མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་དང་བོད་ཀྱི་དཀའ་ངལ་གཅིག་མཚུངས་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp


ཉིན་འདི་གར་ཐའེ་ཝན་གྱི་སློབ་ཆེན་སློབ་མ་སྐོར་ཞིག་གིས་བཞུགས་སྒར་ཁུལ་དུ་གཟིགས་སྐོར་བྱེད་ཀྱིན་ཡོད་པ་དང་། ཁོང་ཅག་ཕྱིར་ལོག་རྗེས་བོད་དོན་ལ་རྒྱབ་སྐྱོར་དང་། བོད་པའི་ཆབ་སྲིད་བཙོན་པའི་སྐོར་གྱི་དཔེ་དེབ་ཅིག་དཔར་འགྲེམས་ཞུ་རྒྱུ་ཡིན་ཟེར།

སྔར་ལོ་ནས་བཟུང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་ ( Taiwan Friends of Tibet) ཐུན་མོང་གི་གོ་སྒྲིག་འོག ཐའེ་ཝན་གྱི་སློབ་ཆེན་ཁག་ཅིག་གི་སློབ་ཕྲུག་བཞུགས་སྒར་ངྷ་རམ་ས་ལར་མགྲོན་འབོད་བྱས་ཏེ། དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག བཞུགས་སྒར་ཉེ་ཁུལ་གྱི་སློབ་གྲྭ་དང་དགོན་སྡེ་ཁག་བཅས་ལ་གཟིགས་སྐོར་གྱིས་བཙན་བྱོལ་བོད་མིའི་གནས་སྟངས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་སོགས་ཐའེ་ཝན་མི་མང་ལ་བརྒྱུད་སྒྲོག་བྱེད་པའི་ལས་གཞི་ཞིག་འགྲོ་བཞིན་ཡོད་པ་དང་། ད་ལོར་ཕྱི་ཟླ་ ༧ པའི་ཚེས་ ༡༨ ཉིན་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པས་སྣེ་འཁྲིད་དེ། ཐའེ་ཝན་སློབ་ཆེན་དང་ཐའེ་ཝན་ཆབ་སྲིད་སློབ་ཆེན། ཐའེ་པེ་སྒྱུ་རྩལ་སློབ་ཆེན། ཐའེ་ཝན་རྒྱང་བསྒྲགས་སློབ་ཆེན་བཅས་ཀྱི་སློབ་མ་ ༡༦ དང་དགེ་རྒན་ ༢ ། ལས་བྱེད་ ༡ གཅིག་བཅས་ཁྱོན་མི་ ༡༩ ངྷ་རམ་ས་ལར་གཟིགས་སྐོར་དུ་འབྱོར་འདུག  

འདས་པའི་བདུན་ཕྲག་གཅིག་རིང་སློབ་མ་ཚོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་སློབ་གྲྭ  དགོན་སྡེ་ཁག  གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་སུ་གཟིགས་སྐོར་གནང་ཡོད་པ་དང་། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་མཆོག་དང་། བཀའ་ཁྲི་བློ་བཟང་སེང་གེ་མཆོག་བཅས་ལ་མཇལ་འཕྲད། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མགོ་ཁྲིད་དང་བོད་དོན་ལས་འགུལ་བ་སོགས་ལ་ཐུག་འཕྲད། བཞུགས་སྒར་ཉེ་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་མ་དང་མཉམ་དུ་བསམ་བློ་བརྗེ་རེས་བཅས་གནང་འདུག་ལ། བདུན་ཕྲག་རྗེས་མར་དཔལ་༸རྒྱལ་བ་ཀརྨ་པ་མཆོག་ལ་མཇལ་ཁ་དང་དྲིལ་བསྒྲགས་བཀའ་བློན་མཆོག་ལ་ཐུག་འཕྲད་གནང་རྒྱུ་ཡིན་འདུག  

ཐའེ་ཝན་གྱི་སློབ་ཕྲུག་དེ་དག་གིས་ཐེངས་འདིར་དམིགས་བསལ་བོད་པའི་ཆབ་སྲིད་བཙོན་ཟུར་སྐོར་ཞིག་དང་ཐུག་འཕྲད་ཀྱིས་དྲི་བ་དྲིས་ལན་གནང་ཡོད་ཅིང་། ཁོང་ཅག་ཕྱིར་ཐའེ་ཝན་ནང་ལོག་རྗེས་བོད་པའི་ཆབ་སྲིད་བཙོན་ཟུར་སྐོར་གྱི་དཔེ་དེབ་ཅིག་དཔར་སྐྲུན་བྱ་འཆར་ཡོད་འདུག་ལ།  ཕྱི་ཚེས་ ༣༠ ཉིན་བཞུགས་སྒར་མི་མང་ལ་ཐའེ་ཝན་རང་བཙན་སྐོར་གྱི་གློག་བརྙན་གཟིགས་འབུལ་དང་། ཐའེ་ཝན་མི་མང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་གང་འདྲ་གནང་གི་ཡོད་མེད་སྐོར་གྱི་གཏམ་བཤད་བཅས་ཀྱི་ལས་འཆར་བསྒྲིགས་འདུག

ཕྱི་ཚེས་ ༢༥ ཉིན་གསར་འགོད་པས་ཐེངས་འདིའི་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་སྣེ་འཁྲིད་པ་ལྕམ་ཡེ་ཝུན་ཧེའེ་ལགས་སུ་ལས་རིམ་འདིའི་དམིགས་ཡུལ་སྐོར་བཅར་འདྲི་ཞུས་པར་ཁོ་མོས། “ཐེངས་འདི་ནི་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པས་གོ་སྒྲིག་འོག་སློབ་ཆེན་སློབ་མ་ངྷ་སར་ཡོང་ཐེངས་གཉིས་པ་རེད། ད་རེབ་ཐའེ་ཝན་གྱི་སློབ་ཆེན་ཁག་དྲུག་གི་དགེ་སློབ་ ༡༦ ཙམ་ཡོང་ཡོད། ང་ཚོའི་དམིགས་ཡུལ་གཙོ་བོ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་རྟོག་ཞིབ་དང་། གནད་ཡོད་མི་སྣ་ཚོར་ཐུག་འཕྲད། དེ་བཞིན་ཆབ་སྲིད་བཙོན་ཟུར་མང་པོ་ཞིག་ལ་སྐད་ཆ་དྲིས་ཏེ། ང་ཚོ་ཕྱིར་སོང་ནས་དེབ་ཅིག་བཏོན་ཏེ། ཐའེ་ཝན་མི་མང་ལ་བོད་དོན་གོ་རྟོགས་སྤེལ་རྒྱུ་དེ་ཡིན། ད་ལྟའི་བར་ང་ཚོའི་ཚོགས་པའི་ངོས་ནས་གློག་བརྙན་དང་བོད་ཀྱི་རིག་གཞུང་འགྲེམས་སྟོན་སོགས་ཀྱི་ལམ་ནས་བོད་ཀྱི་གནས་སྟངས་ངོ་སྤྲོད་བྱེད་ཀྱི་ཡོད། ཡིན་ནའང་མིག་དང་ཨ་ཅོག་གིས་དངོས་སུ་མཐོང་ཐོས་བྱུང་བ་ཡིན་ན། ཕན་ནུས་དེ་ལས་ཆེ་བ་ཡོང་གི་རེད་སྙམ་ཏེ་ང་ཚོ་ཡོང་བ་ཡིན། ཐེངས་སྔོན་མར་ཕན་ཐོགས་ཆེན་པོ་བྱུང་སོང་། ད་རེབ་ཀྱང་སློབ་མ་ཚོས་དོ་སྣང་ཆེན་པོ་བྱེད་ཀྱི་འདུག”ཅེས་བརྗོད་བྱུང་།

ཡང་གསར་འགོད་པས་ཐའེ་ཝན་ཆབ་སྲིད་སློབ་ཆེན་གྱི་སློབ་མ་ཁྲིན་ཀྲི་ཡེན་ལ་བོད་དོན་ལ་དོ་སྣང་གང་འདྲ་ཡོད་མེད་དྲིས་པར། “ང་ཐེངས་མ་དང་པོར་ངྷ་རམ་ས་ལར་ཡོང་བ་ཡིན། སྔོན་ཆད་དྲ་ལམ་ཁག་ནས་ཤེས་པ་ལྟར་མིན་པར། ད་ཐེངས་བཙན་བྱོལ་བོད་མིའི་གནས་ཚུལ་ལ་དངོས་སུ་རྒྱུས་ལོན་བྱེད་རྒྱུའི་གོ་སྐབས་བྱུང་སྟེ། རང་ཉིད་ཀྱི་ནང་མི་དང་གྲོགས་པོ་ཚོར་འགྲེལ་བཤད་རྒྱག་རྒྱུ་མང་པོ་ཞིག་རག་སོང་། ཆུང་དུས་དགེ་རྒན་གྱི་སློབ་ཁྲིད་ཅིག་གི་སྐབས་སུ་བོད་མི་རིགས་ལ་ཐའེ་ཝན་དང་གཅིག་མཚུངས་ལྟར། རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཐོབ་ཀྱི་མེད་སྐོར་བརྗོད་བྱུང་། དེ་ཙམ་མ་གཏོགས་བོད་དོན་སྐོར་གསལ་བོ་ཤེས་ཀྱི་མེད། རྒྱུ་སྟོབས་དང་དམག་སྟོབས་ཆེན་པོ་མེད་ན་རྒྱལ་སྤྱིའི་ཐོག་དོ་སྣང་བྱེད་མཁན་རག་གི་མ་རེད། དེང་སྐབས་རྒྱལ་ཁབ་ཚང་མའི་ནང་རྒྱ་ནག་གི་རྒྱུ་སྟོབས་དང་དམག་སྟོབས་ཀྱི་ཤུགས་རྐྱེན་ཐེབས་ཏེ། བོད་པ་དང་ཐའེ་ཝན་ལ་རོགས་པ་བྱེད་མཁན་ཉུང་ཉུང་ཆགས་ཡོང་གི་ཡོད་པ་རེད” ཅེས་བརྗོད་བྱུང་།

ཡང་ཐའེ་ཝན་སློབ་ཆེན་གྱི་མཚན་ཉིད་རིག་པ་སློབ་སྦྱོང་བྱེད་ཀྱིན་པའི་ཐུའུ་ཅི་ཝེ་ཡིས། “ང་ཐེངས་དང་པོར་འདིར་ཡོང་བ་ཡིན། ས་ཆ་འདི་ཐའེ་ཝན་གྱི་ས་ཆ་དང་བསྡུར་ན་ཁུ་སིམ་པོ་དང་གུ་ཡངས་པ་ཞེ་དྲག་འདུག ངྷ་རམ་ས་ལའི་སྲང་བར་གྱི་བོད་མི་ཚང་མས་འཛུམ་དམུལ་དམུལ་བྱེད་པ་དེ་སྤྲོ་ཉམས་དོད་པོ་ཞིག་རེད། ཐའེ་ཝན་ལ་མཚོན་ན་གནས་ཚུལ་དེ་འདྲ་མཐོང་དཀོན་པོ་རེད། བོད་ཀྱི་གནད་དོན་ཟེར་བ་ཞིག་ངས་སྔོན་མ་ནས་གོ་མྱོང་ཡོད། རྗེས་སུ་ཐའེ་ཝན་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པས་ལས་འགུལ་སྤེལ་བ་བརྒྱུད་དེ་གནས་ཚུལ་མང་པོ་ཞིག་ཤེས་སོང་། ངས་གོ་ཐོས་ལ་བོད་ནང་དུ་བོད་མི་མང་པོ་ཞིག་གིས་རང་བསྲེགས་བཏང་བ་རེད་ཟེར། ཁོང་ཅག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་རེད་ཟེར། ངས་བསམ་ན་དེ་ཧ་ཅང་རླབས་ཆེན་པོ་རེད། སེམས་ནང་གི་སྡུག་བསྔལ་སྟོན་སྟངས་ཁྱད་པར་ཅན་ཞིག་རེད། རྒྱ་ནག་གཞུང་གིས་བོད་ནང་དུ་སྲིད་ཇུས་གང་འདྲ་སྤེལ་གྱི་ཡོད་མེད་འགྲེལ་བཤད་རྒྱག་མ་དགོས་པ་ཞིག་རེད། དེ་ཁ་གསལ་བོ་ཞེ་དྲག་རེད། ཡིན་ནའང་འདི་ལ་སེམས་ཤུགས་ཆག་དགོས་པ་དེ་འདྲ་ཡོད་པ་མ་རེད། མི་རིགས་ཤིག་གི་རང་དབང་འཐབ་རྩོད་དེ་ལས་སླ་བོ་ཞིག་ཡོད་པ་མ་རེད” ཅེས་བརྗོད་བྱུང་།

ཐའེ་ཝན་ཆབ་སྲིད་སློབ་ཆེན་གྱི་སློབ་མ་ལིན་ཙི་ཞོན་གྱིས། “ངས་སྔོན་ཆད་ཏཱ་ལའི་བླ་མའི་མཚན་ཐོས་མྱོང་བ་ལས། བོད་ཀྱི་གནད་དོན་ཟེར་བ་ཞིག་གོ་མ་མྱོང་། ད་ཐེངས་ངྷ་རམ་ས་ལར་ཡོང་སྟེ་གནས་ཚུལ་མང་པོ་ཞིག་ཧ་གོ་སོང་། ཕྱིར་ལོག་རྗེས་བོད་དོན་ཐོག་ལས་ཀ་བྱ་དགོས་ཀྱི་འདུག་བསམ་ཡོད། ཐའེ་ཝན་ལ་མཚོན་ན་ད་ལྟའི་ཆར་རྒྱ་ནག་གི་དབང་འོག་ཏུ་མེད་པར། སོ་སོར་སྲིད་གཞུང་ཞིག་ལོགས་སུ་ཡོད་ཀྱང་། ང་ཚོ་རྒྱལ་སྤྱིའི་ཐོག་ངོས་ལེན་ཐུབ་ཀྱི་མེད་པའི་དཀའ་ངལ་ཞིག་གི་འོག་བསྡད་ཡོད་པ་རེད། ཡིན་ནའང་ང་ཚོས་ཤུགས་རྒྱག་རྒྱུ་ཡིན། མ་འོངས་པར་ཐའེ་ཝན་དང་བོད་པ་ཚོས་མཉམ་སྒྲིལ་བྱས་ཏེ་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་ཀྱི་འདུག དེ་ལྟར་བྱས་ན་རྒྱལ་སྤྱིའི་ཐོག་ནས་ཀྱང་དོ་སྣང་བསླེབ་གི་རེད” ཅེས་བརྗོད་བྱུང་།  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་བསམ་ཚུལ་ལ། ཐེ་ཝན་དང་བོད་གཉིས་ཀྱི་དཀའ་ངལ་གྱི་གཙོ་བོ་རང་བཙན་ཤོར་པ་དེ་གཅིག་མཚུངས་ཡིན་ཚུལ་གསུངས་ཡོད་ན་དེ་བདེན་པ་རེད། ཡིན་ནའང་ད་དུང་དེ་ལས་ལྷག་པ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སོགས་ནས་བསམ་ན་གནམ་ས་ལྟ་བུའི་ཁྱད་པར་ཡོད་པས་ད་ལྟའི་ཆར་བོད་ནང་ཐེ་ཝན་ནང་བཞིན་གྱི་གནས་སྟངས་ཤིག་མེད་པས་ངོ་སྤྲོད་གསལ་པོ་གནང་ན་སྙམས་།

    Reply
  2. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    ལས་འགུལ་འདི་དངོས་གནས་དོན་ཕན་ལྡན་པའི་འཆར་གཞི་ཞིག་རེད། རྗེས་སུ་ཡི་རང་ཞུ། ཡིན་ནའང་བཞུགས་སྒར་འབྲེལ་ཡོད་ཁག་ནས་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་དང་། ད་ལྟའི་བོད་ཀྱི་གནས་སྟངས་། མ་འོངས་བོད་ཀྱི་ལངས་ཕྱོགས་སོགས་ལ་ཁ་གསལ་གོ་བདེའོ་སྒོ་ནས་གསལ་བཤད་བྱེད་ཐུབ་ན་དངོས་གནས་ལས་འགུལ་སྟོབས་དང་ལྡན་ཞིང་ཚད་ལྡན་ཞིག་ཆག་རྒྱུར་གཏན་འཁེལ་བ་རེད་སྙམས།

    Reply
  3. བསྟན་འཛིན་ནོར་འཛིན། says:
    ལོ་ 14 སྔོན།

    ལས་འགུལ་དེ་འདྲ་ཞིག་དངོས་འབྲེལ་ཕན་ཐོགས་ཆེན་པོ་ཡོང་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese