མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་འདི་ལྟར་ལྟད་མོར་བལྟས་བསྡད་ན་སེམས་ཀྱིས་བཟོད་ཐབས་མི་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp


དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་གཞི་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག
མཱ་སུ་རི་གཏན་སློབ་ཀྱི་བོད་དགེ་བུད་མེད་རྩོམ་པ་པོ་བསམ་གླིང་ཚེ་རིང་ལྷ་མོ་ལགས་སུ་ཡིག་ཐོག་གི་དྲི་བ་ཕུལ་བར་ལན་འདེབས་གནང་།  

དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐད་བོད་གཞུང་མང་གཉིས་ཀྱིས་གདོང་ལེན་ཇི་ལྟར་བྱ་དགོས།

ལན། གཙོ་ཆེ་ཤོས་བོད་ནང་གི་བོད་མི་ཚོས་བཙན་བྱོལ་བོད་གཞུང་ངམ་ཡང་ན་བཙན་བྱོལ་སྤྱི་ཚོགས་ལ་རྒྱབ་རྟེན་དང་ཡིད་ཆེས། རེ་བ་ཆེན་པོ་ཞིག་བཅོལ་ཡོད་པ་བཤད་མ་དགོས་པ་རེད།  འོན་ཀྱང་དེ་༧ནོར་གོང་ས་མཆོག་དང་བོད་གཞུང་གིས་ཁོང་ཚོར་སྐུལ་སློང་བྱས་པ་ཞིག་རྩ་ནས་མ་རེད། ཁོང་རྣམས་པའི་བློས་གཏོང་གི་ཚད་གཞི་དེ་ཧ་ཅང་གི་མཐོན་པོ་རེད་ལ།  འཚེ་བ་མེད་པའི་ལས་འགུལ་དང་རང་ཉིད་བློས་གཏོང་ཆེན་པོ་དེ་འདྲ་ད་བར་འཛམ་གླིང་གི་ཡུལ་གྲུ་གཞན་གང་དུའང་བྱུང་མེད། བོད་མིའི་རང་ལུས་མེར་བསྲེགས་ལས་འགུལ་དེ་འཛམ་གླིང་ཐོག་གི་མེར་བསྲེགས་ངོ་རྒོལ་དག་ལས་གྲངས་འབོར་མང་ཤོས་དེ་ཆགས་ཡོད། གནས་ཚུལ་དེའི་ཐོག་འཛམ་གླིང་གང་སར་ཡོད་པའི་བཙན་བྱོལ་བོད་མི་ཡོད་དོ་ཅོག་གིས་རང་གི་ཁེ་ཕན་བློས་གཏོང་གིས་ལས་འགུལ་གནད་དུ་སྨིན་པ་མུ་ནས་མུ་མཐུད་དེ་སྤེལ་དགོས་པ་རེད་སྙམ།

བཙན་བྱོལ་རང་དབང་ལུང་པར་སྡོད་མཁན་ཚོས་ལས་འགུལ་སྤེལ་བར་དོན་སྙིང་མཐོང་གི་མེད་པ་དང་། གཞན་གྱིས་ལས་འགུལ་སྤེལ་བར་རྒྱབ་སྐྱོར་ཡང་མི་བྱེད་པར། འབྱུང་འགྱུར་རྒྱ་ནག་གི་འགྱུར་ལྡོག་ཅིག་ལ་སྒུག་བསྡད་རྒྱུ་ཡིན་ན། བོད་ནང་གི་རླབས་ཆེན་གྱི་བྱ་འགུལ་དེ་མཚམས་འཇོགས་རོགས་ཞེས་ཞུ་བ་འཐེན་དགོས་པ་རེད། ད་དུང་རང་མི་རིགས་ཀྱི་ངོ་བོ་མ་བརླགས་པའི་ཐོག་ནས་འབྱུང་འགྱུར་གོ་སྐབས་བཟང་པོ་ཞིག་མ་ཤར་བར་ངང་སྒུག་དགོས་པའི་ཞུ་བ་འཐེན་དགོས་པ་རེད། གཞུང་དང་གནད་ཡོད་མི་སྣ་ཚོས་ཞལ་གསལ་བོས་ཐོག་ནས་འབོད་སྐུལ་ནན་གྱིས་ཞུ་དགོས་པ་རེད། ང་ཚོས་འདི་ལྟར་ལྟད་མོར་བལྟས་བསྡད་ན་སེམས་ཀྱིས་བཟོད་ཐབས་མི་འདུག

དྲི་བ། བོད་ནང་གི་ཛ་དྲག་གི་གནས་སྟངས་དང་རྒྱ་ནག་གི་རྣམ་འགྱུར་བཅས་ལ་ཞུགས་ཏེ་བོད་མི་ཚོས་སྲིད་བྱུས་འཛིན་ཕྱོགས་དང་ལས་འགུལ་སྤེལ་ཕྱོགས་ལ་བསྐྱར་ཞིབ་གང་འདྲ་གནང་དགོས་པར་མཐོང་ཡོད་དམ།

ལན། བསྐྱར་ཞིབ་དང་ཞིབ་འཇུག་ཅེས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད།  དུས་ནས་དུས་སུ་བསྐྱར་ཞིབ་དང་ཞིབ་འཇུག་བྱ་དགོས་པ་རེད། ཡིན་ནའང་གཞུང་གི་སྲིད་བྱུས་ལངས་ཕྱོགས་ཤིག་ལ་ཤིག་ལ་འགྱུར་ལྡོག་གཏོང་དགོས་དང་མི་དགོས་དེ་ལས་སླ་པོ་ཞིག་མ་རེད། ལས་དོན་བྱེད་ཕྱོགས་དང་ལས་འགུལ་སྤེལ་སྟངས། དེ་བཞིན་འབྲེལ་ལམ་འཛུགས་ཕྱོགས་སོགས་བྱེ་བྲག་པའི་ཐོག་འགྱུར་བ་གཏོང་དགོས་སར་གཏོང་དགོས་པ་རེད་ལ། གཏོང་མི་དགོས་སར་ངེས་པར་གཏོང་དགོས་དོན་ཡང་ཡོད་པ་མ་རེད། ཡང་རྩ་བའི་སྒྲོམ་གཞིའི་ཐོག་ལ་འགྱུར་ལྡོག་གཏོང་མི་དགོས་ཀྱང་། ཡན་ལག་གི་གནས་ཚུལ་འགའ་རེ་ཐོག་འགྱུར་ལྡོག་གཏོང་དགོས་པ་དང་ཚོན་རྩི་མི་འདྲ་བ་བྱུགས་དགོས་པ་དེ་འདྲ་ཡང་ཡོང་སྲིད་པ་རེད།

དྲི་བ། བོད་ནང་དུ་རང་ལུས་མེར་བསྲེགས་གཏོང་མཁན་ཕལ་ཆེ་བས་༧གོང་ས་མཆོག་བོད་དུ་ཕེབས་དགོས་པ་དང་བོད་ལ་རང་དབང་དགོས་པའི་འབོད་སྒྲ་བསྒྲགས་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད།

ལན།  བོད་ནང་གི་བོད་མི་ཚོས་རང་གི་རྩ་བའི་བླ་མ། འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧གོང་ས་མཆོག་བོད་ལ་ཕེབས་རྒྱུར་ཉིན་སྒུག་མཚན་སྒུག་བྱས་ཡོད་པ་རེད་ལ། མགོན་པོ་གང་གི་ཐུགས་བཞེད་གང་ཡོད་དེ་འགྲུབ་ན་དེ་གས་བློ་ཡིད་ཚིམ་གྱི་ཡོད་པ་རེད། ང་ཚོ་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་འཛིན་སྟངས་ཀྱང་དེ་ག་རང་རེད། དེ་ལས་ལྷག་ཅིག་ལ་བསམ་བློ་གཏོང་གི་ཡོད་པ་མ་རེད། འོན་ཀྱང་ཕར་ཕྱོགས་རྒྱ་དམར་གཞུང་ནས་ང་ཚོས་རང་བཙན་བློས་གཏོང་དང་བསྟུན་མཁས་ཅི་ཙམ་བྱས་ཀྱང་ཡ་ལན་སྤྲོད་ཀྱི་མེད་པ་མ་ཟད། ལོ་ནས་ལོ་བསྟུད་དེོ་ཁྱད་གསོད་བྱེད་ཀྱི་ཡོད། བོད་ཀྱི་གནད་དོན་སེལ་དགོས་པ་ཞིག་ལ་བསམ་བློ་འཁོར་གྱི་མེད་ལ། ཕྱོགས་གཞན་ནས་ཁོང་ཚོར་བོད་རྒྱའི་བཀའ་རྙོག་སེལ་བའི་སྤོབས་པ་དང་བློ་ཁོག་ཀྱང་འདང་གི་ཡོད་པ་མ་རེད།

དེར་བརྟེན། ཁོ་པ་ཚོས་ཉི་མ་གང་འཁྱོལ་བྱས་ཏེ་རང་ཉིད་ཀྱི་རྐུབ་སྟེགས་འཛིན་ཡུན་རིང་ཆབ་སྲིད་ལ་གཡོ་འཁྱོམ་ཆེན་པོ་གཏོང་འདོད་བྱེད་ཀྱི་ཡོད་པ་མ་རེད། དུས་རྒྱུན་དཔལ་འབྱོར་ལྷུག་གཏོང་ཟེར་བའི་སྲིད་ཇུས་དེ་གཅིག་པུ་ཁ་ལ་འཁྱེར་སྡོད་པ་ཙམ་ལས་གནད་དོན་གཞན་པའི་ཐོག་གོམ་པ་གཅིག་ཀྱང་སྤོ་ཕོད་ཀྱི་ཡོད་པ་མ་རེད། ཐེངས་འདིའི་ང་ཚོའི་དམིགས་བསལ་ཚོགས་ཆེན་སྟེང་རྒྱ་ནག་གཞུང་གི་རྣམ་འགྱུར་དང་། བོད་ལ་འཛིན་པའི་སྲིད་ཇུས་སོགས་ཀྱི་ཐོག་ངོས་འཛིན་མ་ནོར་བ་ཞིག་དང་། གནས་ཚུལ་འགའ་རེ་ཁ་གསལ་བོ་བཟོ་དགོས་ཀྱི་འདུག

ང་ཚོས་ལས་དོན་འདི་བྱས་ན་བོད་ལ་རང་དབང་ཡོད་པ་ཞིག་དང་།  ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐུབ་ཀྱི་རེད་ཅེས་པའི་བྱ་བ་ཞིག་ང་ཚོ་ཁོ་ནས་བསྒྲུབ་ཐུབ་པ་ཞིག་མ་རེད། ལག་པ་ཡ་གཅིག་གིས་ཟློག་པ་མི་ཡོང་བའི་དཔེ་ལྟར་རེད། དེ་ཟུག་བཅག་གི་སྨན་ཟས་པ་ལྟ་བུའི་ལས་སླ་པོ་ཞིག་མ་རེད། ལངས་ཕྱོགས་ཐད་ནས་བཤད་ན་གཞུང་དམངས་གཉིས་ཐོག་ནས་ཐབས་ལམ་འདྲ་མིན་འཚོལ་དགོས་པ་རེད་སྙམ། བཀའ་ཁྲི་མཆོག་གིས་གསུངས་པ་ལྟར།  གཞུང་ཕྱོགས་ནས་བྱེད་མ་ཐུབ་པའི་ལས་འགུལ་མང་པོ་ཞིག་ཚོགས་པ་ཁག་ནས་སྤེལ་ཐུབ་ཀྱི་ཡོད་པ་རེད།  དེས་ན་ང་ཚོས་ཚོགས་པ་ཁག་གི་ལས་འགུལ་སྤེལ་བར་རྒྱབ་སྐྱོར་ངེས་པར་དུ་བྱ་དགོས་ཀྱི་འདུག ༸གོང་ས་མཆོག་ནས་མདང་སྐྱེས་ཀྱི་བྱིས་པ་ཡིན་ནའང་བོད་ཀྱི་རྩ་དོན་ལ་འགན་ཁྲི་ཡོད་གསུངས་པའི་དོན་དམ་གྱི་བཀའ་སློབ་དག་ཇི་མ་ཇི་བཞིན་སློབ་སྦྱོང་གནང་དགོས་པ་ལས་འུར་འདྲོག་གི་རྣམ་པའི་ཐོག་ནས་བོད་ཀྱི་རྩ་དོན་དང་འབྲེལ་མེད་དོན་གཞན་ཞིག་བཤད་བསྡད་ན་ནོར་འཁྲུལ་ཆེན་པོ་རེད། མདོར་ན། སྲོག་ལ་ཉེན་ཁ་ཕར་ཞོག ཐ་ན་ལྟོགས་སྐོམ་ཙམ་ཡང་མྱོང་མི་དགོས་པའི་རང་དབང་ལུང་པ་ནས་མིང་ཙམ་གྱི་ལས་འགུལ་རེ་སྤེལ་ཁུལ་བྱས་ན་བསྡད། ལས་འགུལ་གང་ཞིག་སྤེལ་ཡང་སྲོག་ལ་ཉེན་ཁ་རྐྱང་རྐྱང་ལས་མ་འདས་པའི་སྤུན་ཟླ་ཁག་གཅིག་གིས་དམར་པོའི་མེ་ཡི་ནང་དུ་གསོན་བསྲེགས་བྱེད་པ་དེ་སྟངས་སྙོམས་རྩ་བ་ནས་མ་རེད།

གསར་འགོད་པ། བནྟེ་སྐྱབས།

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༩ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༡༢ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 2

  1. ཤར་མདའ། says:
    ལོ་ 14 སྔོན།

    རིན་ཐང་ཆེ་གི་ཟེར་ན་ཆོག་གང་ལྟར་འདི་ལྟར་གླེང་དགོས་ངེས་ཞིག་རེད།

    Reply
  2. མྱི་དཀར says:
    ལོ་ 14 སྔོན།

    ངོ་མ་རེད་ང་ཚོའི་ག་རེ་བྱས་ཐུབ་ན་བྱས་རེན་རེད་འདྲ་ཆག་པོ་ཞིག་དང་གཏམ་སྙན་མོ་ཞིག་གིས་བདེན་མཐའ་སེལ་མི་ཐུབ་པ་གསལ་པོ་རེད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese