མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཞི་ཅིན་ཕེན་འཚོལ་བ།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཡང་ཞི་ཅིན་ཕེན་དང་ཌན་མག་སྲིད་འཛིན་གཉིས་ཐུག་འཕྲད་བྱུང་མེད་པ་དེས། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྔར་ལྷག་དོགས་སློང་ཆེ་རུ་ཕྱིན་འདུག

ཁ་སང་ཕྱི་ཚེས་ ༡༠ ཉིན་ཌན་མག་སྲིད་འཛིན་སཱི་མའེ་ཌི་(Schmidt)རྒྱ་ནག་པེ་ཅིན་དུ་གཟིགས་སྐོར་ལ་འབྱོར་ཡོད་ཀྱང་། རྒྱ་གཞུང་གི་མ་འོངས་སྲིད་འཛིན་དུ་ངོས་འཛིན་བྱེད་བཞིན་པའི་ཞི་ཅིན་ཕེན་དང་ཐུག་འཕྲད་བྱུང་མེད་པ་དང་། ཉིན་དེར་རྒྱ་གཞུང་གི་གསར་ལམ་ཁག་གིས། འདས་པའི་ཉིན་བཅུའི་སྔོན་ལ་ཞི་ཅིན་ཕེན་གྱིས་པེ་ཅིན་དམར་ཤོག་སློབ་གྲྭའི་ནང་སྤེལ་བའི་གཏམ་བཤད་དེ་དྲ་རྒྱ་ཁག་གི་གཙོ་ངོས་སུ་དུས་མཉམ་དུ་བཏོན་ཡོད་པ་དེས། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་སྔར་ལས་ལྷག་པར་དོགས་སློང་ཤུགས་ཆེ་རུ་གྱུར་ཡོད་འདུག  

ཉིན་དེར་རྒྱལ་སྤྱིའི་གསར་འགོད་པ་དག་གིས། རྒྱ་གཞུང་ཕྱི་འབྲེལ་སྡེ་ཁག་གི་མགྲིན་ཚབ་པར་ཞི་ཅིན་ཕེན་གྱི་སྐོར་ཚ་འདྲི་བདའ་འདེད་བཏང་ཡོད་ཀྱང་། རྒྱ་གཞུང་མགྲིན་ཚབ་པས་ “ང་ཚོས་གནས་ཚུལ་ཡོངས་རྫོགས་ཚང་མར་གསལ་བཤད་བྱས་ཟིན་པ་ཡིན” ཞེས་བརྗོད་དེ། གསར་འགོད་པ་དག་གི་དྲི་བ་དང་ལེན་བྱས་མེད་པར་གཡོལ་ཡོད་འདུག   

དེ་བཞིན། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས། རྒྱ་གཞུང་སྲིད་འཛིན་གཞོན་པ་ཝང་ཀྲི་ཧྲན་གྱིས་ཌན་མག་སྲིད་འཛིན་ལ་སྣེ་ལེན་བྱས་ཡོད་པ་དང་། ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་རྒྱ་ནག་ཐེན་ཅིན་གྲོང་ཁྱེར་དུ་རྒྱ་གཞུང་སྲིད་བློན་ཝུན་ཇ་པའོ་དང་། ཕྱི་དྲོ་ས་གནས་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཀྲང་ཀོ་ལིན་བཅས་ལ་ཐུག་འཕྲད་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག

ཕྱི་ཚེས་ ༦ ཉིན་རྒྱ་གཞུང་ཕྱི་འབྲེལ་སྡེ་ཚན་གྱིས་རྒྱ་ནག་གསར་འགོད་ལྷན་ཚོགས་ལ་བརྡ་སྦྱོར་བཏང་སྟེ། ཞི་ཅིན་ཕེན་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཌན་མག་སྲིད་འཛིན་ལ་ཐུག་འཕྲད་བྱ་རྒྱུ་ཡིན་པ་བསྒྲགས་ཡོད་སྐོར་གྱི་གནས་ཚུལ་རྒྱལ་སྤྱིའི་གསར་ལམ་ཁག་མང་པོར་ཐོན་ཡོད་ཀྱང་། རྗེས་སུ་དེ་ནི་རྒྱ་གཞུང་མཐོ་རིམ་དཔོན་རིགས་ནང་ཁུལ་འཐབ་རྩོད་ཀྱི་འཁྲབ་སྟོན་ཞིག་ཡིན་པ་ཤེས་འདུག 

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཨ་རིའི་རྒྱལ་དོན་དྲུང་ཆེ་ཧེ་ལི་རའེ་དང་ཞི་ཅིན་ཕེན་གྱི་ཐུག་འཕྲད་གློ་བུར་ཕྱིར་འཐེན་བྱས་པ་དང་།  ཨ་རིའི་དཔོན་རིགས་ཤིག་གིས་ཞི་ཅིན་ཕེན་གྱི་ལུས་པོའི་ལྟག་རྒྱབ་ལ་རྨས་ཕོག་ཡོད་ཚུལ་བརྗོད་པར་བརྟེན། རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་ཤུགས་ཆེན་པོ་བསླེབས་པར་མ་ཟད། གནས་འཕྲིན་དྲ་རྒྱའི་སྟེང་ཞི་ཅིན་ཕེན་དང་འབྲེལ་བའི་བཤད་ཡམས་དང་དོགས་སློང་སྣ་ཚོགས་ཁྱབ་མགོ་བརྩམས་ཡོད་ཀྱང་། ད་ལྟའི་བར་རྒྱ་གཞུང་གིས་དེའི་ཐད་གསལ་བཤད་གང་ཡང་བྱས་མེད་པ་རེད།

ཕྱི་ཚེས་ ༩ ཉིན་པའོ་ཞོན་དྲ་བའི་སྟེང་། ཞི་ཅིན་ཕེན་དང་ཧི་ཀོ་ཆང་གཉིས་ཕྱི་ཚེས་ ༤ དགོང་མོ་སྔ་ཕྱིར་རླངས་འཁོར་གྱི་དོན་རྐྱེན་བྱུང་ཡོད་པ་དང་། ཧི་ཀོ་ཆང་ལ་རྨས་ལྕི་མོ་ཕོག་སྟེ་སྐྱོབ་ཐབས་མེད་པའི་གནས་སྟངས་ལ་གྱར་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་ཀྱང་། རྗེས་སུ་གནས་ཚུལ་དེ་བསུབ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་པེ་ཅིན་གྱིས་དམར་ཤོག་སློབ་གྲྭའི་ནང་གཏམ་བཤད་སྤེལ་བའི་རྗེས། ད་ལྟའི་བར་གྱི་ཉིན་བཅུ་ལྷག་གི་རིང་གར་སོང་ཆ་མེད་དུ་གྱུར་བ་མ་ཟད། སྔ་ཕྱིར་གཏན་ཁེལ་ཟིན་པའི་ཕྱི་རྒྱལ་གནད་ཡོད་དཔོན་རིགས་ཚོར་ཐུག་འཕྲད་ཀྱི་ལས་རིམ་ཁག་གསུམ་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་རེད།

ད་ལྟ་རྒྱལ་སྤྱིའི་གནས་འཕྲིན་དྲ་ལམ་ཁག་ཏུ་ཞི་ཅིན་ཕེན་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་དང་འབྲེལ་ཏེ། རྒྱ་གཞུང་དམར་ཤོག་དཔོན་རིགས་ནང་ཁུལ་གྱི་ཁྱོ་ཤི་ང་གསོན་གྱི་འཐབ་རྩོད་གནས་སྟངས་ཐད་དོགས་སློང་དང་། བཤད་ཡམས་སྣ་ཚོགས་ཤིག་ཁྱབ་ཀྱིན་ཡོད་པའི་ཁྲོད། “ཞི་ཅིན་ཕེན་དོན་དངོས་གང་དུ་ཡོད་དམ། རྒྱ་དམར་ག་དུས་མགོ་རྟིང་ལོག་རྒྱུ་ཡིན་ནམ།” ཞེས་པའི་དྲི་བ་དེ་གཉིས་ཀྱི་ལན་ནི། རྒྱ་ནག་ལ་དོ་སྣང་བྱེད་མཁན་ཚོས་འཚོལ་གྱིན་པའི་ལྐོག་གྱུར་གྱི་གནས་ཚུལ་ཞིག་ཆགས་ཡོད་འདུག  

གསར་འགོད་པ། ཚེ་རིང་རྒྱལ།     

མཆན། 4

  1. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    དིང་སང་གི་རྒྱ་གཞུང་ལ། ཀླད་རྙིང་གི་དམག་ཁྲིམས་ཅིག་མ་གཏོགས། དེང་དུས་ཀྱི་མི་མང་ལ་དགོས་པའི་སྲིད་ཁྲིམས་ཅིག་མེད་པ་འདྲ། ཞི་ཅིན་ཕེན་བརླག་སྟངས་ཀྱང་། ཤོད་མི་ཆོག་པ་འདི་འདྲའི་བགད་མོ་ཤོར་དགོས་པ་ཅིག་མི་འདུག་གམ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    ཧ་ཧ་ཧ།
    ་་་་། བཤད་ཡམས་སྣ་ཚོགས་ཤིག་ཁྱབ་ཀྱིན་ཡོད་པའི་ཁྲོད། “ཞི་ཅིན་ཕེན་དོན་དངོས་གང་དུ་ཡོད་དམ། རྒྱ་དམར་ག་དུས་མགོ་རྟིང་ལོག་རྒྱུ་ཡིན་ནམ།” ཞེས་པའི་དྲི་བ་དེ་གཉིས་ཀྱི་ལན་ནི། རྒྱ་ནག་ལ་དོ་སྣང་བྱེད་མཁན་ཚོས་འཚོལ་གྱིན་པའི་ལྐོག་གྱུར་གྱི་གནས་ཚུལ་ཞིག་ཆགས་ཡོད་འདུག ཟེར། ཧ་ཧ་ཧ།

    Reply
  3. ཡར་ཀླུང་ལྷ་རྗེ། says:
    ལོ་ 10 སྔོན།

    རྒྱ་གཞུང་གི་འཁྲབ་སྟོན་ཡིན་པ་ལས་གཞན་གནས་ཚུལ་འགྱུར་བ་གང་ཡང་ཡོང་གི་མེད་། དཔེར་ན་དེ་སྔོན་ཅང་གར་སོང་ཆ་མེད་འགྱུར་ཁུལ་བྱས་ཕྱིས་སུ་མངོན་རྒྱུ་བྱུང་བ་ལྟར་ཡིན། དེར་སྒྲོ་བཏགས་གང་ཡང་བྱེད་དགོས་དོན་མེད།

    Reply
  4. སྐར་མདའ། says:
    ལོ་ 10 སྔོན།

    རྒྱ་གཞུང་གི་ཆེས་མཐོའི་དཔོན་རིགས་གསུམ་གྱི་པཪ་དེར་ལྟ་དུས། ཁོ་ཚོ་རེ་རེའི་སེམས་ཁོང་ན་ཇི་འདྲའི་གདུག་ཅིང་གནག་པའི་གསང་བ་ལྐོག་གྱུར་རེ་སྦས་ཡོད་ཨང་བསམ་ཡོང་། དེ་ཚོད་ཀྱིས་ཁོ་ཚོ་རེ་རེའི་བཅོས་མའི་གདོང་མདོག་དེས་ཀྱང་རྣམ་རྟོག་ངན་པ་རེ་བསླང་ཡོང་གི་ཡ་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist