མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་པ་ཚོ་མཚན་མོ་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་གར་རྒྱ་གཞུང་གི་ཉེན་རྟོག་པས་རྒྱལ་རོང་མཚོ་བདུན་ཀིརྟི་དགོན་པའི་གྲྭ་བ་ཚོ་མཚན་མོ་འཛིན་བཟུང་གིས་གསར་ཁྲིད་ཆ་མེད་ཆཊ་ཀྱི་ཡོད་འདུག

དེ་རིང་གནས་ཚུལ་འབྱོར་གསལ་ལ། རྔ་པ་རང་སྐྱོང་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཞང་ད་ཐོག་སྡེ་བའི་གཞིམ་གོན་ཚང་གི་རང་ལོ་ ༡༩ ཡས་མས་ཡིན་པའི་གྲྭ་བློ་བཟང་སེང་གེ་དང་། ཚོ་བདུན་ཞང་གཙུག་ཚེ་སྡེ་བའི་མོས་སྐོས་གྱོ་ཚང་གི་རང་ལོ་ ༡༨ ཡས་མས་ཡིན་པའི་གྲྭ་ཡར་འཕེལ། ཚོ་བདུན་ཞང་མཁར་དགུ་སྡེ་བའི་རང་ལོ་ ༡༨ ཡས་མས་ཡིན་པའི་གྲྭ་རྣམ་སྲས་བཅས་འདི་ཟླའི་ཚེས་ ༡༢ ཉིན་གྱི་མཚན་མོ་དགོན་པའི་གྲྭ་ཤག་སོ་སོ་ནས་འཛིན་བཟུང་བྱས་ཏེ། ད་བར་གང་དུ་ཁྲིད་ཡོད་མེད་ཤེས་རྟོགས་ཐུབ་མེད།

ཁོང་གསུམ་ནི་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་པ་ཡིན་ཞིང་། བློ་བཟང་སེང་གེ་དང་རྣམ་སྲས་གཉིས་འཛིན་གྲྭ་ཁ་ཏོག་གོང་མ་དང་། ཡར་འཕེལ་འཛིན་གྲྭ་རྟགས་རིགས་ཡིན་འདུག

དེ་བཞིན་རྔ་པ་རང་སྐྱོང་ཁུལ་གྱི་བཙན་ལྷ་རྫོང་ནས་ཡིན་པའི་ཚོ་བདུན་ཀིརྟི་དགོན་པའི་རང་ལོ་ ༢༠ ཙམ་ཡིན་པའི་གྲྭ་ཐུབ་དབང་བསྟན་འཛིན་དང་། ཚོ་བདུན་ཞང་ད་ཐོག་སྡེ་བའི་སྤོད་ས་ཁེར་ཚང་གི་རང་ལོ་ ༢༢ ཡིན་པའི་་གྲྭ་ཨ་སྲུང་གཉིས་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་མཚན་མོའི་ཆུ་ཚོད་ ༤ ཙམ་ལ་གྲྭ་ཤག་སོ་སོ་ནས་འཛིན་བཟུང་བྱས་ཡོད་འདུག

དེ་སྔོན་ཚོ་བདུན་ཀིརྟི་དགོན་པའི་རྒྱལ་གཅེས་དཔའ་བོ་གྲྭ་བསྟན་པ་དར་རྒྱས་དང་འཆི་མེད་དཔལ་ལྡན། བློ་བཟང་བློ་འཛིན་བཅས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་སྐོར་ལ་ཟླ་འདིའི་ཚེས་ ༡༣ ཙམ་ནས་མཚན་མོ་རྟག་པར་ཚོ་བདུན་ཀིརྟི་དགོན་པའི་གྲྭ་ཤག་རེ་རེ་བཞིན་ཉེན་རྟོག་པ་མང་པོས་མེ་མདའ་སོགས་ལག་ཆ་འདྲ་མིན་བཟུང་ནས་ཉུལ་ཞིབ་བྱས་ཏེ་དགེ་འདུན་པ་རྣམས་ལ་གཅར་རྡུང་དང་འདྲི་རྩད་སྣ་ཚོགས་བྱེད་བཞིན་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། གོང་གསལ་དགེ་འདུན་པ་དེ་དག་དེ་སྔོན་རང་ལུས་མེར་བསྲེགས་བཏང་བའི་ལས་འགུལ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཡིན་ཚུལ་རྗོད་ཀྱི་ཡོད་འདུག

གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༡ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༢ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 1

  1. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    བྱ་བརྒྱའི་མིག་གི་ཚེར་མ།།
    འུ་ཐུགས་ཐན་སྐད་ཅན་པོ།།
    མུན་པའི་སྨག་རུམ་ཀློང་ན།།
    འདྲེ་དང་རྐུན་མ་བཞིན་དུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese