མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རོལ་དབྱངས་འདུ་འཛོམས།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

མདང་དགོང་བོད་གཞུང་ཟློས་གར་ཚོགས་པའི་ཐང་ཆེན་དུ། བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཆེད་རོལ་དབྱངས་འདུ་འཛོམས་ཤིག་གནང་སོང་།

བོད་གཞུང་ཟློས་གར་ཚོགས་པའི་གོ་སྒྲིག ཁ་སང་ཕྱི་ཚེས་ ༩ ཉིན་གྱི་དགོང་མོའི་ཆུ་ཚོད་ ༨ པའི་སྟེང་། བཞུགས་སྒར་ངྷ་ས་བོད་གཞུང་ཟློས་གར་ཚོགས་པའི་ཐང་ཆེན་དུ། བོད་རང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་རྒྱལ་གཅེས་དཔའ་དཔའ་མོ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་རོལ་དབྱངས་འདུ་འཛོམས་ཤིག་ཚོགས་ཡོད་ཅིང་། རོལ་དབྱངས་འདུ་འཛོམས་ཀྱི་མཛད་སྒོའི་ སྐུ་མགྲོན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་མཆོག་གིས་གཙོས། རྒྱལ་ས་ལྡི་ལི་ཨ་རིའི་གཞུང་ཚབ་ཆེན་མོ་བ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༤ པའི་སྟེང་ཕེབས་པའི་རྒྱ་གར་གནད་ཡོད་མི་སྣ་ཁག དེ་བཞིན་ངྷ་སར་གནས་སྡོད་བོད་རིགས་སེར་སྐྱ་མང་ཚོགས་བཅས་ཁྱོན་མི་ ༡༠༠༠ ཙམ་འདུ་འཛོམས་བྱུང་འདུག

མཛད་སྒོའི་ཐོག་མར་བོད་གཞུང་ཟློས་གར་འགན་འཛིན་ཚེ་རིང་གཡང་སྐྱིད་ལགས་ཀྱིས་རོལ་དབྱངས་འདུ་འཛོམས་གོ་སྒྲིག་གནང་དགོས་དོན་སྐོར་ངོ་སྤྲོད་གནང་བ་ལྟར་ན། རོལ་དབྱངས་འདུ་འཛོམས་དེ་ནི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་བཞི་པ་བཞུགས་སྒར་དུ་འཚོགས་བཞིན་པའི་སྐབས་དང་བསྟུན་ཏེ། ཚོགས་ཞུགས་པ་དང་གཞི་རིམ་མང་ཚོགས་ཁྲོད། བོད་ནང་རང་ལུས་མེ ར་བསྲེགས་གཏོང་བཞིན་པའི་གནས་ཚུལ་ཤེས་རྟོགས་ཡོང་ཆེད་ཡིན་འདུག་ལ། གཞས་གཏོང་མཁན་རྣམས་ནི་བོད་གཞུང་ཟློས་གར་ཚོགས་པའི་ཚོགས་མི་དང་། གཞས་ཚིག་ཀྱང་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ཁ་ཆེམས་ཁག་བརྗོད་བྱར་བྱས་ཡོད་འདུག

རོལ་དབྱངས་འདུ་འཛོམས་དེའི་ཐོག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ༢༠༠༨ ལོའི་ཞི་རྒོལ་བྱུང་རྗེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། བོད་རང་ལུས་མེར་བསྲེགས་ཀྱི་ང་རིམ་དང་དེའི་རྒྱུ་རྐྱེན་སྐོར་གཏམ་བཤད་དང་། ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལག ས་ཀྱིས་ལྷག་དཀར་སྲུང་གཙི་བྱེད་ཕྱོགས་སྐོར་ངོ་སྤྲོད་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ལྷག་དཀར་ཉིན་བོད་སྐད་བཤད་རྒྱུ་དང་བོད་བཟས་ཟ་རྒྱུ། བོད་ལྭ་གྱོན་རྒྱུ། བོད་དོན་ཐོག་བསམ་བློ་གཏོང་རྒྱུ་དང་ལས་དོན་བསྒྲུབ་དགོས་རྒྱུའི་འབོད་སྐུལ་བཅས་ཞུས་སོང་ལ། མཇུག་ཏུ་རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་བཞིན་པའི་གནས་སྟངས་ཐད་གདུང་སེམས་མཉམ་སྐྱེད་ཀྱི་སྙན་ངག་གྱེར་འདོན་གནང་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

ཆུ་ཚོད་ ༨ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

མཆན། 6

  1. ནེ་ཤོད་གྲུ་ཁ། says:
    ལོ་ 14 སྔོན།

    དངོས་འབྲེལ་བྱེད་ན་ཟློས་གར་ཚོགས་པ་འདིའི་རྒྱུན་ལྡན་གྱི་བྱེད་སྒོ་ཁག་ཕུད་དེ་སྔར་དང་མ་འདྲ་བའི་ཐོག བོད་མི་རིགས་ལ་དུང་བ་ཟབ་པའི་བཙན་བྱོལ་གྱི་གླུ་བ་གླུ་མ་སུ་འདྲ་ཞིག་ཡིན་རུང་རེ་བསྐུལ་དང་གདན་ཞུ་གནང་ཏེ། བོད་ནང་གི་སྤུན་ཟླའི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་རླབས་ཆེ་བའི་རོལ་དབྱངས་འདུ་འཛོམས་ཤིག་འཚོགས་ཐུབ་པའི་རེ་བ་སྙིང་ནས་འཆང་ཡོད།

    Reply
  2. བུ་ཡུག says:
    ལོ་ 14 སྔོན།

    བོད་རང་གི་སྐད་ཡིག་དང་ལ་རྒྱ་མེད་མཁན་གྱི་ཤ་དང་རས་པ་གཅིག་པའི་བོད་རིག་ཕྱེད་ཀ་མ་ཞིག་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག།

    Reply
  3. བུ་ཡུག says:
    ལོ་ 14 སྔོན།

    སྤྱིར་མྱ་ངན་ཞེས་པ་ནི་སེམས་ཞུམ་པར་ངང་ཕྱི་མའི་ཡུལ་དུ་ཕྱིན་པའི་འདས་པོ་དེ་དག་གི་ཆེད་བསྔོ་བ་སྨོན་ལམ་དང་སླར་ཡང་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་ཞིག་ཐོབ་ནས་འཕགས་མཆོག་སྤྱན་རས་གཟུགས་ཀྱིས་རྗེས་སུ་བཟུང་ཞེས་ཀུན་སློང་རྣམ་པར་དག་པ་ཞིག་དགོས་པ་ཡིན་མོད། ཡུལ་གྱུར་བ་འདི་དག་གི་མྱ་ངན་ཞུ་སྟངས་ནི་དགའ་པའི་མཉམ་དང་དགོད་པའི་འཛུམ་ལྟོན་རྒྱུ་དེ་རེད། ད་དུང་ཁོ་བ་ཚོས་འདི་ནི་ཆགས་ཚིག་སྨྲར་ས་དང་ཟུར་མིག་གི་འདམ་མོ་འཕེན་ས་སོགས་གོ་སྐབས་ཡག་ཤེས་ཅིག་ལ་ངོས་འཛིན་བྱེད་ནི་རེད། ཁ་ནས་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་ཆེད་ཟེར་བ་མ་གཏོགས་དོན་ལ་ལང་ཚོའི་སྐོར་བྲོ་འཁྲབ་ཀྱི་འདུག། ཕྱི་ལུས་ཀྱི་རྣམ་འགྱུར་་དང་འཛུམ་འདང་ལ་གཟིགས་དང་ནང་སེམས་ཀྱིས་མྱ་ངན་མཚོན་པའི་དྲི་མ་ཙམ་ཡང་མི་འདུག།

    Reply
  4. མི་ཆུང་ཁ་བདེ། says:
    ལོ་ 14 སྔོན།

    ཤི་བུའི་རྗེས་སུ་མི་མང་འདུས་མཛོང་བྱེད་དེ་གཞས་དང་ཞ་བྲོ་རྒྱག་པར་འདི་དུས་རབས་ཉེ་ཅིག་གི་མྱ་ངན་ཞུ་གཏང་ཞིག་རེད་དང་ཡང་ན་་བོདགཞུང་ཟློས་གར་ཚོགས་པའི་གསར་བཏོས་ཀྱི་མྱ་ངན་ཞུ་གཏང་རེད་
    ཨ་རོག་་་་་དྲྭ་གྲོགས་པོ་ཚོ་ད་དེ་་་་འདྲ་སེ་འབྲེལ་བཞད་རྒྱག་དགོས་རེད།
    ད་ང་དངོས་གནས་མགོ་འཐོམ་སོང་

    Reply
  5. མང་ཐོས། says:
    ལོ་ 14 སྔོན།

    བོད་ཀྱི་ཟློས་གར་ཁང་གིས་འདི་ལྟ་བུ་མ་ཡིན་པའི་མྱ་ངན་རོལ་དབྱངས་འདུ་འཛོམས་ཧ་ཅང་གཞི་རྒྱ་ཆེན་པོ་ཞིག་བཙན་བྱོལ་ནང་སྦེལ་རྒྱུའི་རེ་བ་དང་། འབོད་སྐུལ་ཞུ།

    Reply
  6. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    འོ་་་ཡ་་་་་་དེང་སང་མྱ་ངན་ཞུ་བར་གཞས་གཏོང་བ་དང་བྲོ་འཁྲབ་པ་སོགས་ཀྱིས་བྱེད་ཀྱིན་འདུག་ཀ་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese