མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མིའི་སྐུ་ཚབ་བསྐོ་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༥༧ སྟེང་གི་རྩོམ་སྒྲིག་པའི་གཏམ།

བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་ལེའུ་དེ་ཡོངས་སུ་མཇུག་རྫོགས་སོང་བ་ཨེ་ཡིན། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་དགོངས་པ་ཞུས་སོང་། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཀྲུའུ་ཝེ་ཆོན་ཡང་རྒན་ཡོལ་ལ་ཕེབས་སོང་། འདི་ནི་ཕན་ཚུན་ལྟོས་བཅས་ཤིག་མིན་ཡང་སྟེས་དབང་ཞིག་གིས་བོད་རྒྱའི་འབྲེལ་ཐག་རྦད་དེ་ཆད་སོང་བ་ལྟ་བུར་སྣང་ཡང་། ༧གོང་ས་མཆོག་སྐུ་སྒེར་གྱི་སྐུ་ཚབ་དང་ལྷན་དུ་སྐུ་སྒེར་གྱི་གནད་དོན་གླེང་གི་ཡོད་ཚུལ་ཤོད་བཞིན་པའི་རྒྱ་ནག་གི་བཤད་སྟངས་དེའི་སྒོ་མོ་ཡོངས་སུ་བརྒྱབ་ཚར་བ་རེད།

    འོན་ཀྱང་ཛ་དྲག་གི་དུས་རིམ་ཞིག་ལ་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་གློ་བུར་ཐོག་རྒྱག་ལ་དགོངས་པ་ཞུ་དོན་གང་ཡིན་ནམ། ཁོང་གཉིས་ཀྱི་དགོངས་ཞུའི་གནས་ཚུལ་ཕྱིར་བསྒྲགས་དང་མཉམ་དུ་བཀའ་ཤག་གིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་བསྐྱར་ནན་ཞུ་དོན་ཅི་ཡིན་ནམ། འདི་ལ་མི་མང་པོ་ཞིག་གིས་དོགས་པ་རྣམ་རྟོག་བྱེད་ཀྱི་ཡོད་ལ། བྱེད་དགོས་པ་ཞིག་ཀྱང་ཏན་ཏན་ཆགས་ཡོད། བཀའ་ཤག་གི་གསལ་བསྒྲགས་ནང་དུ་སྐུ་ཚབ་རྣམ་གཉིས་ཀྱིས་༧གོང་ས་མཆོག་གི་སྐུ་ཚབ་ལས་དགོངས་པ་ཞུས་པ་ཡིན་ནམ། བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ལས་དགོངས་པ་ཞུས་པ་གང་ཡིན་ཁ་གསལ་མེད།

    རྒྱ་རི་རིན་པོ་ཆེ་མཆོག་གིས་འགྲེལ་བཤད་སྟབས་བདེ་ཞིག་བསྐྱོན་ཡོད་པ་ནི། ཉིས་སྟོང་བརྒྱུད་ནས་བཟུང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཇེ་སྡུག་ཏུ་ཕྱིན་པ་དང་གཅིག རྒྱ་ནག་ལ་སྤྲད་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ལ་ཡ་ལན་མེད་པ་དང་གཉིས། ཉེ་ལམ་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཀྲུའུ་ཡིས་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་མེད་པ་བཟོ་དགོས་པའི་བསམ་ཚུལ་བཏོན་པ་དང་གསུམ་བཅས་ལ་སེམས་གཏིང་ནས་ཨ་ཐང་ཆད་དེ་དགོངས་པ་ཞུས་ཚུལ་བརྗོད་ཡོད།

    སྐུ་ཚབ་རྣམ་གཉིས་ཀྱིས་འདས་པའི་ལོ་མང་རིང་བོད་རྒྱའི་གནད་དོན་ཐོག་སྐུ་ངལ་ཚད་མེད་སྐྱོན་ཡོད་པ་སྨོས་མེད་ཡིན་ཡང་། རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ལ་མཚོན་ན། ༡༩༨༢ ལོར་༧གོང་ས་མཆོག་གིས་པེ་ཅིན་དང་བོད་དོན་གྲོས་མོལ་ཐོག་ཆེད་དུ་བསྐོ་བཞག་གནང་བའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་ཡིན་ལ། ༡༩༩༠ ལོར་༧གོང་ས་མཆོག་གིས་རྒྱལ་སྤྱིའི་འབྲེལ་ལམ་ཆེ་ཁག་ཐོག་ཁོང་གི་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་གནང་སྟེ། ད་ལྟའི་བར་བོད་རྒྱའི་ཛ་དྲག་གི་འབྲེལ་འདྲིས་ཁྲོད་ནས་མི་ལོ་ ༣༠ བསྐྱལ་ཡོད་སྟབས། བོད་རྒྱའི་གྲོས་རིམ་གྱིས་གནས་བབ་ལ་གཟིགས་ཏེ་མཐར་ཐུག་གི་ཐག་གཅོད་ཅིག་ལོས་ཡིན།

            ད་ནི་བཀའ་ཁྲི་རིམ་བྱོན་གྱིས་ “ང་ཚོའི་ཕྱོགས་ནས་དུས་ཚོད་དང་ས་གནས་གང་འདྲ་ཞིག་ཏུ་གྲོས་མོལ་གནང་དགོས་ཀྱང་གྲ་སྒྲིག་ཨང་གསར་ཡོད”ཅེས་ཡང་དང་བསྐྱར་དུ་གསུང་གི་ཡོད་པ་ལྟར། རྒྱ་ཕྱོགས་ནས་ངོས་ལེན་ཡོད་ཀྱང་རུང་ལ་མེད་ཀྱང་རུང་། ང་ཚོས་ད་ལྟའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མིའི་གྲུབ་ཆ་བསྐྱར་སྒྲིག་བྱས་ཏེ། མི་དམངས་དང་༧གོང་ས་མཆོག བཙན་བྱོལ་བོད་གཞུང་། ལྷ་རབ་བྱུང་ན་དམངས་གཙོའི་འགྲོ་ལུགས་ལྟར་གཞུང་འབྲེལ་མིན་པའི་ཚོགས་པ་བཅས་ཀྱི་འཐུས་ཚབ་ལས་གྲུབ་པའི་ལས་དོན་ཚོགས་ཆུང་དང་། དེའི་ཁྲོད་ནས་ཆེས་མཐོའི་བོད་རྒྱ་འབྲེལ་མོལ་གྱི་དབང་ལྡན་སྐུ་ཚབ་ལ་འཕྲལ་དུ་བསྐོ་བཞག་གིས་རྒྱ་གཞུང་ལ་ཚ་འདྲི་གཏོང་དགོས།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist