མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱིས་ངྷ་སར་བགྲོ་གླེང་གོ་སྒྲིག་ཞུས།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་ཕྱི་དྲོར་ངྷ་ས་ཉིན་སློབ་ཚོགས་ཁང་དུ་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག
བོད་ཀྱི་ཛ་དྲག་གི་གནས་བབས་དང་མ་འོངས་པའི་ཁ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་ཆོལ་ཁ་གསུམ་གྱི་སྐུ་ཚབ་སྤྱི་འཐུས་རེ་ཡིས་བགྲོ་གླེང་གཏམ་བཤད་གནང་སོང་།

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༥ དང་ཕྱེད་ཀའི་སྟེང་ངྷ་ས་ཉིན་སློབ་ཚོགས་ཁང་དུ་སུད་སིར་རྟེན་གཞི་བྱེད་པའི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག བོད་པའི་ཛ་དྲག་གི་གནས་བབས་དང་མ་འོངས་པའི་ཁ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག མདོ་སྨད་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་དང་། མདོ་སྟོད་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། དབུས་གཙང་སྤྱི་འཐུས་པདྨ་འབྱུང་གནས་ལགས། དབུ་མའི་ལམ་ལས་འགུལ་ཁང་གི་རིག་གཞུང་འགན་འཛིན་བློ་བཟང་ཆོས་འབྱོར་བཅས་ཀྱིས་གཏམ་བཤད་བགྲོ་གླེང་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་བཅས་གནང་སོང་།

བགྲོ་གླེང་དབུ་འཛུགས་ཐོག་དམིགས་བསལ་ཚོགས་ཆེན་ལ་བཅར་བའི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་དཔའ་བོ་ལགས་ཀྱིས་ཚོགས་པའི་བྱུང་རིམ་ངོ་སྤྲོད་དང་འབྲེལ། ཐེངས་འདིར་ངྷ་སར་བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་སྐོར་གསལ་བཤད་གནང་པ་ལྟར་ན། ཚོགས་པ་དེ་ནི་འདས་པའི་ལོ་གཅིག་ཙམ་གྱི་གོང་དུ་སུད་སིར་གནས་བཞུགས་བོད་རིགས་གཞོན་སྐྱེས་སྐོར་ཞིག་གི་སྣེ་འཁྲིད་འོག ༧གོང་ས་མཆོག་གི་ཐུགས་དགོངས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གང་ཡིན་པར་རྒྱབ་སྐྱོར་གནང་ཆེད་དང་། གཞུང་དམངས་གཉིས་ཀྱི་འབྲེལ་ལམ་ཟབ་ཏུ་གཏོང་ཐབས་དང་བོད་མིའི་ཆིག་སྒྲིལ་དང་འཐབ་རྩོད་ཀྱི་ནུས་པ་མཐོར་འདེགས་གཏོང་རྒྱུ། སྤྱི་ཚོགས་ནང་གི་ཤེས་ཡོན་ཅན་དང་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བཅས་ཀྱི་ཆེད་དུ་གསར་འཛུགས་བྱས་པའི་ལས་འགུལ་ཚོགས་པ་ཞིག་ཡིན་པ་དང་། ཐེངས་འདིར་ངྷ་རམ་ས་ལར་ལས་འགུལ་སྤེལ་བ་ཐོག་མ་དེ་ཆགས་ཡོད་འདུག ཐེངས་འདིའི་བགྲོ་གླེང་དེ་ནི། ལོ་སྔ་ཕྱིར་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པ་དང་། བོད་ཕྱི་ལོགས་སུའང་ཆབ་སྲིད་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ནང་གནས་ཚུལ་འདྲ་མིན་ཞིག་འཐོན་བཞིན་པར་ཆེད་དུ་དམིགས་ཏེ། དབུ་མ་དང་རང་བཙན་གྱི་ལྟ་གྲུབ་འཛིན་མཁན་གཉིས་ཀ་སྡིངས་ཆ་གཅིག་གི་ཐོག་གདན་འདྲེན་གྱིས་ད་ལྟའི་བོད་ཀྱི་ཛ་དྲག་གནས་བབས་དང་མ་འོངས་པའི་ཁ་ཕྱོགས་ཐད་དགོངས་འཆར་དང་ནུས་པ་གཅིག་ཏུ་སྤུངས་ཆེད་ཡིན་སྐོར་སོགས་བརྗོད་བྱུང་། 

བགྲོ་གླེང་དངོས་གཞིའི་ཐོག་བཀའ་ཟུར་མདོ་སྨད་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་ཀྱིས། ད་སྔ་བོད་མི་ ༥༡ གིས་བོད་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་བློས་གཏོང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་ཀྱང་། མེར་བསྲེགས་གཏོང་མཁན་ཚོའི་རེ་བ་ནང་བཞིན་རྒྱལ་སྤྱིའི་སྟེང་གྲུབ་འབྲེས་ཐོན་མེད་པ་དང་། ཁོང་ཚོའི་མེར་བསྲེགས་ལས་འགུལ་ལ་གྲུབ་འབྲེས་ཡོད་མེད་ལས་འཚེ་བ་ཡིན་མིན་གྱི་སྐད་ཆ་ཡོང་གི་ཡོད་སྟབས། བོད་མི་ཚོས་རྒྱ་ནག་གི་ཁྲིམས་དང་མཐུན་པའི་ཐོག་ནས་རང་དབང་འཐབ་རྩོད་བྱས་དེ་བསྙོན་འཛུགས་ལ་ལག་པ་འཆིང་ས་མེད་པ་ཞིག་ཡོང་ཐབས། ཕྱི་ཕྱོགས་ནས་ཀྱང་ད་སྔ་རྒྱལ་སྤྱིའི་སྟེང་བོད་པར་རྒྱབ་སྐྱོར་ཡོད་ཀྱང་། ཕྱིན་ཆད་སྲིད་ཇུས་རང་བཞིན་གྱི་རྒྱབ་སྐྱོར་འཚོལ་རྒྱུར་འབད་བརྩོན་བྱ་དགོས་སྐོར་བརྗོད་སོང་།

སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་དབུས་གཙང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་ད་ལྟའི་བོད་ཀྱི་ཛ་དྲག་དེ་སྣོད་བཅུད་གཉིས་ཐོག་འཕྲད་བཞིན་པའི་ཧ་ཅང་གི་ཛ་དྲག་གནས་བབས་ཤིག་ཏུ་གྱུར་ཡོད་པ། ཛ་དྲག་གནས་བབས་དེར་བོད་གཞིས་བྱིས་གཉིས་ཀར་འགན་ཡོད་ཅིང་། བོད་ནང་གི་བོད་མི་ཚོས་ཛ་དྲག་གི་དུས་སྐབས་དེའི་འོག་བོད་ཀྱི་རྩ་དོན་ཆེད་ལས་འགུལ་གང་སྤེལ་པ་དག བཙན་བྱོལ་གཞུང་དམངས་སྤྱི་སྒེར་ཚང་མས་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་དང་ཁ་གསལ་བཟོ་རྒྱུ་གལ་ཆེན་པོ་ཡིན་པ། རྒྱ་གཞུང་གིས་སྲིད་ཇུས་བང་བསྒྲིགས་ཏེ་བོད་ཀྱི་སྣོད་བཅུད་གཉིས་རྩ་མེད་བཟོ་རྒྱུ་དེ་ཡིན་སྟབས། གཞིས་བྱིས་བོད་མི་ཚང་མས་རྒྱ་གཞུང་གི་སྲིད་ཇུས་དེར་ཁ་གཏད་གཅོད་དགོས་སྐོར་བརྗོད་སོང་།

བགྲོ་གླེང་པ་མདོ་སྟོད་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྟེང་འབུར་དུ་ཐོན་པ་ཞིག་དང་། རྒྱ་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་ནི་དངོས་ཡོད་ཀྱི་གནད་དོན་ཆེན་པོ་ཞིག་ཏུ་མི་བརྩི་ཐབས་མེད་ཅིག་ཏུ་འགྱུར་འཇུག་རྒྱུ་དེ་གལ་ཆེ་ཤོས་དང་། བོད་ཀྱི་འཐབ་རྩོད་གསོན་གནས་དང་ནུས་པ་རྒྱ་སྐྱེད་ཡོང་རྒྱུར། གཞིས་བྱིས་བོད་རིགས་ཀུན་གྱིས་བཀུར་ཡུལ་༧གོང་ས་མཆོག་བཞུགས་ཡོད་པ་དེ་བོད་ཀྱི་གནད་དོན་གསོན་གནས་ཀྱི་སྟོབས་ཤུགས་ཡིན་པ། བཙན་བྱོལ་བོད་གཞུང་མུ་མཐུད་གནས་དགོས་པ། གཞིས་བཞུགས་བོད་མིའི་སྟོབས་ཤུགས་ལ་བདག་པོ་རྒྱག་རྒྱུ་དང་རྒྱལ་སྤྱིའི་སྟེང་ཁྱབ་སྤེལ་གཏོང་རྒྱུ། གཞིས་བྱིས་གཉིས་ཀྱི་འབྲེལ་བ་ཡག་པོར་གནས་ཐུབ་རྒྱུར་མུ་མཐུད་འབད་བརྩོན་བྱ་དགོས་པ། བོད་ཀྱི་གནད་དོན་དེ་རྒྱལ་སྤྱི་རང་བཞིན་གྱི་གནད་དོན་ཞིག་ཏུ་འགྱུར་འཇུག་བཅས་ཡིན་པར་བརྗོད་སོང་།

མཐར་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རིག་གཞུང་འགན་འཛིན་བློ་བཟང་ཆོས་འབྱོར་ལགས་ཀྱིས་༧གོང་ས་མཆོག་ནི་བླ་སྤྲུལ་ཞིག་ཡིན་པ་ཙམ་གྱིས་དད་གུས་བྱ་དགོས་པར་བརྗོད་ཀྱི་མེད་པར། ཁོང་གི་སྐུ་ཕྲེང་རིམ་བྱོན་དང་ལྷག་པར་དུ་༧གོང་ས་ ༡༤ མཆོག་གི་ཆོས་ལུགས་དང་ཆབ་སྲིད། སྤྱི་ཚོགས། མཐའ་ན་བུད་མེད་ཀྱི་ཐོབ་ཐང་ཡན་ནས་དགོངས་བཞེད་རླབས་ཆེན་ཡོད་པ་བོད་མི་ཀུན་གྱིས་ངོས་ཟིན་པའི་ཐོག་ནས་དད་མོས་ལག་བསྟར་བྱ་རྒྱུ་གལ་ཆེན་པོ་ཡིན་པ། བཀའ་ཤག་གིས་རྒྱ་རིགས་འབྲེལ་མཐུད་ལྷན་ཁང་ཞིག་གསར་འཛུགས་ཐོག་བོད་རྒྱའི་འབྲེལ་ལམ་གོང་འཕེལ་གཏོང་རྒྱུ། སྤྱི་འཐུས་ལྷན་ཁང་གིས་ཛ་དྲག་ཚོགས་ཆུང་བསྐྱར་དུ་སྒོ་ཕྱེས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་ལ་ཞིབ་འཇུག་གིས་རྒྱལ་སྤྱིའི་སྟེང་དང་གསར་ལམ་ཁག བོད་པའི་གཞིས་ཆགས་ཁག་བཅས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་ཁྱབ་སྤེལ་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་ཡོད།

གོ་སྒྲིག་པས་ངོ་སྤྲོད་གནང་བ་ལྟར་ན། ཐོག་མ་ཐེངས་འདིའི་བགྲོ་གླེང་དེ་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་དམངས་གཉིས་ཀྱིས་གདོང་ལེན་གནང་ཕྱོགས་ཐོག་དམིགས་བསལ་ཚོགས་ཆེན་འཚོགས་ལ་ཉེ་བའི་གོ་སྐབས་དང་བསྟུན་ཏེ། བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཆབ་སྲིད་ལས་འགུལ་ཚོགས་པ་ཁག་དང་ཆོལ་ཁ་གསུམ་གྱི་སྐུ་ཚབ་སྤྱི་འཐུས་རེ་བཅས་ཀྱིས་བགྲོ་གླེང་གཏམ་བཤད་གནང་རྒྱུར་གྲ་སྒྲིག་ཞུས་ཡོད་ཀྱང་གཞུང་འབྲེལ་མིན་པའི་ཚོགས་པ་འགར་གོ་བརྡ་གསལ་བོ་སྤྲོད་མ་ཐུབ་པ་དང་། ཚོགས་པ་སོ་སོར་ཡང་གྲ་སྒྲིག་མེད་པའི་དབང་གིས་ཐེངས་འདིར་མཉམ་ཞུགས་ཐུབ་མེད་པར། ཕྱོགས་གཅིག་ནས་དགོངས་སེལ་ཞུ་དགོས་པ་ཞིག་དང་ཕྱོགས་གཞན་ཞིག་ནས་བློ་ཕམ་འབྱུང་གཞི་ཞིག་ཆགས་ཡོད་ཚུལ་ངོ་སྤྲོད་གནང་སོང་།  

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 8

  1. ཀླུ་ཚང་འབྲུག་མཁར། says:
    ལོ་ 13 སྔོན།

    ཨོ་ལགས་སོ། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ལས་དོན་བྱེད་ཕྱོག་ས་ལ་རྗེས་སུ་ཡིད་རིང་བྱེད་རྒྱུ་ལས་བསམ་འཆར་གང་ཡང་མི་འདུག བོད་ཆོལ་གསུམ་གཅིག་ཏུ་སྒྲིལ་རྒྱུ་ལས་གཞན་ང་ཚོའི་སྤྱི་ཚོགས་ལ་གནོད་པའི་ལས་འགུལ་ཞིག་མིན་པ་ང་ཚོས་ཤེས་རྟོགས་ཐུབ་སོང་། ད་དུང་༸གོང་ས་མཆོག་གི་བཀའ་དགོངས་དང་མཐུན་པ་མ་ཟད་བཙན་བྱོལ་བོད་མིའི་ལང་ཕྱོགས་དང་གཅིག་མཚངས་ཡིན་པས་ང་ཚོས་རྒྱབ་སྐྱོབ་དང་བསྔགས་བརྗོད་བྱེད་ན་མ་འགྲིག་པ་གང་ན་ཡོད།

    Reply
  2. ཕུན་ཚོགས ། says:
    ལོ་ 13 སྔོན།

    དྲ་གྲོགས་ཚང་མས་རྒྱབ་སྐྱོར་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། བོད་ཆོལ་གསུམ་གཞུང་མང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྤུང་བར་མི་ངོ་རེ་ནས་འབད་བརྩོན་རྒྱུན་མཐུད་གནང་བའི་འབོད་སྐུལ་ཀྱང་ཞུ་རྒྱུ་ཡིན།

    Reply
  3. ཚེ་གྲུབ། says:
    ལོ་ 13 སྔོན།

    གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བགྲོ་གླེང་ལ་ཕེབས་མེད་པ་ནི། དགུ་བཅུ་གསུམ་གྱི་ཚོགས་གཙོ་གླུ་གར་བྱམས་དང་བུད་མེད་ཚོགས་པའི་ཉམས་ཞིབ་པ་པདྨ་ཆོས་སྒྲོན་གཉིས་ཀྱིས་ཚོགས་པ་གཞན་ལ་བརྡ་ལན་བསྐྱལ་ཏེ་བགྲོ་གླེང་དེར་ཚོགས་པ་ཁག་གི་གཏམ་བཤད་པ་མི་ཞུགས་རྒྱུ་ཐག་གཅོད་བྱས་པ་རེད་ཟེར། ངོ་མ་ཐབས་སྐྱོ་བོ་ཞེ་དྲག་རེད།

    Reply
  4. ཡུལ་གྱར་བ། says:
    ལོ་ 13 སྔོན།

    བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་འདི་ཐབ་ཆུང་ལ་མེ་ཚ་བོ་གཏོང་མཁན་ཞིག་ཡིན་པ་ང་ལའང་ཆ་རྒྱུས་གསལ་པོ་ཡོད། འོན་ཀྱང་ད་ལེན་ཚོགས་སྐྱིད་༡༡་གི་འཇིགས་སྐུལ་བའི་སྒྲག་གཏམ་གྱི་བྱེད་པོ་བློ་བཟང་ཆོས་འབྱོར་སྐད་གཏོང་བ་འདི་མོས་འཐུན་མེད། རྒྱུ་མཚན་ནི་ང་ཚོའི་བསྒྲུབ་བྱ་དེ་བོད་ཀྱི་བདེན་དོན་ཡིན་ལ་བློ་ཆོས་ཀྱི་བསྒྲུབ་བྱ་ནི་ཏང་གི་ཁེ་ཕན་ཡིན། དེ་ལས་གཞན་པའི་སྐུ་མགྲོན་མི་སྣ་རྣམ་པར་བསམ་ཚུལ་གང་ཡང་མེད།

    Reply
  5. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    མི་རབས་གསར་པའི་མཐུན་ཚོགས་ཀྱིས་ལས་འགུལ་རབ་དང་རིམ་པར་རྗེས་སུ་ཡིད་རངས་དང་རྒྱབ་བསྐྱོར་ཡོད།
    མ་ཟད་ད་རེས་ཀྱི་གོ་སྒྲིག་གྲོ་གླེང་འདིར་གཞུང་འབྲེལ་མ་ཡིན་པའི་ཆབ་སྲིད་ལས་འགུལ་ཚོགས་པ་བཅས་པ་གྲོ་གླེང་གཏམ་བཤད་ལ་གདན་འབོད་ཞུས་པ་བཟང་མོད་ཀྱང་། ཚོགས་སྐྱིད་༡༡ གི་འཇིགས་བསྐུལ་བསྒྲགས་གཏམ་འོག་གཞོན་ནུ་ཚོགས་པ་ལྟ་བུ་གྲོ་གླེང་གི་གཏམ་བཤད་གནང་རྒྱུར་ཁག་པོ་བྱས་པ་ཡོད། མ་ཟད་བུད་མེད་ཚོགས་པ་ཚོ་ནི་མང་ཆེ་བ་ཨ་མ་ལས་བསྒྲུབ་པའི་ཚོགས་པ་ཞིག་ཡིན་ཙང་བྱིས་པ་གཉོར་སྐྱོང་འོག་དུས་ཁོམས་བྱུང་ཚོད་མེད། འོན་ཀྱང་འུར་སྒྲས་ཁེངས་པའི་ཚོགས་སྐྱིད་༡༡ དེ་ཚོ་ག་པར་ཕྱིན་པ་ཡིན་ན། འོ་རེད་དེའི་ནང་གི་ཚོགས་པ་གཟི་རྔམས་ཆེ་ཤོས་དེ་སླེབས་འདུག་ག།

    Reply
  6. ཡར་ཀླུང་པ། says:
    ལོ་ 13 སྔོན།

    ཁ་ཚ་དགོས་གཏུགས་ཀྱི་བགྲོ་གླེང་ཞིག་རེད། ཡིན་ནའང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གཏམ་བཤད་པ་མི་ཕེབས་དོན་ག་རེ་རེད། ཁོང་ཚོ་ལས་ལྷག་པའི་ཚོགས་པ་ཞིག་ཡོང་མི་ཆོག་ཟེར་བ་ཡིན་རྒྱུ་རེད།

    Reply
  7. བསྟན་འཛིན་དབང་ཕྱུག says:
    ལོ་ 13 སྔོན།

    བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་བསྔགས་བརྗོད་ཡོད། ན་ནིང་སུད་ཝེ་སིའི་བོད་རིགས་ཚོགས་པ་འཐོར་ཞིག་ཏུ་འགྲོ་ལ་ཉེ་སྐབས། མི་རབས་གསར་པའི་མཐུན་ཚོགས་ཀྱིས་ལས་འགུལ་རབས་དང་རིམ་པ་སྤེལ་ཏེ་བོད་པའི་རྩ་དོན་ཐོག་ནུས་ཤུགས་བཏོན་ཡོད་པ་མ་ཟད། སུད་ཝེ་སི་མི་མང་གི་ལ་རྒྱ་སྤོབས་པ་མཐོ་རུ་བཏེགས་ཡོད།
    ཚོགས་པ་འདིས་ཕྱག་ལས་ག་རེ་གནང་ཡོད་མེད་དང་ཚོགས་པའི་ངོ་སྤྲོད་སོགས་དྲ་གནས་འདི་ལ་གཟིགས་དང་ཞིབ་ཏུ་བཀོད་འདུག http://www.aotng.blogspot.in/

    Reply
  8. བྱམས་པ་ཆོས་འཕེལ། says:
    ལོ་ 13 སྔོན།

    བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཞུ་བ་འདི་ཐབ་ཆུང་ཆུང་ནང་མེ་ཚ་བོ་གཏོང་མཁན་གྱི་ཚོགས་པ་ཞིག་ཡིན། བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese