ད་ནངས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དབུ་བཞུཊ་ཐོག་སེར་སྐྱ་མང་ཚོཊ་བརྒྱ་ཕྲག་ལྷག་གིས། བོད་ནང་མེར་བསྲེཊ་དང་དམར་གསོད། རང་ཤི་བརྒྱབ་པའི་བོད་མི་རྒྱལ་གཅེས་པ་ཚོར་བསྔོ་སྨོན་མཆོད་འབུལ་གནང་ཡོད།
མདོ་སྨད་གཅན་ཚའི་སེར་སྐྱ་མང་ཚོགས་ཀྱི་གོ་སྒྲིག་འོག དེ་རིང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་བཞུཊ་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དབུ་བཞུཊ་ཐོག་སྤྱི་འཐུས་ཚོཊ་སྤེན་པ་ཚེ་རིང་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ངྷ་སའི་ཉེ་འཁོར་དགོན་སྡེ་ཁག་གི་གྲྭ་བཙུན། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་བཅུ་གཅིག་གི་སྐུ་ཚབ། དེ་བཞིན་ངྷ་ས་ས་གནས་མི་མང་བཅས་ཁྱོན་མི་བརྒྱ་ཕྲག་ལྷག་འདུ་འཛོམས་ཐོག བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམ་པ་དང་། རྒྱ་དམག་གིས་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་བ། བོད་དོན་ཆེད་རང་ཉིད་ལ་གྲིས་བཙུཊ་པ་དང་ཆུང་མཆོངས་ཏེ་སྐུ་གྲོངས་པའི་དཔའ་པོ་དེ་དག་གི་ཆེད་བསྔོ་སྨོན་མཆོད་འབུལ་རྒྱས་པ་ཞིག་གནང་འདུག
གོ་སྒྲིག་ཚོཊ་པའི་སྐྱབས་ཐོ་ནང་བསྔོ་སྨོན་མཆོད་འབུལ་དེ་ནི། རང་ལུས་མེར་བསྲེཊ་གཏོང་མཁན་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལཊ་དང་ལྷག་པ་ཚེ་རིང་། གྲྭ་བཀྲ་བྷེ། གྲྭ་བློ་བཟང་ཕུན་ཚོཊ། གྲྭ་ཚེ་དབང་ནོར་བུ། གྲྭ་བློ་བཟང་དཀོན་མཆོག གྲྭ་བློ་བཟང་སྐལ་བཟང། གྲྭ་སྐལ་བཟང་དབང་ཕྱུག ཆོས་འཕེལ། མཁའ་དབྱིངས། ནོར་བུ་དགྲ་འདུལ། ཨ་ནེ་བསྟན་འཛིན་དབང་མོ། གྲྭ་ཟླ་བ་ཚེ་རིང། ཨ་ནེ་དཔལ་ལྡན་ཆོས་མཚོ། ཤེས་རབ་ཚེ་རྡོར། གྲྭ་བོད་ཕྲུག བསྟན་འཛིན་ཕུན་ཚོཊ། གྲྭ་ཚུལ་ཁྲིམས། བསྟན་ཉི། སྤྲུལ་སྐུ་བསོད་བྷེ། བློ་བཟང་འཇམ་དབྱངས། རིག་འཛིན་རྡོ་རྗེ། བསོད་ནམས་རབ་ཡངས། བསྟན་འཛིན་ཆོས་སྒྲོན། གྲྭ་བློ་བཟང་རྒྱ་མཚོ། གྲྭ་དམ་ཆོས་བཟང་པོ། སྣང་གྲོལ། ཚེ་རིང་སྐྱིད། རིན་ཆེན། རྡོ་རྗེ། གྲྭ་དགེ་པེ། འཇམ་དབྱངས་དཔལ་ལྡན། བློ་བཟང་ཚུལ་ཁྲིམས། བསོད་ནམས་དར་རྒྱས། འཇམ་དཔལ་ཡེ་ཤེས། གྲྭ་བློ་བཟང་ཤེས་རབ། གྲྭ་བསྟན་པ་དར་རྒྱས། གྲྭ་འཆི་མེད་དཔལ་ལྡན། ཆོས་འཕཊ་སྐྱབས། བསོད་ནམས། རྡོ་རྗེ་ཚེ་བརྟན། དར་རྒྱས། རི་ཀྱོ། རྟ་མགྲིན་ཐར། ངག་དབང་ནོར་འཕེལ། བསྟན་འཛིན་མཁས་གྲུབ། བདེ་སྐྱིད་ཆོས་འཛོམས། ཚེ་དབང་རྡོ་རྗེ། གྲྭ་བློ་བཟང་བློ་འཛིན་བཅས་དང་། ལུས་ལ་མཚོན་འདེབས་མཁན་མགོན་པོ་རིག་འཛིན་དང་ཆུར་མཆོངས་མཁན་དོན་འགྲུབ་ཕུན་ཚོཊ། དེ་བཞིན། རྒྱ་དམག་གིས་དམར་གསོད་བཏང་བའི་ནོར་པ་ཡོན་ཏན་ལཊ་དང་ཟླ་བ་གྲཊ་པ། པོ་པོ། ཨོ་རྒྱན། ཡེ་ཤེས་རིག་གསལ། ཡེ་ཤེས་བསམ་འགྲུབ། ལོ་བརྒྱ་ཚང་གི་བུ། ཆོས་རིས་བཅས་ཀྱི་ཆེད་དུ་ཡིན་ཞེས་འཁོད་འདུག
བསྔོ་སྨོན་མཆོད་འབུལ་དེའི་ཐད་གོ་སྒྲིག་པ་ཤེས་རབ་དར་རྒྱས་ལཊ་ཀྱིས་བརྗོད་དོན། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་བོད་མི་དེ་དག་བོད་སྤྱི་བའི་དོན་དུ་སྐུ་གྲོངས་པ་ཞིག་ཡིན་པ་ལས། ས་ཁུལ་བྱེ་བྲག་པ་དང་ལུང་ཚན་བྱེ་བྲག་པའི་ཆེད་དུ་སྐུ་གྲོངས་མེད་སྟབས། འདས་པོ་དེ་དག་གི་ཆེད་བོད་མིའི་གཞུང་སྒེར་གཉིས་ཐད་ནས་ཁྱད་མེད་དུ་རྗེས་འཇུག་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་བརྗོད་སོང་།
དེ་བཞིན། ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག མདང་དགོང་ཆུ་ཚོད་ ༥ པའི་སྟེང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུཊ་ཐོག བཙན་བྱོལ་བོད་མིའི་མང་གཙོ་བ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་གཙོས་ངྷ་སའི་སེར་སྐྱ་མང་ཚོགས་བརྒྱ་ཕྲག་བརྒལ་བས། ཉེ་ལམ་ཡུལ་ཤུལ་རྫ་སྟོད་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། སྐུ་གྲོངས་པའི་གཞིས་རྩེ་གཉའ་ལམ་ནས་ཡིན་པའི་རྒྱལ་གཅེས་པ་ངག་དབང་ནོར་འཕེལ་ལཊ་ཀྱི་ཆེད་བསྔོ་སྨོན་མཆོད་འབུལ་གནང་ཡོད།




![A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]](https://tibettimes.net/wp-content/uploads/2026/04/Screen-Shot-2026-04-02-at-5.36.58-PM-360x180.png)
