཆེའི་གསུང་ཆོས་ཞུ་རྒྱུའི་གོ་སྐབས་རག་གི་ཡོད་པ་མ་རེད། ཚེས་ ༣༡ ཉིན་སུ་ཇཱ་སློབ་གྲྭའི་བོད་མ་ ༡༦༠ ཙམ་གྱིས་ངྷ་སར་ཟས་བཅད་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་སྟབས། གོ་སྐབས་དེ་དང་སྟབས་བསྟུན་དེ་ང་ཚོ་གསུང་ཆོས་ཞུ་རུ་ཡོང་བ་ཡིན་ཞེས་བརྗོད་བྱུང་།   

དེ་བཞིན་ལྡི་ལི་མཐོ་སློབ་སྐྱོད་དུ་བཞིན་པའི་བུ་མོ་ཚེ་རིང་ཆོས་འཛོམས་ལགས་སུ་བཅར་འདྲི་ཞུས་པར།ང་རང་ནང་ཆོས་ངོ་སྤྲོད་ཀྱི་ལས་འཆར་འདིའི་ཡོང་ཐེངས་༦པ་ཡིན།ང་རང་གིས་ལྡི་ལི་མཐོ་སློབ་ནང་ལོ་རྒྱུས་རིག་པའི་ཐོག་སློབ་སྦྱོང་བྱེད་ཀྱི་ཡོད་སྟབས།ནང་ཆོས་དེ་ང་རང་གི་སྦྱང་གཞི་དང་འབྲེལ་བ་ཆེན་པོ་འདུག་ལ།ཕྱོགས་གཞན་ཞིག་ནས་ང་རང་སྒེར་ངོས་ནས་ནང་ཆོས་སྐོར་ཤེས་འདོད་ཆེན་པོ་ཡོད་ཅེས་བརྗོད་སོང་།

འདི་ནི་༸གོང་ས་མཆོག་གིས་བཞུགས་སྒར་དུ་བོད་རིགས་མཐོ་རིམ་སློབ་མ་ཚོར་ནང་ཆོས་ངོ་སྤྲོད་གནང་ཐེངས་ ༦ པ་དེ་ཆགས་ཡོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 3

  1. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    སྤྱོ་ནོར་༸གོང་ས་མཆོག་༸ནས་ནང་ཆོས་ནས་གསུངས་པའི་མི་གཤིས་དྲང་པོ་དགོས་གལ་རིན་བྲལ་བཀའ་སློབ་ག་ཚོད་གནང་རུང་རྡ་སའི་ཆབ་སྲིད་པ་དང་། དབང་ཡོད་པ་དེ་ཚོས་གྲོང་པའི་བླ་མའི་འདུ་ཤེས་ཀྱིས་ལོ་རེར་དབང་ཆ་བེད་སྤྱོད་བྱ་མཁན་དང་། ལྐོག་ཟ་བྱ་མཁན་ཇེ་མང་འགྲོ་ཀྱི་ཡོད་པ་དངོས་མཐོང་ཡོད་པས་དེ་ཚོར་འགྱུར་བ་མེད་ན་༸གོང་ས་མཆོག་༸ལ་སྐུ་ངལ་བཟོས་པ་མ་ཡིན་ནམ།

    Reply
  2. ནད་པ says:
    ལོ་ 14 སྔོན།

    ༸ གོང་ས་མཆོག་སྐུ་ཚེ་བརྟན་ཅིང་བོད་རྒྱུད་ནང་བསྟན་གྱིས་ཆོས་ལུགས་དང་བོད་ཀྱི་རིག་གཞུང་རྒྱ་ཁྱབ་ཏུ་འགྲོ་རྒྱུར་ངེས་པ་ཡིན།

    གནས་ཚང་གི་ད་དུང་གི་རྒྱལ་ཁབ་འཛུགས་སྐྲུན་གྱི་གནས་བབ་ཅགིག་ཡོད་པ་མཐོང་གིན་ཡོད་པ་འདྲ། ངའི་བལྟས་ན་ཕ་ཡུལ་འཛུགས་སྐྲུན་ཟེར་བའི་ཚིག་འདི་སྟོང་བསམ་འདྲ་པོ་ཞིག་ག་དུས་ཡིན་ཀྱང་མངོན་བཞིན་འདུག

    སེམས་ཤུགས་ཏོག་ཙམ་ཡོད་པ་དེ་ཡང་སྔ་ས་ནས་ཤི་ཚར་སོང་ང། ད་གང་ཞིག བཤད་ཤེས་ཀྱིན་མིན་འདུག་ག

    Reply
  3. གནས་ཚང་། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གིས་ཕྱི་གླིང་བའི་ལྷན་དུ་བརྕམས་པའི་ནང་ཆོས་དང་འབྲེལ་བའི་དཔེ་དེབ་ཁག་སློབ་གཞི་གཙོ་བོར་འཛིན་འོས་ཤིང་། དེ་ལྟར་འདབ་གཤོག་གཉིས་ལྡན་པ་དངོས་གནས་དེ་དག་ཐོན་སྲིད་པ་ཞིག་རེད། འདི་གཅིག་ཡིན།

    གཞན་དེ་བོད་ཀྱི་སྲོལ་རྒྱུན་རིག་གནས་དགོན་པ་དང་བོད་ནང་གི་སློབ་གྲྭ་ཁག་ཏུ་གཙོར་འཛིན་གནང་བཞིན་པས། དེ་ལས་ཀྱང་གལ་ཆེ་བ་ནི་མ་འོངས་ཕ་ཡུལ་འཛུགས་བསྐྲུན་ལ་དམིགས་པའི་རིགས་གཅིག་རྐང་འཛིན་པ་གང་མང་ཐོན་ཐུབ་གནང་རྒྱུའང་བཙན་བྱོལ་བའི་ལས་འགན་རེད་ལ། མ་རྩའང་རེད། མཁས་དབང་ཚོས་དེ་ལྟར་བསམ་བཞིན་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese