མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན་དབུ་མའི་བར་གྱི་སྡང་ཟུག་དེ་ཐབས་སྐྱོ་བོ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp


དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་གཞི་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག
ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འཛིན་སྐྱོང་དོ་དམ་པ་དང་དྷ་ས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོཊ་གཙོ་གེ་བ་ཚང་ངག་དབང་ཐར་པ་ལཊ་སུ་བཅར་འདྲི་ཞུས།

 

དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བོད་གཞུང་མང་གཉིས་ཀྱིས་གདོང་ལེན་ཇི་ལྟར་བྱ་དགོས་པར་མཐོང་གི་ཡོད་དམ།

ལན། སྤྱིར་བོད་གཞུང་དམངས་གཉིས་ཀའི་ངོས་ནས་གང་ཐུབ་གནང་ཡོད་པ་རེད། བོད་གཞུང་གི་ངོས་ནས་བོད་ནང་རང་ལུས་མེར་བསྲེཊ་གཏོང་བའི་གནས་ཚུལ་ནམ་བྱུང་ལ་གཞུང་འབྲེལ་གུང་གསེང་བཞག་སྟེ། ཞལ་འདོན་དང་སྨོན་ལམ་སོཊ་གསུང་གི་ཡོད་པ་རེད། བཀའ་སྤྱི་གཉིས་ཀྱིས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་འབོད་སྐུལ་གནང་བཞིན་པ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཀྱིས་བདེན་པའི་མེ་ལྕེའི་ལས་འགུལ་དེ་ཡང་འགྲོ་བཞིན་པ་རེད། གཙོ་བོ་ལས་འགུལ་ག་རེ་སྤེལ་ཡང་རང་གཞུང་བཀའ་ཤག་གི་ལམ་སྟོན་གནང་བ་བཞིན་ཐབས་ལམ་དང་འཆར་གཞི་ཡོད་པ། ཆེ་མཐོང་དང་ལྡན་པའི་སྒོ་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོར་མཐོང་གི་ཡོད། གཞུང་དམངས་གཉིས་རྡོག་རྩ་གཅིག་ཏུ་བསྒྲིལ་དགོས་རྒྱུ་དེ་གནད་ཀྱི་དང་པོ་རེད། ང་རང་གིས་མི་མང་གི་ཁ་ཕྱོཊ་དང་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་དངོས་གནས་ཧ་ལས་པའི་ཡག་པོ་མཐོང་གི་འདུག དེང་སྐབས་རྒྱལ་སྤྱིའི་ཁྱོན་ནས་ང་ཚོར་མཐོང་སྣང་ཡག་པོ་ཡོད་པའི་གོ་སྐབས་འདི་དམ་འཛིན་བྱས་ཏེ། གཞུང་དམངས་གཉིས་ཀས་ལས་འགུལ་སྔར་ལས་ཤུགས་ཆེ་ཙམ་སྤེལ་དགོས་ཀྱི་འདུག ལས་འགུལ་མགོ་ཁྲིད་མཁན་ཚོས་ཀྱང་ཕར་ཕྱོཊ་ཀྱི་གནས་སྟངས་ཤེས་པའི་ཐོག་སྐད་ཆ་བཤད། མགོ་ཁྲིད་བྱས་ནས་དངོས་གནས་ཡག་པོ་ཡོང་གི་རེད། དེ་མིན། དེང་སྐབས་མིང་ཡོད་པའི་སྤྱི་ཚོཊ་ཐོག་ལས་ཀ་བྱེད་མཁན་ཁ་ཤས་ཀྱིས་ཕར་ཕྱོཊ་ཀྱི་གནས་སྟངས་ལ་བསམ་བློ་མ་བཏང་བར། ལམ་དབུ་མ་དང་རང་བཙན་གཉིས་བར་ཕ་ཤ་མ་གྱོད་ཡོད་པ་ལྟ་བུའི་སྡང་ཟུག་བྱེད་ཀྱི་ཡོད་པ་དེ་ཐབས་སྐྱོ་བོ་ཞེ་དྲག་རེད། དེང་སྐབས་ཁ་ནས་རྡོག་རྩ་གཅིག་སྒྲིལ་དགོས་རེད་ལབ་མཁན་དེ་ཚོས། དོན་ལ་དབུ་མ་དང་རང་བཙན་གཉིས་ཀྱི་ལྟ་བ་མཁྲེཊ་འཛིན་བྱས་ཏེ། སྤྱི་ཚོཊ་ནང་བརྡབ་གསིག་མང་པོ་འགྲོ་བཞིན་པའི་གནས་སྟངས་མ་ཡིན་པར། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། བོད་མི་གཞིས་བྱེས་ལྷན་འཛོམས། བོད་སྤྱི་པའི་རྩ་དོན་བཅས་ཀྱི་ཆེད། ལས་འགུལ་སྤེལ་མཁན་སུ་བྱུང་ཡང་ཚང་མ་མཉམ་ཞུཊ་ཀྱིས་ཕན་ཚུན་གུ་ཡངས་བྱས་ན་ཡག་པོ་འདུག  

དྲི་བ། རྒྱལ་ཡོངས་ཚོཊ་ཆེན་དང་དམིཊ་བསལ་ཚོཊ་ཆེན་རིམ་པའི་སྐབས་ཀྱི་གྲོས་ཆོད་ཁག་ལ་གྲུབ་འབྲས་ཐོན་ཡོད་མེད་ཐོག་གཟིཊ་ཚུལ་ག་རེ་ཡོད་པ་དང་། ཐེངས་འདིའི་ཚོཊ་ཆེན་ཐོག་གྲོས་ཆོད་མང་པོ་ཞིག་ཡོང་གི་རེད། དེ་དག་ལག་ལེན་བསྟར་ཕྱོཊ་ཐོག་དགོངས་ཚུལ་ག་རེ་ཡོད་དམ།

ལན། ཚོཊ་ཆེན་དེ་འཚོཊ་ཐུབ་པ་ཙམ་གྱིས་རང་བཞིན་གྱིས་རྒྱལ་སྤྱི་དང་རྒྱ་ནག་ནང་དོ་སྣང་ཆེན་པོ་སླེབས་ཀྱི་ཡོད་སྟབས། ལས་འགུལ་རྒྱ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཚོཊ་ཆེན་ཐོག་མི་ལྔ་བརྒྱ་དྲུག་བརྒྱ་རེ་ཡོང་གི་ཡོད་དུས་མི་ཚང་མའི་བསམ་ཚུལ་ལག་བསྟར་བྱ་རྒྱུ་ཁག་པོ་ཡིན་རུང་། བསམ་ཚུལ་མང་ཆེ་བ་ལག་བསྟར་བྱེད་བཞིན་པ་རྐྱང་རེད། འོན་ཀྱང་། དམིཊ་བསལ་ཚོཊ་ཆེན་ཐེངས་དང་པོའི་སྐབས་ཡིན་ན། མཐའ་མའི་ཐག་ཆོད་ཀྱི་མིང་ལ་ “རྒྱབ་གཉེར་སྙན་ཐོ་” ཞེས་བརྗོད་ཡོང་སྐབས། རང་བཞིན་གྱིས་ནུས་པ་མེད་པ་ལྟ་བུ་ཞིག་ཏུ་གྱུར་འགྲོ་གི་ཡོད། ཐག་གཅོད་དམ་ཡང་ན་གྲོས་ཆོད་ལྟ་བུ་བརྗོད་ཡོད་ན། རང་བཞིན་གྱིས་ལག་བསྟར་མི་བྱེད་ཐབས་མེད་ཀྱི་ནུས་པ་ཞིག་ཡོད། གཞན་རྒྱབ་གཉེར་ནི་རྒྱབ་གཉེར་རང་རེད། དམིཊ་བསལ་ལག་བསྟར་བྱས་ཀྱང་འགྲིག་གི་རེད་ལ། ལག་བསྟར་མ་བྱས་ཀྱང་འགྲིག་གི་རེད། དེ་ཡིན་དུས་ད་རེས་དམིཊ་བསལ་ཚོཊ་ཆེན་གྱི་མཐའ་བསྡོམས་དེ་ཐག་གཅོད་ཅེས་བརྗོད་ན་འོས་འཚམ་ཞིག་ཆཊ་ཡོད། གཞན་སྔོན་མ་ཚོཊ་པའི་རྒྱལ་ཡོངས་ཚོཊ་ཆེན་དང་དམིཊ་བསལ་ཚོཊ་ཆེན་རིམ་པའི་སྐབས་ཡིག་ཆ་མང་པོ་ཞིག་བཞག་པ་ཁག་ལ། གྲུབ་འབྲས་ཐོན་ཡོད་པ་མ་རེད་ཟེར་ནས་ཁ་ཚོན་བཅད་དེ་ཞུ་ཐུབ་ཀྱི་མི་འདུག་ཀྱང་། ཚོཊ་ཞུཊ་པ་ཚོར་མི་མང་གི་རེ་བ་བཅོལ་བ་ནང་བཞིན་བྱུང་མེད་པ་དངོས་ཡོད་གནས་ཚུལ་ཪེད། ཐེངས་འདིའི་ཚོཊ་ཆེན་ཡག་པོ་ཡོང་བའི་ཡིད་ཆེས་དང་རེ་བ་བྱེད་ཀྱི་ཡོད། ཚོཊ་མི་ཚང་མ་ཤེས་འཇོན་གཉིས་ལྡན་དང་། སྤྱི་ཚོཊ་ནང་འགན་འཁུར་མཁན། དེ་བཞིན་ཚོཊ་མི་མང་ཆེ་བ་འདས་པའི་ ༢༠༠༨ ལོའི་དམིཊ་བསལ་ཚོཊ་ཆེན་དང་། ༢༠༡༠ ལོར་ལྷོ་ཕྱོཊ་སུ་ཚོཊ་པའི་རྒྱལ་ཡོངས་ཚོཊ་ཆེན་གཉིས་ཀ་མཐོང་མྱོང་མཁན། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་ནས་ཉམས་མྱོང་ཅན་གྱི་མི་སྣ་དང་མཁས་དབང་། ལས་འགུལ་བ་སྐད་གྲཊ་ཅན་རྐྱང་སླེབས་ཡོང་གི་ཡོད། མང་ཆེ་བས་རྒྱལ་ཡོངས་ཚོཊ་ཆེན་དང་དམིཊ་བསལ་ཚོཊ་ཆེན་གཉིས་ལས་བློ་སྐྱེད་མང་པོ་རག་ཡོད་དུས། ཚོཊ་ཆེན་འདི་ཏན་ཏན་ཡག་པོ་ཞིག་ཡོང་གི་རེད་བསམ་གྱི་འདུག

དྲི་བ། ལོ་སྔ་ཕྱིར་བོད་ནས་བཙན་བྱོལ་དུ་ཡོང་མཁན་ཇེ་ཉུང་དང་། ཕྱིར་བོད་དུ་ལོག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ཐད་དགོངས་ཚུལ་ག་རེ་ཡོད་དམ།

ལན། བཙན་བྱོལ་དུ་ཡོང་མཁན་ཉུང་དུ་འགྲོ་བཞིན་པ་དངོས་ཡོད་གནས་ཚུལ་རེད། དེ་ནི་རྒྱ་གཞུང་གི་ཧི་མ་ལ་ཡའི་ས་མཚམས་ཚང་མར་སྲུང་རྒྱ་དམ་པོ་བྱས་པ་མ་ཟད། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་གྲོང་ཁྱེར་ཁག་ཏུ་དམ་དྲག་ཆེན་པོ་བྱས་རྐྱེན། བོད་ནས་གསར་འབྱོར་བ་མང་པོ་ཡོང་ཐུབ་ཀྱི་མེད་པ་རེད། ཕྱིར་བོད་དུ་ལོག་མཁན་མང་པོ་ཡོད་པ་དང་། ཕྱི་རྒྱལ་ཁག་ཏུ་འགྲོ་མཁན་ཡང་མང་པོ་རེད། ཁོང་ཚོ་ཐོག་མར་བཙན་བྱོལ་ནང་ཡོང་། དེ་ནས་སློབ་སྦྱོང་གི་གོ་སྐབས་ཐོབ། རྒྱལ་སྤྱི་དང་བོད་དོན་གྱི་གནས་སྟངས་གང་འཚམ་ཤེས་རྟོཊ་བྱུང་རྗེས་ཕྱིར་བོད་ལ་ལོག་ཐུབ་ན་ཧ་ཅང་ཡག་པོ་རེད། བོད་གཞུང་དང་༸གོང་ས་མཆོག་གི་དགོངས་གཞི་ཡང་དེ་རེད། གང་ལྟར་གཞིས་བྱེས་གཉིས་ཀྱི་བར་འབྲེལ་བ་དང་། གནས་ཚུལ་ཤེས་རྟོཊ་མང་དུ་སོང་ན་བོད་དོན་འཐབ་རྩོད་ལ་ཕན་ཐོཊ་ཆེན་པོ་ཡོང་གི་རེད།

གསར་འགོད་པ། དཔལ་ལྡན།

༼  བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༤ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༦ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

མཆན། 2

  1. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    རྡོག་རྩ་གཅིག་སྒྲིལ་ཞེས་པའི་ཚིག་དེ་དེང་སྐབས་བརྗོད་མཁན་ཆབ་སྲིད་པ་མང་པོ་ཡོང་བཞིན་འདུག་ན་དང་པོ་བརྗོད་རང་ཉིད་དང་རང་ཉིད་ཀྱི་ཆོལ་ཁའི་ཡོད་མེད་བསམ་བློ་གཏོང་དགོས་པ་ལས་སྤྱི་དམངས་ལ་ཅི་མ་སྦོམ་སྐད་ཆ་བཤད་ན་ཡག་པོ་མེད་ལ་དངོས་ཡོད་གནས་སྟངས་ལ་མཐུན་གྱི་མེད་དེ་ཚོར་ཆབ་སྲིད་ཚོས་ཡིད་ཟབ་དགོས་པར་མཐོང་། ད་ཆ་བཙན་བྱོལ་མི་དམངས་བརྒྱ་ཆ་དགུ་དགུ་བརྒྱད་ནི་གཅིག་སྒྲིལ་དམ་ཟབ་ཡོད་ཡོད་པ་རེད་དོ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་་་།
    དེང་སྐབས་ཁ་ནས་རྡོག་རྩ་གཅིག་སྒྲིལ་དགོས་རེད་ལབ་མཁན་དེ་ཚོས། དོན་ལ་དབུ་མ་དང་རང་བཙན་གཉིས་ཀྱི་ལྟ་བ་མཁྲེཊ་འཛིན་བྱས་ཏེ། སྤྱི་ཚོཊ་ནང་བརྡབ་གསིག་མང་པོ་འགྲོ་བཞིན་པའི་གནས་སྟངས་མ་ཡིན་པར། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། བོད་མི་གཞིས་བྱེས་ལྷན་འཛོམས། བོད་སྤྱི་པའི་རྩ་དོན་བཅས་ཀྱི་ཆེད། ལས་འགུལ་སྤེལ་མཁན་སུ་བྱུང་ཡང་ཚང་མ་མཉམ་ཞུཊ་ཀྱིས་ཕན་ཚུན་གུ་ཡངས་བྱས་ན་ཡག་པོ་འདུག ་་་་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese