མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གློག་ཀླད་བཞག་སྟེ་རྒྱ་ནག་ནང་འཛུལ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཨོ་སི་ཊོ་ལི་ཡའི་རྒྱལ་སྲུང་བློན་ཆེན་རྒྱ་ནག་ཏུ་བསྐྱོད་ཡོད་ཀྱང་། ཁོང་གིས་གློག་ཀླད་དང་ལག་ཁྱེར་ཁ་པར་ཧོང་ཀོང་དུ་བཞག་ཡོད་འདུག

དེ་རིང་ཕྱི་ཚེས་ ༦ ཉིན་ཨོ་སི་ཊོ་ལི་ཡའི་རྒྱལ་སྲུང་བློན་ཆེན་སཱི་མེ་ཐཱི་ (Smith) དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལཱིང་ཀུང་ལིས་གཉིས་པེ་ཅིན་དུ་ཐུག་འཕྲད་གྲོས་མོལ་བྱས་ཡོད་པ་དང་། དེ་ནི་རྒྱལ་ཁབ་གཉིས་བར་རྒྱལ་སྲུང་བློན་ཆེན་རིམ་པའི་འབྲེལ་མོལ་ཐོག་མ་ཆགས་ཡོད་འདུག ཐེངས་འདིའི་འབྲེལ་མོལ་སྐབས་རྒྱ་གཞུང་ཕྱོགས་ནས་དོ་སྣང་ཤུགས་ཆེན་བྱེད་བཞིན་པའི་ཨོ་སི་ཊོ་ལི་ཡའི་བྱང་ཁུལ་དུ་ཨ་རིའི་མཚོ་དམག་རྟེན་གཞི་བཙུགས་པའི་སྐོར་གླེང་སློང་གྲོས་བསྡུར་བྱ་འཆར་ཡོད་འདུག

དེ་སྔོན་ཨོ་སི་ཊོ་ལི་ཡའི་རྒྱལ་སྲུང་བློན་ཆེན་ཕྱི་བསྐྱོད་སྐབས། ཁོང་གི་ལག་ཁྱེར་ཁ་པར་དང་གློག་ཀླད་ནང་དྲ་འབུ་སིམ་འཛུལ་གྱིས་གཏོར་སྐྱོན་ཐེབས་ཡོད་པར་བརྟེན། ཐེངས་འདིར་རྒྱ་ནག་ནང་ཕྱོགས་བསྐྱོད་སྐབས། རྒྱལ་སྲུང་བློན་ཆེན་སཱི་མེ་ཐཱི་གཙོས་གྲོས་མོལ་རུ་ཁག་གི་དཔོན་རིགས་ཚང་མས་གསང་བ་ཕྱི་གྱར་གྱི་ཉེན་སྲུང་ཆེད། སོ་སོའི་གློག་ཀླད་དང་ལག་ཁྱེར་ཁ་པར་ཡོངས་རྫོགས་ཧོང་ཀོང་ནང་བཞག་རྗེས། ད་གཟོད་རྒྱ་ནག་ནང་འབྲེལ་མོལ་དུ་བསྐྱོད་ཡོད་འདུག 

ཨོ་སི་ཊོ་ལི་ཡའི་འབྲེལ་ཡོད་དཔོན་རིགས་ཤིག་གིས་གསར་ལམ་ཁག་ཏུ།  “རྒྱ་གཞུང་གིས་དམིགས་འཛུགས་བྱ་ཡུལ་གཙོ་བོ་རྒྱལ་སྲུང་བློན་ཆེན་ཆགས་ཡོད་ལ།  ཁོ་ཚོར་དེ་ལྟའི་སིམ་འཛུལ་གནོད་སྐྱོན་བཟོ་བའི་ནུས་པ་དང་འཆར་གཞི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད།” ཅེས་བརྗོད་ཡོད་འདུག

ལོ་སྔོན་མའི་ཕྱི་ཟླ་ ༣ པའི་ནང་ཨི་སི་ཌོ་ལི་ཡའི་སྲིད་བློན་དང་རྒྱལ་སྲུང་བློན་ཆེན། ཕྱི་འབྲེལ་དྲུང་ཆེ་བཅས་ཀྱི་གློག་ཀླད་ནང་དྲ་འབུའི་སིམ་འཛུལ་གཏོར་རྒོལ་ཐེབས་མྱོང་ཡོད་པ་མ་ཟད། དྲ་འབུའི་ཡོང་ཁུངས་རྒྱ་ནག་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད། ཡིན་ནའང་། སྐབས་དེར་རྒྱ་གཞུང་གིས་དེ་ནི་ཁུངས་སྐྱེལ་མེད་པའི་བཤད་ཡམས་ཤིག་ཡིན་སྐོར་བརྗོད་དེ་ངོས་ལེན་བྱས་མེད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

ཆུ་ཚོད་ ༧ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

མཆན། 4

  1. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    ད་རེས་ཀྱི་བྱེད་བབ་འདིས་རྒྱ་གཞུང་ཇག་ཚོགས་ཞིག་དང་རྒྱ་ནག་ནི་ཇག་ས་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་གསལ་སྟོན་གནང་ཡོད་པས་འཛམ་གླིང་གང་སར་རྒྱ་གཞུང་གདོང་རིས་དམར་རྗེན་ཏུ་བསྟན་པ་རེད།

    Reply
  2. བུ་ཡུག says:
    ལོ་ 14 སྔོན།

    ཀླུ་བློ་བསམ་གྱིས་བཤད་པ་དེ་དངོས་གནས་བདེན་པ་རེད། འདི་བ་ཚང་གི་རྫུན་དང་གཡོ་རྒྱུ་འཛམ་གླིང་གི་འཁོར་ཡུག་འདི་ལས་བརྒལ་ཡོད་པ་ཀུན་གྱིས་ཤེས་གསལ་རེད། ཕྱིན་ཆད་བསམ་ཚུལ་མང་ཙམ་འབྲི་ཐུབ་པའི་རེ་བ་ཡོད། བདེ་མོ་བྱོས།

    Reply
  3. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ཏག་ཏག་རེད། ཁྱི་རྒན་དེ་བའི་ངོ་བོ་འཛམ་གླིང་ལ་ཇེ་གསལ་ཇེ་གསལ་དུ་འགྲོ་བཞིན་འདུག་ག

    Reply
  4. ཀླུ་ བློ་བསམ། says:
    ལོ་ 14 སྔོན།

    འདི་གཅིག་པོའི་སྒང་ནས་ཀྱང་རྒྱ་ནག་ནི་ཁྲིམས་མེད་ལུགས་མེད། ཐ་ན་རང་གི་ཁྲིམས་རང་གིས་མི་བསྲུང་མཁན་ཞིག་ཡིན་པ་ཐེར་འདོན་བྱེད་བཞིན་ཡོད་ན་འང་། འདི་ཚང་ལ་ངོ་ཚ་རྒྱུ་ཡོད་པ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese