མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ཅིག་གིས་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp


ད་ལྟ་རང་ཨ་མདོ་ཀན་ལྷོ་གཙོད་དགོན་པའི་མཆོད་རྟེན་མཐའ་རུ་བོད་རིགས་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་བཏང་ཡོད་འདུག

ད་ལྟ་རང་བོད་ནས་ ( ་་་་་་ ) བརྒྱུད་སྐད་བསྐུར་གནང་བ་ལྟར་ན། དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༢།༣༠ ཙམ་ལ་ཨ་མདོ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་གྱི་ཉེ་འདབས་སུ་ཡོད་པའི་གཙོད་དགོན་པའི་གཡས་ངོས་ཀྱི་གླིང་སྐོར་ལམ་གྱི་མཆོད་རྟེན་མདུན་དུ། བོད་རིགས་བུ་མོ་རང་ལོ་ ༢༦ ཡས་མས་ཅན་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཡོད་འདུག་ལ། དེ་མ་ཐག་ཉེ་འཁོར་གྱི་སྐོར་བར་འགྲོ་མཁན་དག་གིས་མེ་གསོད་ཐབས་བྱས་ཡོད་ཀྱང་། རྗེས་སུ་བུ་མོ་དེ་སྐུ་གྲོངས་ཟིན་པའི་གནས་ཚུལ་ཞིག་ཀྱང་འབྱོར་སོང་། 

སྐད་འཇོག་མཁན་གྱིས་བརྗོད་དོན། “ གནས་ཚུལ་དེ་ངོ་མ་རེད། ང་རང་ཡུལ་དངོས་ན་ཡོད། སྐོར་བ་རྒྱག་མཁན་ཚོས་ཁོ་མོའི་ལུས་ཀྱི་མེ་བསད་དེ། ད་ལྟ་གྲྭ་མང་ཚོས་དགོན་པའི་གཞུང་གི་དོ་དམ་ཁང་དུ་སྲུང་འདུག ས་གནས་མང་ཚོགས་ཇེ་མང་དུ་འགྲོ་བཞིན་འདུག ”ཅེས་བརྗོད་འདུག

ཁོས་སྐད་སྐུར་གཉིས་པ་འབྱོར་བའི་ནང་། “ ད་ལྟ་རང་གཙོད་དགོན་པའི་འཁྲིས་སུ་བོད་རིགས་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་བཏང་ཟིན་པ་མ་ཟད། ཁོང་མོ་དེ་མ་ཐག་སྐུ་ཡང་གྲོངས་ཚར་འདུག ཁོང་མོ་གཙོད་རྟ་གསར་སྡེ་བ་ནས་རེད། མིང་ལ་སྒྲོལ་དཀར་མཚོ་( སྐྱིད)ཟེར་ཞིང་། ད་ལྟ་རང་ལོ་ ༢༦ རེད་འདུག” ཅེས་བརྗོད་འདུག

སྐད་སྐུར་གསུམ་པ་འབྱོར་བའི་ནང་། ” བུ་མོ་དེའི་ཨ་ཕའི་མིང་ལ་འབྲུག་རྒྱལ་མཁར་དང་། ཨ་མའི་མིང་ལ་སངས་རྒྱས་མཚོ་ཟེར་གྱི་འདུག མོས་རང་ལུས་མེར་བསྲེགས་བཏང་མ་ཐག་སྐུ་གྲོངས་ཚར་འདུག “ ཅེས་བརྗོད་འདུག

སྐད་སྐུར་བཞི་པ་འབྱོར་བའི་ནང་། ” བུ་མོ་དེས་མེར་བསྲེགས་གཏོང་སྐབས་སྐད་འབོད་ཤུགས་ཆེན་པོ་གནང་གི་འདུག ཉེ་འཁོར་གྱི་མི་ཚོས་བུ་མོ་དེས་༧རྒྱལ་བ་རིན་པོ་ཆེ་བོད་ནང་ཕེབས་འཇུག་དགོས། བོད་མི་རིགས་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་སོང་ཟེར། གཞན་མོ་རང་གི་ལས་རིགས་སོགས་ད་དུང་ཤེས་ཐུབ་མ་སོང ” ཞེས་བརྗོད་འདུག

 

འབྲེལ་ཡོད་གསར་འགྱུར།

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

༢༠༢༦/༠༤/༢༠
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦

མཆན། 11

  1. འཇིགས་མེད། says:
    ལོ་ 14 སྔོན།

    བུ་མེད་མེ་བསྲེགས་གཏོང་མཁན་དང་པོ་དེ་ལ་བུ་མེད་ཚོགས་པས་ཁྱབ་བསྒྲགས་ཞེ་དྲག་བྱས་སོང་ད་བུ་མེད་ཚོགས་པ་གོ་ཡག་མི་འདུག
    བུ་མེད་ཚོགས་པ་ཡོད་རེད་དམ

    Reply
  2. རིག་འཛིན། says:
    ལོ་ 14 སྔོན།

    དཔའ་མོ་ཁྱེད་ཀྱི་མཛད་རྗེས་ནི་ང་ཚོའི་གཟི་བརྗིད་ཡིན།
    དཔའ་མོ་ཁྱེད་ཀྱི་ཆོད་སེམས་ནི་ང་ཚོའི་རྒྱན་ཆ་ཡིན།
    དཔའ་མོ་ཁྱེད་ཀྱི་སྙིང་སྟོབས་ནི་ང་ཚོའི་དྲོད་ཁོལ་ཡིན།
    དཔའ་མོ་ཁྱེད་ཀྱི་རིགས་ཞེན་ནི་ང་ཚོའི་སྙིང་ནོར་ཡིན།
    ཀྱེ་མ་གངས་རི་མགོན་པོ།
    བདེན་མཐར་གསལ་བའི་སྐལ་བཟང་དེ་ནམ་ཡིན།
    གཞིས་བྱས་འཛོམས་བའི་དུས་སྟོན་དེ་ནམ་ཡིན།
    བདེ་སྐྱིད་རོལ་བའི་ཉིན་མོ་དེ་ནམ་ཡིན།
    མགོན་མེད་ཀྱི་གངས་ཕྲུག་ངས་དུས་ཚོད་དང་
    སྐར་ཆ་བགྲང་ནས་དུས་བཟང་དེ་འཆར་བའི་རེ་སྒུག་བྱེད་བཞིན་ཡོད།

    Reply
  3. ཤར་མདའ། says:
    ལོ་ 14 སྔོན།

    དཔའ་མོ་སྒྲོལ་དཀར་ལགས་ཀྱི་བོད་མི་རིགས་ཀྱི་ཐོག་ཏུ་དམར་གཞུང་གིས་མནར་གཅོད་བྱེད་ཀྱི་ཡོད་པ་མ་བཟོད་པར་འདི་ལྟར་རང་ལུས་མེ་བསྲེགས་གནང་པ་འདི་ནི་འགྲོ་བ་མིའི་རིགས་ལ་རང་དབང་དང་ཐོབ་ཐང་ཡོད་སྲིད་པ་ཞིག་ཡིན་ན་བོད་ཀྱི་བུད་མེད་ཚོས་བོད་རང་དབང་དང་བོད་མིའི་བདེ་སྡུག་གི་ཆེད་དུ་རང་ལུས་མེ་ལ་སྒྲོན་ནས་བདེན་དཔང་བྱེད་ཀྱི་ཡོད་པ་འདི་འཛམ་གླིང་གི་མི་མང་དྲང་བདེན་ལ་དགའ་མཁན་ཞིག་ཡིན་ན་བུད་མེད་ཀྱི་རང་དབང་གླེང་མཁན་ཞིག་ཡོད་ན་བོད་ཀྱི་བུད་མེད་ཚོས་བོད་ལ་རང་དབང་མེད་པར་བདེན་དོན་ཡིན་པར་རང་ལུས་མེ་བསྲེགས་གནང་པ་འདི་བོད་མི་རིགས་ལ་མནར་གཅོད་མྱོང་བཞིན་པ་མ་བཟོད་པས་བདེན་རྟགས་ཞིག་ཡིན་ཞིག་ཡིན་པ་ཧ་གོ་ན་བཟང་།

    Reply
  4. sangkye says:
    ལོ་ 14 སྔོན།

    དཔའ་མོ་སྒྲོལ་དཀར་མཚོ་སྐྱིད་ལ་གུས་འདུད་ཞུ་བཞིན་ཡོད། ཁོ་མོའི་པར་ཡག་པོ་ཅིག་བཏང་རོགས་གནང་གསར་འགོད་པ་ཚོའི་། པར་ངོ་ལ་ཁྲ་ཁྲ་བྱེད་དོན་དེ་ག་རེ་རེད། མིའི་ཕོང་པོ་རྡོ་ལ་གྱུར་ཟིན་པ་དེའི་པར་ངོ་ལ་དེ་འདྲ་བྱེད་ན་ག་རེ་ཕན་ཐོགས་གྱི་རེད་དམ། གསར་འགོད་པ་ཚོ་དེ་འདྲ་ཞེན་སྣང་དགོ་བ་མ་རེད།

    Reply
  5. སྐར་མདའ། says:
    ལོ་ 14 སྔོན།

    བཀའ་ཁྲིས་དོན་དམ་གྱི་བརྡ་ལན་སྤྲོད་འདོད་ན་མིག་མདུན་རང་དུ་སྤུངས་འདུག་པ་དེ་ག་རང་རེད། བརྒྱད་པའི་བརྒྱད་ཀྱི་དུས་དྲན་ཟེར་བ་དང་། སྐུ་དབང་རྩིས་སྤྲོད་ཀྱི་དུས་དྲན་ཟེར་བ་དེ་ཚོ་ལ་དགོས་པ་རྒྱུ་མཚན་ཅི་ཡང་མི་འདུག འདི་ལྟར་བོད་ནང་གི་དཔའ་རྒོད་ཚོའི་རླབས་ཆེན་གྱི་ཐུགས་རེ་དེ་དག་རྨི་ལམ་ངང་དུ་མ་འཇོག་རོགས།

    Reply
  6. ཟངས་རྡོ། says:
    ལོ་ 14 སྔོན།

    ད་ངོས་གནས་བོད་ཀྱི་དཔའ་བོ་དག་ལ་གུས་འདུད་ཞུ།
    གྲངས་ཅེ་མང་དུ་འགྲོ་བཞིན་འདུག་་་་་་་་་་བལྟས་ན་མིག་གི་མཐོང་རྒྱུ་ཞིག་དང་་ཉན་ན་རྣ་བས་ཚོར་རྒྱུའི་བོད་མི་རིགས་ཀྱི་མ་འོངས་པ་ཕན་ཆེན་ཞིག་ཐོག་པར་ཤོག་་་་་་

    Reply
  7. ཨ་འཇམ། says:
    ལོ་ 14 སྔོན།

    ཕ་འབྲུག་རྒྱལ་མཁར་དང་མ་སངས་རྒྱས་མཚོ་གཉིས་ཀྱི་བུ་མོ་སྒྲོལ་དཀར་མཚོ་རང་ལོ༢༦ ཡིན་ཞིང་། སྐྱེས་ཡུལ་གཙོད་རྟ་སར་ནས་ཡིན་པ་དང་། གཙོད་སྨད་ཀྱི་བར་མའི་ནང་མནའ་མར་ཕྱིན་ཏེ་བྱིས་པ་གཉིས་ཡོད།

    Reply
  8. ནད་པ says:
    ལོ་ 14 སྔོན།

    གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དྤྱོད་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག། ཨོཾ་མ་ཎི་པདྨེ་ཧུྃ།

    Reply
  9. བྱ་གཞུང་འཇམ་བྷེ says:
    ལོ་ 14 སྔོན།

    སྐྱེས་བ་ཀུན་ཏུ་ཡང་དག་བླ་མ་དང་།།  བྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཀྱང་།།  ས་དང་ལམ་ཀྱི་ཡོན་ཏན་རབ་རྫོགས་ནས།།  རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །

    Reply
  10. ནོར། says:
    ལོ་ 14 སྔོན།

    གནས་ཚུལ་ཡོང་སའི་བརྒྱུད་དེ་འབུར་ཏུ་གསལ་འདོན་མ་བྱས་ན་ལེགས་པར་སེམས། གནས་ཚུལ་ཡོང་ཁུངས་ཀྱི་བརྒྱུད་ལམ་མཐའ་དག་འཁེགས་རྒྱུར་ཉེན་ཁ་ཡོད་སྲིད་པ་རེད།

    Reply
  11. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    ཡང་བོད་པའི་བུད་མེད་ དཔའ་བོ་ཞིག་ཆས་སོང་ ངོ་མ་ཡིད་སྐྱོ་དགོས་པ་ཞིག་རེད འོན་ཀྱང་གནས་ཚུལ་ མཁོ་གཏོང་བའི་མིང་མི་འདུག་ བོད་མི་མེ་སྲེག་ན་ གནས་ཚུལ་མཁོ་གཏོང་བྱེད་རྒྱུར་གསར་འགོད་པ་དེ་ཚོ་ཞེད་སྣང་ཡོང་གི་ཡོད་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese