མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་ཆེ་བས་ནང་པའི་སྟེང་དྲག་རྒོལ།

བོད་ཀྱི་དུས་བབ།
༢༠༡༢/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

བྷང་ལཱ་ཌེ་ཤི་ནང་གི་ཁ་ཆེ་བ་ཚོས་ནང་པའི་སྟེང་དྲག་རྒོལ་དང་། ནང་པའི་ལྷ་ཁང་དགོན་པ་སོགས་ལ་མེ་བརྒྱབ་ཡོད་པར། ད་ཆར་གཞུང་གིས་དྲག་རྒོལ་བ་ཚོར་ཞིབ་བཤེར་འཇུ་བཟུང་བྱེད་ཀྱི་ཡོད་འདུག

ཕྱི་ཚེས་ ༢ ཉིན་བྷང་ལཱ་ཌེ་ཤིའི་སྲིད་བློན་ཧཱ་སེ་ནཱ་(Sheikh Hasina) ཡིས། ཐེངས་འདིའི་དྲག་རྒོལ་ཁྲོད་མཉམ་ཞུགས་བྱེད་མཁན་དག་ནི་སྤྱི་ཚོགས་འཆམ་མཐུན་ལ་གཏོར་བརླགས་གཏོང་མཁན་ཡིན་པས། དྲག་རྒོལ་བ་ཚོར་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱ་དགོས་པའི་བཀའ་བཏང་ཡོད་པ་དང་། ད་ལྟའི་ཆར་དོན་རྐྱེན་དང་འབྲེལ་བའི་མི་སྣ་ ༣༠༠ ལྷག་འཇུ་བཟུང་བྱས་ཡོད་པ་མ་ཟད། དོན་རྐྱེན་དེའི་རྒྱབ་ལྗོངས་དང་དྲག་རྒོལ་ཁྲོད་མཉམ་ཞུགས་བྱེད་མཁན་དག་ལ་ཞིབ་བཤེར་དང་འཇུ་བཟུང་བྱེད་བཞིན་ཡོད་འདུག

ཕྱི་ཚེས་ ༣༠ ཉིན་གྱི་ཕྱི་དྲོ་བྷང་ལཱ་ཌེ་ཤིའི་(Bangladesh) ལྷོ་ཤར་ས་ཁུལ་རཱ་མཱུ་(Ramu) གྲོང་ཁྱེར་དང་ཉེ་འཁོར་ས་གནས་ཁག་གི་ཁ་ཆེ་བ་སྟོང་ཕྲག་མང་པོ་གཞུང་ལམ་སྟེང་ཐོན་ཏེ། ནང་པ་ཞིག་གིས་གདོང་དེབ་སྟེང་ཁ་ཆེ་བར་དམའ་འབེབ་ཀྱི་པར་རིས་ཤིག་བཀོད་ཡོད་ཚུལ་བརྗོད་བཞིན། ཐོག་མར་གྲོང་ཁྱེར་དང་ས་ཁུལ་དེ་དག་ནང་ཡོད་པའི་ནང་པའི་ལྷ་ཁང་དང་དགོན་པ་ཁག་ཅིག་ལ་གཏོར་རྒོལ་དང་མེ་བརྒྱབ་ཡོད་ཅིང་། རྗེས་སུ་ཉེ་འཁོར་དུ་ཡོད་པའི་ནང་པའི་གྲོང་གསེབ་ཁག་ཏུ་ཕྱིན་ཏེ་ཁྱིམ་ཚང་མང་པོ་ཞིག་ལ་དྲག་རྒོལ་དང་མེ་བརྒྱབ་ཡོད་འདུག  ཕྱི་ཚེས་ ༡ ཉིན་བསྐྱར་དུ་ནང་པའི་སྟེང་དྲག་རྒོལ་བྱས་ཏེ། ཁྱོན་ནང་པའི་ལྷ་ཁང་དང་དགོན་པ་བཅུ་ཕྲག་ལྷག་དང་། གྲོང་གསེབ་ ༡༥ ཙམ་གྱི་ནང་གི་སྡོད་ཁང་ ༡༠༠ ལྷག་ལ་གཏོར་སྐྱོན་དང་མེ་བརྒྱབ་ཡོད་པའི་ཁྲོད་མི་ལོ་ ༣༠༠ ལྷག་ཕྱིན་པའི་དགོན་རྙིང་ཁག་ཅིག་ཀྱང་གཏོར་བརླགས་བཏང་ཡོད་འདུག

ས་གནས་ཉེན་རྟོག་དཔོན་ཞིག་གིས་གནས་ཚུལ་བརྗོད་པ་ལྟར་ན། དྲག་རྒོལ་དོན་རྐྱེན་དེའི་སྐབས་ཁ་ཆེ་བ་ ༢༥༠༠༠ ཙམ་ཡོད་ཚུལ་དང་། དྲག་རྒོལ་སྐབས་ནང་པའི་ལྷ་ཁང་དང་དགོན་པར་གཏོར་སྐྱོན་དང་མེ་བརྒྱབ་པ་ཙམ་མ་ཟད། ལྷ་ཁང་དང་དགོན་པའི་ནང་གི་རིན་པོ་ཆེ་དང་སྟོན་པའི་སྐུ་བརྙན་རྩ་ཆེ་རིགས་དང་། གཞན་ལྷ་ཁང་དང་དགོན་པ་ཁག་གི་ཉེ་འགྲམ་དུ་ཡོད་པའི་ཚོང་ཁང་སོགས་ཀྱི་ཅ་དངོས་རིགས་རྐུ་འཕྲོག་བྱས་ཡོད་འདུག

དོན་རྐྱེན་དེ་བྱུང་རྗེས་བྷང་ལཱ་ཌེ་ཤིའི་ནང་སྲིད་བློན་ཆེན་ཨ་ལམ་གྷེར་(Mohiuddin Khan Alamgir) གྱིས་ཐེངས་འདིའི་དོན་རྐྱེན་ནི་ཁ་ཆེ་ལྟ་བ་མཁྲེགས་འཛིན་པ་ཚོས་བསླངས་པ་ཞིག་ཡིན་པ་ཙམ་མ་ཟད། དོན་རྐྱེན་ནང་འབར་མ་ནས་སྐྱབས་བཅོལ་དུ་ཡོང་མཁན་ཁ་ཆེ་བ་དང་། ཁ་གཏད་ཚོགས་པའི་མི་སྣ་བཅས་ཀྱང་མཉམ་ཞུགས་བྱས་ཡོད་པ་དང་། དོན་རྐྱེན་དེ་ནི་ཆེད་དུ་རྒྱལ་ཁོངས་བདེ་འཇགས་ལ་གཏོར་བརླགས་བཟོས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག་ལ། དམིགས་བསལ་འབར་མ་ནས་བྷང་ལཱ་ཌེ་ཤི་ནང་སྐྱབས་བཅོལ་དུ་ཡོང་མཁན་ཁ་ཆེ་བ་ཚོར་ལྟ་རྟོག་ནན་མོ་བྱ་དགོས་པའི་གསལ་བརྡ་བཏང་འདུག

ས་གནས་རྫོང་གི་རྫོང་དཔོན་བྷ་རེ་(Joinul Bari) ཡིས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། དོན་རྐྱེན་བྱུང་འཕྲད་གཞུང་ལ་གནས་ཚུལ་ཡར་ཞུ་དང་བདེ་སྲུང་དམག་གཏོང་དགོས་པའི་འབོད་སྐུལ་ཞུས་རྗེས། གཞུང་གི་བདེ་སྲུང་དམག་དང་ཉེན་རྟོག་པ།ས་མཚམས་སྲུང་དམག་བཅས་ཆེད་གཏོང་གིས།ད་ཆར་ནང་པ་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་སྟངས་འཛིན་ནན་མོ་དང་། ཡུལ་དེ་དག་ནང་མི་མང་མཉམ་འཛོམས་རིགས་ལ་བཀག་འགོད་བྱེད་བཞིན་ཡོད་འདུག

བྷང་ལཱ་ཌེ་ཤི་ནི་མི་འབོར་ས་ཡ་ ༡༥༣ ཡོད་པ་ལས་མང་ཤོས་ཁ་ཆེ་བ་ཆགས་ཡོད་ཅིང་། མི་འབོར་གྱི་སྤྱིའི་བརྒྱ་ཆ་ ༡ མ་ཟིན་ཙམ་ཞིག་ནང་པ་ཡིན་པ་དང་། ནང་པ་གྲངས་ཉུང་མི་རིགས་དེ་དག་ནི་བྷང་ལཱ་ཌེ་ཤི་ཡི་ལྷོ་ཤར་ཏེ། འབར་མ་དང་བྷང་ལཱ་ཌེ་ཤིའི་རྒྱལ་མཚམས་དང་ཉེ་བའི་ས་ཁུལ་ཁག་ཏུ་གནས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 2

  1. ཀླུ་ཚང་འབྲུག་མཁར། says:
    ལོ་ 14 སྔོན།

    འཛམ་གླིང་ས་ཕྱོགས་གང་སར་མི་གསོད་ཁྲག་སྦྱོར་གྱི་ལས་ལ་ཞུགས་མཁན་དག་ནི་ཁ་ཆེ་མི་རིགས་ཡིན་པ་མ་ཟད་ད་དུང་སོ་སོའི་ལུང་པའི་མི་སེར་དཀྱུས་མ་དག་གི་དཀའ་སྡུག་ལ་མ་བལྟོས་པར་འཛམ་གླིང་མི་མང་གི་ཞི་བདེ་ལ་གཏོར་ཤིག་གཏོང་མཁན་དེ་ཚོའི་རིགས་ལ་ཡང་སྐྱར་ཨ་རིའི་སྲིན་འཛིན་སུར་བ་བྷོ་ཞི་གདན་འདྲེན་ཞུ་དགོས་པ་མ་ཟད་ཁོང་ཚོར་སེམས་ཤེས་སུ་འཇུག་དགོས།

    Reply
  2. ཤག་སྒང་པ། says:
    ལོ་ 14 སྔོན།

    ལྟ་སྤྱོད་འཚེ་མེད་དང་རྟེན་འབྲེལ་སྨྲ་བ་དག་ཡང་སྐྱིད་དུ་བཅུག་མ་སོང་།

    མཁྲེགས་འཛིན་པ་དེ་ཚོ་ངོ་མ་འཇམ་གླིང་དཀྲུག་པའི་སྐྲན་རེད།

    ང་ཚོ་ཡིད་གཟབ་བྱོས་ཤིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese