མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རིར་ངོ་རྒོལ་དམར་གསོད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༤ ཉིན་བསྐྱར་དུ་ཁ་ཆེའི་ལུང་པ་ཁག་ཅིག་ནང་། ཨ་རིའི་གཞུང་ཚབ་དང་དམག་སྒར་སོགས་ལ་དྲག་རྒོལ་བྱས་ཏེ། མི་མང་པོར་ཤི་རྨས་ཚབས་ཆེན་ཐེབས་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་ཏེ། གཟའ་པ་སངས་ཉིན་གྱི་ཁ་ཆེའི་འདོན་པ་གྲོལ་རྗེས། ཨེ་ཇིབ་དང་ཊོ་ནེ་ཤི་ཡ། སུ་ཌན། ལེ་བྷ་ནོན་སོགས་ཀྱི་ནང་ཁ་ཆེ་བ་སྟོང་ཕྲག་མང་པོ་སོ་སོའི་རྒྱལ་ཁབ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ཁག་ཏུ་ཕྱིན་ཏེ། རླངས་འཁོར་དང་གཞུང་ཚབ་ཁང་སོགས་ལ་མེ་བརྒྱབ་ཡོད་ལ། གཞུང་ཚབ་ཁང་གི་ལས་བྱེད་དང་གཞན་ཨ་རི་བ་རྣམས་དམིགས་འབེན་དུ་བཟུང་དྲག་རྒོལ་བྱ་སྤྱོད་སྤེལ་ཡོད་པ་མ་ཟད། སུ་ཌན་ནང་གི་ངོ་རྒོལ་ཚོས་ཨ་རི་ཙམ་མིན་པར་དབྱིན་ཇི་དང་འཇར་མན་གཞུང་ཚབ་ཁང་ལའང་དྲག་རྒོལ་བྱས་ཡོད་འདུག

གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཉིན་དེའི་དྲག་རྒོལ་སྐབས་ཨེ་ཇིབ་ནང་མི་གཅིག་དང་། ཊོ་ནེ་ཤི་ཡའི་ནང་མི་གཉིས། ལེ་བྷ་ནོན་ནང་མི་གཅིག སུ་ཌན་ནང་མི་གསུམ་བཅས་ཁྱོན་བསྡོམས་མི་ ༧ ཙམ་དམར་གསོད་དང་། བཅུ་ཕྲག་འགར་རྨས་སྐྱོན་བཟོས་ཡོད་འདུག

གོང་གི་དོན་རྐྱེན་དག་དང་འབྲེལ་ཏེ། ཡུ་རོབ་མཐུན་ཚོགས་ཀྱིས་ཨ་རབ་དང་ཁ་ཆེ་ལུང་པ་དག་གི་མགོ་ཁྲིད་ཚོས་འཕྲད་དུ་གནས་ཚུལ་ཞི་འཇགས་ཡོང་ཐབས་བྱ་དགོས་པའི་འབོད་སྐུལ་བྱས་ཡོད་འདུག་ལ། ཨ་རིའི་རྒྱལ་དོན་དྲུང་ཆེ་ཧེ་ལཱ་རི་ཡིས་ཀྱང་ཁ་ཆེའི་སྟོན་པར་ཐེར་འདོན་བྱས་པའི་གློག་བརྙན་དེ་ཨ་རིའི་གཞུང་དང་འབྲེལ་བ་མེད་སྐོར་བརྗོད་ཡོད་འདུག

ད་ཆར་ཨ་རིས་སུ་ཌན་དང་ཡེ་མེན་གཉིས་གཙོ་བོར་གྱུར་པའི་ཨ་རིའི་གཞུང་ཚབ་ལ་ངོ་རྒོལ་དྲག་འཐབ་བྱེད་ཡུལ་ཁག་ལ་དམག་གཏོང་མགོ་བཙུགས་ཡོད་པ་མ་ཟད། ཁོ་ཚོའི་གཞུང་ཚབ་ཁང་ཁག་ལ་བདེ་སྲུང་ནན་མོ་བྱ་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད་འདུག

གཞན་ཁ་སང་ཕྱི་དྲོ་ས་རུབ་ལ་ཉེ་བའི་སྐབས་སུ་ཨབ་གྷན་ནང་གི་ཎ་ཊོ་མཉམ་འབྲེལ་དམག་གི་རྟེན་གཞི་ཞིག་ལ་ཊ་ལེ་བྷན་དྲག་སྤྱོད་པས་དྲག་རྒོལ་བྱས་ཏེ། ཨ་རིའི་དམག་མི་གཉིས་ཙམ་དམར་གསོད་བཏང་ཡོད་པ་དང་། ཎ་ཊོ་མཉམ་འབྲེལ་དམག་གི་རྟེན་གཞི་དེར་རྒྱལ་ཁབ་མང་པོ་ཞིག་གི་དམག་སྒར་ཡོད་ཀྱང་། དྲག་སྤྱོད་པས་ཨ་རིའི་དམག་སྒར་ལ་འཇབ་རྒོལ་བྱས་ཡོད་པ་དང་།  རྗེས་སུ་ཊ་ལེ་བྷན་གྱིས་དེ་ནི་ཁ་ཆེའི་སྟོན་པར་དམའ་འབེབས་བྱས་པའི་ཨ་རིའི་གློག་བརྙན་དེར་ངོ་རྒོལ་དགྲ་ཤ་བླངས་པ་ཞིག་ཡིན་པར་བསྒྲགས་འདུག

ད་ཆར་གོང་གི་རྒྱལ་ཁབ་དེ་དག་ཙམ་མིན་པར། ཨེ་རན་དང་། བྷང་ལ་ཌེ་ཤི། ཨིན་ཌོ་ནེ་ཤི་ཡ། མ་ལཱ་ཤེ་ཡ། པཱ་ཀི་སི་ཐན། ཨེ་རག ཨེ་ཛི་རལ། གྷ་ཛ། མོ་རོ་ཀོ སེ་རི་ཡ། ཀུ་ཝའེ་ཊི། ནེ་ཇི་རེ་ཡ། ཀེ་ནེ་ཡ་སོགས་ཁ་ཆེ་རྒྱལ་ཁབ་མང་པོའི་ནང་ཁྱབ་བཞིན་ཡོད་འདུག

ཉེ་སྔོན་ཨ་རིའི་ཁཱ་ལེ་ཧྥོ་ནེ་ཡའི་མི་སེར་མིང་ལ་སམ་བྷ་སེ་ལི་(Sam Bacile) ཟེར་པ་ཞིག་གིས་བཟོ་སྐྲུན་བྱས་པའི་གློག་བརྙན་ཞིག་ཏུ། ཁ་ཆེའི་སྟོན་པ་མུ་ཧམ་མཱ་ཌི་(Muhammad) ལ་ཐེར་འདོན་བྱས་ཡོད་པ་ཨ་རབ་སྐད་དུ་བསྒྱུར་ཏེ། ཡུ་ཊུབ་(Youtube) ནང་བཏོན་རྗེས། ཕྱི་ཚེས་ ༡༡ ཉིན་ཨེ་ཇིབ་དང་ལེ་བྷེ་ཡའི་ནང་དྲག་རྒོལ་གྱིས།  ཨ་རིའི་གཞུང་ཚབ་གཅིག་དང་གཞན་མི་གསུམ་དམར་གསོད་བཏང་པ་ནས་རིམ་བཞིན་ས་ཁུལ་གཞན་དག་ཏུ་ཁྱབ་པ་ཞིག་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།  

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    ཨི་རིར་་་་ཟེར་ན་གང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist