མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་རྨ་ཆུ་རྫོང་དབལ་བཎ་ཞང་རོང་སྐོར་སྡེ་བའི་གཞོན་ནུ་དཔལ་ལྡན་ཞུ་བར་ཡུལ་ཚོའི་ཞི་རྒོལ་གྱི་སྣེ་འཁྲིད་པ་ཡིན་པའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་འདུག

འོད་དཀར་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་མདོ་སྨད་ཀན་ལྷོ་རྨ་ཆུ་རྫོང་དབལ་པཎ་ཞང་ (ཡུལ་ཚོ) རོང་སྐོར་སྡེ་བའི་གཞོན་ནུ་དཔལ་ལྡན་ཞུ་བ་ཡུལ་ཚོའི་ཇ་ཁང་ཞིག་ཏུ་སྡོད་སྐབས་རྨ་ཆུ་རྫོང་བདེ་འཇགས་རུ་ཁག་དང་། སྤྱི་བདེ་ཉེན་རྟོག་ལས་ཁུངས་གཉིས་མཉམ་འབྲེལ་ཐོག་རླུང་འཁོར་ཆུང་བ་༤ ལྷག་ཡོང་སྟེ། ས་གནས་དེ་གར་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག

ཉིན་དེར་ནང་མི་ཉེ་འབྲེལ་ཚོས་ཁོང་ཉེན་རྟོག་པས་རྫོང་ཐོག་ཏུ་ཁྲིད་སོང་བའི་གནས་ཚུལ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ཤེས་མེད་ཀྱང་། ཕྱི་ཚེས་ ༢༠ ཉིན་ནང་མི་ཉེ་འབྲེལ་དང་ཡུལ་མི་བཅས་ཁྱོན་བོད་མི་ ༡༠ ལྷག་རྫོང་ཐོག་ཏུ་སོང་སྟེ་སྐད་ཆ་དྲིས་སྐབས། ཉེན་རྟོག་ལས་ཁུངས་ཀྱིས་ཁོང་ཚོའི་ཁྲོད་ཀྱི་མི་ ༥ ལས་ཁུངས་ནང་སྐད་བཏང་སྟེ། གཞོན་ནུ་དཔལ་ལྡན་ལགས་ཀྱིས་ ༢༠༠༨ ལོར་དབལ་བཎ་ཞང་དུ་སེར་སྐྱ་མི་མང་གིས་ཉིན་གསུམ་རིང་ངོ་རྒོལ་སྐད་འབོད་བྱས་སྐབས། མི་དམངས་ཀྱི་ཚོགས་གཙོའམ་མགོ་ཁྲིད་གཙོ་བོ་ཡིན་པ་མི་གཞན་བརྒྱུད་དེ་ཤེས་སྟབས། ཁོང་འཇུ་བཟུང་བཀག་ཉར་བྱས་པ་ཡིན་ཚུལ་དང་། ཟླ་གཅིག་རིང་འདྲི་གཅོད་བྱས་རྗེས་ཀློད་གྲོལ་གཏོང་གི་ཡིན་ཞེས་སོགས་བཤད་དེ་ནང་མི་ཚོ་ཕྱིར་མངགས་ཡོད་པ་ཙམ་ལས། ད་ལྟའི་ཆར་ཁོང་གང་དུ་ཡོད་མེད་དང་གནས་སྟངས་གང་འདྲ་ཡིན་མིན་གྱི་གནས་ཚུལ་ཅི་ཡང་འགྲེལ་བརྗོད་བྱས་མེད་པར་ལྷག་འདུག  

རང་ལོ་ ༣༤ ཡིན་པའི་གཞོན་ནུ་དཔལ་ལྡན་ལགས་ནི། རྨ་ཆུ་རྫོང་དབལ་པཎ་ཞང་རོང་སྐོར་སྡེ་བའི་ཕ་ལ་མགོན་ཚེ་དང་མ་བདེ་ཆེན་གཉིས་ཀྱི་བུ་ཡིན་འདུག་ལ། ༢༠༠༨ལོ་ནས་བཟུང་རྒྱ་གཞུང་གིས་ས་གནས་སུ་ཁོང་འཛིན་བཟུང་བྱེད་རྒྱུའི་བཀའ་རྒྱ་བཏང་སྟབས། མི་མེད་ལུང་སྟོང་སོགས་སུ་བྲོས་བྱོལ་བྱས་ཏེ་ད་བར་འཛིན་བཟུང་བྱེད་ཐུབ་མེད་ཀྱང་། ཉེ་ཆར་ཁོང་ས་གནས་ཀྱི་ཇ་ཁང་ཞིག་ཏུ་སྡོད་སྐབས། གློ་བུར་དུ་རྨ་ཆུ་རྫོང་བདེ་འཇགས་རུ་ཁག་དང་། སྤྱི་བདེ་ཉེན་རྟོག་རུ་ཁག་གི་མི་སྣ་ཡོང་སྟེ་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

མཆན། 1

  1. སངྒེ ། says:
    ལོ་ 14 སྔོན།

    རྩོམ་སྒྲིག་པ་ལགས། གོང་གི་གནས་ཚུལ་དེ་ཁྱེད་ཅག་ལའང་བཏང་ཡོད་ཀྱང་མ་འབྱོར་བའམ་གང་ལྟར་ཁྱད་མི་འདུག འོན་ཀྱང་ཁོའི་མིང་ལ། གཞོན་ནུ་དཔལ་ལྡན་ཟེར་བ་ལས་དཔལ་ལྡན་མ་རེད་དེ་བས་ཁོའི་མིང་གཞོན་ནུ་དཔལ་ལྡན་ལ་བཅོས་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese