མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ནང་སྲིད་བཀའ་བློན་ཁེ་ཎ་ཌར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཁེ་ཎ་ཌའི་ཕྱི་མི་གཞིས་སྤོ་བློན་ཆེན་གྱི་སློབ་སྟོན་པ་དང་མཇལ་འཕྲད་ཀྱིས། རྒྱ་གར་ཨ་རུ་ཎ་ཅལ་བོད་མིའི་གཞིས་སྤོའི་གནས་སྟངས་ཐོག་གྲོས་བསྡུར་གནང་འདུག

ཉེ་ལམ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་ཏེ་དབུས་བོད་མིའི་སྒྲིག་འཛུཊ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཁེ་ཎ་ཌར་གཞུང་འབྲེལ་ཕྱོགས་སྐྱོད་གནང་ཡོད་ཅིང་། ཕྱི་ཚེས་ ༡༢ ཉིན་ཁེ་ཎ་ཌའི་ཕྱི་མི་གཞིས་སྤོ་ལྷན་ཁང་གི་བློན་ཆེན་ཁེ་ཐི་ལིན་ཝེལ་ (Kathleen Weil) མཆོག་གི་ཆབ་སྲིད་སློབ་སྟོན་པ་རྣམ་གཉིས་དང་མཇལ་འཕྲད་ཀྱིས། རྒྱ་གར་ཨ་རུ་ཎ་ཅལ་མངའ་སྡེའི་གཞིས་ཆགས་ཁག་ནས་བོད་མི་ ༡༠༠༠ ཙམ་ཁེ་ཎ་ཌར་གཞིས་སྤོ་བྱ་རྒྱུའི་ལས་གཞིའི་ཐོག་གྲོས་བསྡུར་གནང་ཡོད་ཅིང་། ཐེངས་འདིའི་མཇལ་འཕྲད་སྐབས་ཁེ་ཎ་ཌ་བོད་རིགས་ཚོགས་པའི་འགན་འཛིན་དང་ཚོགས་གཙོ། དེ་བཞིན་ཁུ་བྷིག་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་བཅས་མཉམ་ཞུཊ་གནང་ཡོད་འདུག

ཕྱི་ཚེས་ ༡༡ ཉིན་གྲོང་ཁྱེར་མོན་ཊི་རེལ་ (Montreal) དུ་རྟེན་གཞི་བྱས་པའི་འཇམ་དབྱངས་ནང་པའི་ཆོས་ཚོགས་དུ་གཟིགས་སྐོར་དང་འབྲེལ། ས་གནས་དེའི་བོད་རིགས་མང་ཚོགས་བརྒྱ་སྐོར་ཞིག་ལ། རྒྱ་གར་ཨ་རུ་ཎ་ཅལ་ནས་ཁེ་ཎ་ཌར་བོད་མི་ཆིག་སྟོང་གཞིས་སྤོ་གནང་རྒྱུ་དང་དེར་ཁེ་ཎ་ཌར་གནས་སྡོད་བོད་མི་ཚོས་རོགས་རམ་གནང་ཕྱོགས། བོད་ནང་མེར་བསྲེགས་གཏོང་བཞིན་པའི་ཛ་དྲག་གནས་སྟངས། ད་ལོའི་ཕྱི་ཟླ་ ༨ པའི་ནང་༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་འགན་དབང་རྩིས་སྤྲོད་དང་། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཆབ་སྲིད་ཐུགས་འགན་བཞེས་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བ། ཕྱི་ཟླ་ ༩ པའི་ནང་བོད་གཞུང་དམངས་གཉིས་ཀྱིས་དམིགས་བསལ་ཚོཊ་ཆེན་བསྡུ་རྒྱུ། རྒྱ་གར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་ཕྱི་རྒྱལ་བོད་མིའི་ཚོགས་པ་ཁག་བར་མཐུན་ལམ་གོང་འཕེལ། ཕྱི་རྒྱལ་གནས་སྡོད་བོད་རིགས་ཚོགས་པ་ཁག་གིས་རྒྱ་གར་གནས་སྡོད་བོད་མི་ཚོར་དཔལ་འབྱོར་རོཊ་རམ་གནང་ཕྱོགས་ཐོག་གཏམ་བཤད་བཅས་སྤེལ་ཡོད་འདུག

སྐབས་འདི་དང་བསྟུན་ཏེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཀྱང་། དབྱིན་ཡུལ་རྒྱལ་ས་ལོན་ཊོན་ཝུལ་ཝི་ཆི་ (Woolwich ) ས་ཁུལ་དུ། ས་གནས་བོད་རིགས་མང་ཚོགས་ལ་འདས་པའི་ལོ་གཅིག་རིང་གི་བཀའ་ཤག་གི་ལས་བསྡོམས་དང་། བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་བཅས་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

མཆན། 4

  1. ལུང་རྟོགས། says:
    ལོ་ 11 སྔོན།

    མི་རྟག་པའི་སྐད་ཆ་བདེན་པ་རེད། ནུབ་ཕྱོགས་སུ་གནས་པོ་བ་འདིས་དཔལ་འབྱོར་ཡར་རྒྱས་འགྲོ་ཐུབ་ན་ཡང་མི་རིགས་ཀྱི་ངོ་བོ་བརླག་རྒྱུའི་ཉེན་ཁ་ཆེན་པོ་ཡོད།

    Reply
  2. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 11 སྔོན།

    ད་ལྟ་བོད་མི་འགའ་ཞིག་གི་དཔལ་འབྱོར་གི་གནས་སྟངས་ལ་ཕན་ཀྱང་ཕྱིས་བོད་མི་རིགས་ཀྱི་ངོ་བོ་སྲུངས་ཐུབ་བྱེད་པ་དེ་གལ་ཆེ་། ཁྱིམ་གཞི་གནས་སྤོ་དེ་ཡིས་བོད་ཀྱི་འབྱུང་འགྱུར་གྱི་གནས་བབ་ལ་དཀའ་ངལ་འཕྲད་ངེས་པ་རེད་།

    Reply
  3. ཤར་མདའ། says:
    ལོ་ 11 སྔོན།

    བཀྲིན་ཆེ་ཟེར་གྱི་ཡིན་གཙོ་བོ་བོད་ཀྱི་གཞིས་ཆགས་སྐྱོ་བོ་ཚོ་འདི་ལྟར་གཏོང་ཐུབ་ན་དགེ་མཚན་ཆེ་ཡིན་ཡང་ཕྱི་རྒྱལ་ཁག་ཏུ་ཕེབས་མཁན་ཚོས་དངོས་ནས་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དེ་གོང་འཕེལ་དུ་གཏོང་དགོས་པ་དངོས་ཡོད་གནས་ཚུལ་རེད།

    Reply
  4. ཤག་སྒང་པ། says:
    ལོ་ 11 སྔོན།

    ཤིན་ཏུ་ལེགས། ད་དུང་གཞིས་ཆགས་སྐྱོ་སའི་བོད་རིགས་རྣམས་ཀྱི་འཚོ་བའི་དཀའ་ངལ་བསལ་ཆེད་ལས་འཆར་གཞན་ཡང་གང་ཐུབ་བསྒྲིག་ན་རང་ཁ་རང་གསོས་ཀྱིས་རྩ་དོན་ལ་ཞོར་གྱིས་ཕན་ངེས་རེད་བཱ་་་་་་་ཤུགས་རྒྱོབས་ཤིག་རིགས་ཀྱི་ནང་སྲིད་བཀའ་བློན་ལགས།

    ད་དུང་ང་ཚོ་དཔའ་འབྱོར་གྱི་འཆིང་རྒྱ་ལས་འགྲོལ་རྒྱུ་རེད་འདུག་དཱ་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist