མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀུའུ་ལ་དུས་འགྱངས་སྲོག་ཁྲིམས་བཅད་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཀུའུ་ཁའེ་ལའེ་ལ་ལོ་ ༢ དུས་འགྱངས་ཀྱི་སྲོག་ཁྲིམས་དང་། ཀྲང་ཞའོ་ཅོན་ལ་ལོ་ ༩ བཙོན་འཇུག་ཁྲིམས་ཐག་བཅད་འདུག

དེ་རིང་ཕྱི་ཚེས་ ༢༠ ཉིན་པེ་ཅིན་དུས་ཚོད་ ༩ སྐར་མ་ ༤༠ ཙམ་གྱི་སྟེང་། རྒྱ་ནག་ཨན་ཧའེ་ཧི་ཧྥེ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་ཚོགས་ཏེ། ཀུའུ་ཁའེ་ལའེ་ལ་ལོ་ ༢ དུས་འགྱངས་ཀྱི་སྲོག་ཁྲིམས་དང་། ཀྲང་ཞའོ་ཅོན་ལ་ལོ་ ༩ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཀུའུ་ཁའེ་ལའེ་དང་ཀྲང་ཞའོ་ཅོན་གཉིས་ཀྱིས་ཀྱང་ཁྲིམས་ཆད་དང་ལེན་གྱི་རྣམ་འགྱུར་བསྟན་ཡོད་འདུག སྐབས་དེར་ཁྲིམས་རའི་ནང་གསར་འགོད་པ་གཅིག་ཀྱང་བཏང་མི་འདུག

ཀུའུ་ཁའེ་ལའེ་ལ་སྲོག་ཁྲིམས་བཅད་པ་ཕྱིར་བསྒྲགས་བྱས་ཡོད་ཀྱང་། ལོ་ ༢ ཀྱི་དུས་འགྱངས་བཟོས་ཡོད་སྟབས། རྒྱུན་ལྡན་གྱི་གནས་སྟངས་ལྟར་ན། ལོ་གཉིས་རྗེས་སུ་སྲོག་ཁྲིམས་ཕལ་ཆེ་བ་རང་བཞིན་གྱིས་ཚེ་བཙོན་གྱི་ངོ་བོར་བསྒྱུར་འགྲོ་བཞིན་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཀུའུ་ཁའེ་ལའེ་ཡི་གྱོད་དོན་ཞིབ་བཤེར་གྱི་ཁྲིམས་ར་ཚོགས་ཏེ། དུས་ཡུན་ཉིན་གཅིག་རིང་ཁྲིམས་བཤེར་བརྒྱུད་རིམ་ཆ་ཚང་མཇུག་སྒྲིལ་ཡོད་པ་རེད། པེ་ཅིན་གྱི་ཁྲིམས་ལུགས་ཆེད་མཁས་པ་རེ་འགས།  རྒྱལ་ཁབ་ཕྱི་ནང་གཉིས་སུ་འབྲེལ་བ་ཆགས་ཡོད་པའི་མི་གསོད་གྱོད་དོན་ཆེན་པོ་དེ་འདྲ་ཞིག་ཐག་གཅོད་ཐད། ཝང་ལིས་ཅོན་གཙོས་འབྲེལ་ཡོད་དཔང་མི་གཅིག་ཀྱང་ཁྲིམས་ར་འབོད་འགུགས་མ་བྱས་པ་དང་། དོགས་ཡོད་མི་སྣ་དང་ཞུ་གཏུགས་པ་ཕྱོགས་གཉིས་ཀྱི་ཁྲིམས་རྩོད་པར་ཕན་ཚུན་འདྲི་བརྩད་ཀྱང་བྱེད་མ་བཅུགས་པ་དེ་ནི་དོགས་གཞི་ཆེན་པོ་ཡིན་སྐོར་བརྗོད་འདུག 

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཟི་ཁྲོན་ཁྲིན་ཏུའུ་རུ་ཝང་ལིས་ཅོན་གྱི་གྱོད་དོན་ཁྲིམས་བཤེར་གྱི་ཁྲིམས་ར་ཚོགས་ཡོད་ཀྱང་། ཝང་གི་གནད་དོན་ནི་རྒྱལ་ཁབ་ངོ་ལོག་གྱི་གྱོད་དོན་ལ་ངོས་འཛིན་གྱིས།  རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པར་ཁ་གཡར་ཏེ། ཁྲིམས་བཤེར་གྱི་བརྒྱུད་རིམ་ཆ་ཚང་ཕྱོགས་ཡོངས་ནས་སྦས་གསང་བྱས་ཡོད་པ་རེད།

སྐབས་དོན་དབྱེ་ཞིབ་པ་དག་གིས། མ་གཞི་ཀུའུ་ཁའེ་ལའེ་ཡི་གྱོན་དོན་ནི་མི་གསོད་ཀྱི་ཉེས་དོན་རྐྱང་བ་ཞིག་མ་ཡིན་པར། དཔལ་འབྱོར་རུལ་སུངས་དང་ལྐོག་འབྲེལ་ནག་ཚོགས་ཀྱི་གྱོད་དོན་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད། ཝང་ལིས་ཅོན་དང་པའོ་ཞིས་ལའེ་གྱི་གནད་དོན་འབྲེལ་བ་དམ་པོ་ཡོད་ཀྱང་།  རྒྱ་གཞུང་ཁྲིམས་ཁང་གིས་གནད་དོན་དེ་དག་རྩད་གཅོད་གང་ཡང་མ་བྱས་པ་དེ་ནི། པའོ་ཞིས་ལའེ་ཡི་གནད་དོན་དང་འབྲེལ་བའི་རྒྱ་གཞུང་དཔོན་རིགས་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་ཁྲོད། ཧུའུ་ཅིན་ཐའོ་དང་ཝུན་ཅ་པའོ་གཉིས་ཀྱིས་ཅཱང་ཤོག་ཁག་གི་སྟོབས་ཤུགས་ལ་ཡ་ལན་ཆེན་པོ་སྤྲོད་ཐུབ་ཀྱིན་མེད་པ་མཚོན་ཡོད་སྐོར་བརྗོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་མཇུག་སྒྲིལ་སོང་།

༢༠༢༦/༠༧/༠༥
Lobga Rangzen
Mobile App

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

༢༠༢༦/༠༧/༠༤

མཆན། 1

  1. ཤིག། says:
    ལོ་ 14 སྔོན།

    རྒྱ་ནག་དམར་ཤོག་ཚོགས་པ་གང་འདྲ་ཡོད་མེད་ཕྱིར་གསལ་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese