མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གི་སྐུ་ཚབ་ཕྱིར་བུད་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཀོ་རི་ཡའི་གྲོང་ཁྱེར་སཱ་ཡཱོ་ནང་འཚོགས་བཞིན་པའི་འཛམ་གླིང་ནང་པའི་ཚོཊ་ཆེན་ཐོག རྒྱ་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚབ་ཚོཊ་ཆེན་སྟེང་ཞུཊ་པར་ངོ་རྒོལ་བྱས་ཏེ། རྒྱ་ནག་སྐུ་ཚབ་རྣམས་ཚོཊ་ཁོངས་ནས་ཕྱིར་བུད་འདུག

དེ་རིང་ཕྱི་ཚེས་ ༡༣ ཉིན་ (New Straites Times) གསར་ཁང་གིས་ལྷོ་ཀོ་རི་ཡའི་རྒྱལ་ས་སཱོ་ཡཱོལ་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༡༦ ཉིན་བར་ལྷོ་ཀོ་རི་ཡའི་ལྷོ་ཕྱོགས་གྲོང་ཁྱེར་ཡཱ་སཱོ་ (Yeosu) ནང་འཚོགས་བཞིན་པའི་འཛམ་གླིང་ནང་པའི་ཚོགས་ཆེན་ཐེངས་ ༢༦ པའི་སྟེང་། རྒྱལ་ཁབ་ཁག་ ༣༣ ནས་ཆོས་ལུཊ་སྐུ་ཚབ་ ༤༠༠ ལྷག་ཚོགས་བཅར་གནང་ཡོད་པའི་ཁྲོད། རྒྱ་ནག་སྐམ་ས་ཆེན་མོ་ནས་ནང་པའི་གྲྭ་པ་ ༡༧ དང་རྒྱ་ནག་གཞུང་འབྲེལ་སྐུ་ཚབ་ཁག་ཅིག་མཉམ་ཞུགས་བྱས་ཡོད་འདུག

དེ་བཞིན་རྒྱ་གར་ནས་བཀའ་ཟུར་ཟམ་གདོིང་རིན་པོ་ཆེ་མཆོག་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་མཚན་ཐོག་ནས་ཆེད་ཕེབས་གནང་ཡོད་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུཊ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་བོད་མིའི་སྐུ་ཚབ་གཞན་ཞིག་ཀྱང་མཉམ་ཞུགས་གནང་ཡོད་ཀྱང་། ཚོགས་ཆེན་ཐོག་རྒྱ་ནག་སྐུ་ཚབ་ཚོས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་མཆོག་ལ། བོད་མིའི་སྐུ་ཚབ་ཚོགས་འདུར་ཞུགས་མི་ཆོག་པའི་ངོ་རྒོལ་བྱས་ཏེ་གྲུབ་འབྲས་མ་ཐོན་སྟབས། ཚོགས་འདུ་ཉིན་གཉིས་པར་རྒྱ་ནག་སྐུ་ཚབ་རྣམས་ཚོགས་ཁོངས་ནས་རང་བཞིན་གྱིས་ཕྱིད་བུད་ཡོད་འདུག

གནས་ཚུལ་དེའི་ཐད་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ལགས་སུ་བཀའ་འདྲི་ཞུས་སྐབས།  རྒྱ་ནག་སྐུ་ཚབ་ཚོས་ཐེངས་འདིའི་ཚོགས་ཆེན་སྟེང་༸གོང་ས་མཆོག་གི་སྐུ་ཚབ་མཉམ་ཞུཊ་གནང་བར་ངོ་རྒོལ་བྱས་ཡོད་ཀྱང་། ལྷོ་ཀོ་རི་ཡའི་གཞུང་ངོས་ནས་དྲང་བདེན་དང་རྒྱལ་ཁབ་དེའི་ཆེ་མཐོང་ལ་བསམ་བློ་བཏང་སྟེ། ༸གོང་ས་མཆོག་གི་སྐུ་ཚབ་དང་ཆོས་རིག་བཀའ་བློན་རྣམ་གཉིས་ཚོགས་ཆེན་སྟེང་མཉམ་ཞུགས་གནང་བཅུག་པར་བརྟེན། རྒྱ་ནག་སྐུ་ཚབ་རྣམས་ཁོང་ཁྲོ་ལངས་ཏེ་ཚོགས་ཁོངས་ནས་ཕྱིར་བུད་དེ་ཕྱིར་རྒྱ་ནག་ཏུ་ལོག་འདུག་ལ། བོད་མིའི་སྐུ་ཚབ་ཚོས་ཚོགས་ཆེན་གྱི་བགྲོ་གླེང་གི་ཆ་ཤས་ལེན་བཞིན་ཡོད་འདུག

དྲུང་ཆེ་བཀྲ་ཤིས་ལགས་ཀྱིས་གསུངས་དོན། ཐོག་མའི་ཆར་རྒྱ་ནག་སྐམ་ས་ནས་སྐུ་ཚབ་ ༡༠༠ ཡོང་རྩིས་བྱས་འདུག་ཀྱང་། མཐའ་མར་མི་བཅུ་གྲངས་ཤིག་ཚོགས་ཞུགས་བྱས་པ་རེད། མི་བཅུ་གྲངས་དེ་དག་ཀྱང་མཐར་ཚོགས་ཁོངས་ནས་ཕྱིར་བུད་པ་རེད། དེ་ཚོ་བོད་མི་ཚོའི་རྒྱལ་ཁ་ཞིག་རེད་བསམ་གྱི་ཡོད་ཅེས་གསུངས་བྱུང་།  

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 7

  1. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    ལྷོ་ཀོ་རི་ཡའི་རྒྱལ་ས་སོ་འུལ་ནང་ནང་པའི་ལྷན་ཚོགས་ཀྱི་སྟེང་དུ་གཞུང་འབྲེལ་མ་ཡིན་པ་༧སྐྱབས་རྗེ་ཁམས་སྤྲུལ་དགུ་པ་བཤད་སྒྲུབ་ཉི་མ་མཆོག་ཀྱང་ལྷན་ཞུགས་གནང་ཡོད། ཁུང་ལྡན་གནས་ཚུལ་འབྱོར་བ་ལྟར་ན། སྤྱིར་ཆོས་ཚོགས་འདི་ཉིད་ཀྱི་སྦྱིན་བདག་གཙོ་བོ་རྒྱ་ནག་ནང་པའི་ཚོང་པ་ཁག་གཅིག་གི་འགྲོ་སོང་བཏང་བ་ཡིན་ཙང་ཉིན་དང་པོའི་ཉིན་དབུ་འབྱེད་ཀྱི་སྐབས་སུ། བོད་ཡུལ་གྱར་བ་ཏཱ་ལའི་བླ་མའི་སྐུ་ཚབ་ཡོད་ན་ཁོ་ཚོས་སྦྱིན་བདག་མི་བྱེད་པ་མ་ཚད་ཚོགས་ཞུགས་ཀྱང་བྱེད་ཀྱི་མིན་ཞེས་ཉིན་དང་པོའི་དབུ་འབྱེད་ཉིན་སྐུ་ཚབ་རྣམ་པ་ཚོགས་བཅར་མ་ཐུབ་ནས་ལྷག་འདུག དེ་ནས་༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེའི་དད་ལྡན་སློབ་མ་བཞི་བརྒྱ་ལ་ཉེ་བས་འདི་ནང་པའི་ཆོས་ཚོགས་སུ། རྒྱ་ནག་གི་སྲིད་བཅུག་ན་ཤིན་ཏུ་མི་འོས་པའི་སྐད་འབོད་ཤུགས་ཆེར་བྱས་པར་བརྟེན། རྒྱ་མི་ཚོགས་ཞུགས་པ་རྣམས་ཁོང་ཁྲོ་ལང་ནས་ཕྱིར་འཐེན་བྱས་ནས་ལོག་འགྲོ་འདུག ཁ་སང་ཕྱི་ཚེས་༡༣་ ཉིན་ཐ་ལན་ཌའི་བླ་ཆེན་ཞིག་གི་དབུ་འཛིན་པར་ཚོགས་ཞུགས་བ་ཡོངས་ཀྱིས་བྱང་ཆུབ་སེམས་ཀྱིས་སྡོམ་པ་ལེན་ནས་ད་ལྟ་ཆོས་ཚོགས་བཞིན་པ་རེད་འདུག

    Reply
  2. རྒྱང་མིག says:
    ལོ་ 14 སྔོན།

    ལྷོ་ཀོ་རི་ཡ་ཐུགས་རྗེ་ཆེ། ས་ཆེན་པོའི་ཡང་སྟེང་ནས་དྲང་བདེན་རྣམ་པར་རྒྱལ་གྱུར་ཅིག

    Reply
  3. ཅང་མེད། says:
    ལོ་ 14 སྔོན།

    རྒྱལ་ལོ་རྒྱལ་ལོ། བོད་དང་ནང་པ་རྒྱལ་ལོ།
    རྒྱལ་ལོ་རྒྱལ་ལོ། དྲང་བདེན་རྒྱལ་ཁབ་རྒྱལ་ལོ།
    རྒྱལ་ལོ་རྒྱལ་ལོ། འཛམ་གླིང་ཞི་བདེ་རྒྱལ་ལོ།
    རྒྱལ་ལོ་རྒྱལ་ལོ། དྲང་བདེན་གཟི་བརྗིད་རྒྱལ་ལོ།

    ཀི་ཧི་ཧི། རྒྱལ་ལོ།

    Reply
  4. ཡུལ་གྱར་བའི་མི་ཚེ། says:
    ལོ་ 14 སྔོན།

    གཏམ་བཟང་ཞིག་གོ་མཐོས་བྱུང་བས། བཀྲིས་བདེེགས་གྲངས་མེད་ཞུ།

    Reply
  5. ཁམས་པ། says:
    ལོ་ 14 སྔོན།

    རྒྱ་ནག་གི་སྐུ་ཚབ་ཀྱི་གྲས་སུ། བོད་པའི་བླ་རྫུན་ཆ་རེ་ཁྲིད་ཨེ་ཡོད།

    Reply
  6. རོང་ཕྲུག says:
    ལོ་ 14 སྔོན།

    བསྟན་རྒྱུ་ལས་ཞེས་ཟེར་དགོས་པ་ལ་ལས་ཆད་འདུག་དགོངས་དག

    Reply
  7. རོང་ཕྲུག says:
    ལོ་ 14 སྔོན།

    འདི་ནི་བཀྲ་ཤིས་གཏམ་བཟང་ཞིག་དང་རྒྱལ་ཁའི་དར་ཆེན་སྒྲེངས་པའི་གཟི་བརྗིད་ཅིག་རེད། རྒྱ་ནག་གི་ལས་སྟངས་དེས་བློ་རྒྱ་ཆུང་ལ་ཅོལ་ཆུང་གི་བྱ་སྤྱོད་བསྟན་སྟབས་འཛམ་གླིང་གི་སྐྱེ་བོ་ཚང་མ་ཁོང་དགོད་ཤོར་དགོས་པའི་མ་ཚད། རྒྱ་ནག་ཟེར་ན་ལག་ལ་མེ་མདའ་བཟུང་ནས་རྫིག་ཉམས་བསྟན་རྒྱུ་མིའི་མཚན་ཉིད་དང་ཀུན་སྤྱོད་མེད་པའི་ཇག་པ་ཞིག་ཡིན་པའི་ར་སྤྲོད་གསལ་པོ་བྱས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese