མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱོ་ཤི་ང་གསོན་གྱི་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་པེ་ཅིན་དུ་རྒྱ་དམར་སྐབས་ ༡༧ པའི་ཚོགས་འདུ་ཐེངས་  ༧ པ་ཚོགས་ཏེ།  དཔོན་རིགས་གསར་རྙིང་འདེམས་སྒྲིག་ཐད་ནང་ཁུལ་གདོང་ཐུག་མཐའ་མ་དེ་རྒྱག་མགོ་བརྩམས་འདུག    

ཟླ་འདིའི་ཕྱི་ཚེས་ ༡ ཉིན་པེ་ཅིན་ནུབ་ཁུལ་གསོལ་མགྲོན་ཁང་དུ། རྒྱ་གཞུང་དབུས་དམར་ཤོག་ཚོགས་པའི་འཐུས་མི ༣༧༠ དང་འཐུས་ཚབ་འཐུས་མི་བཅས་བསྡུ་སྐོང་བྱས་ཏེ། དམར་ཤོག་སྐབས་ ༡༧ པའི་ཚོགས་འདུ་ཐེངས་ ༧ པ་དེ་ཚོགས་ཡོད་ལ། ཐེངས་འདིའི་ཚོགས་ཐོག་ཏུ་རྒྱ་གཞུང་གི་དཔོན་རིགས་གསར་རྙིང་བརྗེ་སྤོར་གྱི་མཐའ་མའི་མི་འགྲོ་འདེམས་སྒྲུག་དང་། སྐབས་རྗེས་མའི་དམར་གཞུང་གི་སྲིད་ཇུས་ཁ་ཕྱོགས།  ཉེ་སྔོན་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཁྲོད་ཕྱིར་ཕུད་བཏང་བའི་པའོ་ཞི་ལའེ་དང་ལིག་ཀྲི་ཅོན་གཉིས་ཀྱི་དམར་ཤོག་འཐུས་མིའི་རྩ་འཛུགས་གནད་དོན་ཐག་གཅོད་ཕྱོགས་སོགས་ཀྱི་ཐད།  རྒྱ་གཞུང་དཔོན་རིགས་ནང་ཁུལ་ཤོག་ཁག་བར་མཐའ་མའི་དབང་ཤུགས་འཐབ་རྩོད་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༨ ཉིན་འཚོག་འཆར་གྱི་སྐབས་ ༡༨ པའི་ཚོགས་འདུའི་གར་སྟེགས་སྟེང་།  དཔོན་རིགས་གསར་རྙིང་བརྗེ་སྤོར་མི་འགྲོ་ཡོངས་ཁྱབ་དྲིལ་སྒྲོག་བྱ་རྒྱུར་སྟ་གོན་བྱེད་བཞིན་ཡོད་པ་རེད། 

 རྒྱ་གཞུང་གིས་གཟའ་ཕུར་བུའི་ཉིན། སྐབས་ ༡༨ པའི་ཚོགས་འདུའི་དྲ་རྒྱ་སྒོ་འབྱེད་དང་། དམར་ཤོག་པའི་དཔྱད་བརྗོད་པ་རེ་ཟུང་ཆེད་འགུགས་ཀྱིས་ཚོགས་ཆེན་དང་འབྲེལ་བའི་གླེང་གཞི་རེ་ཟུང་ཐོག་དཔྱད་གླེང་དང་། དྲ་རྒྱ་བརྒྱུད་མང་ཚོགས་དང་ཕན་ཚུན་གླེང་མོལ་བྱེད་ཁུལ་གྱི་རྣམ་པ་བསྟན་ཏེ།  ཕྱི་ཚུལ་ནས་པེ་ཅིན་གྱི་ཚོགས་འདུའི་གནས་སྟངས་རྒྱུན་ལྡན་ཡིན་པའི་བཟོ་ལྟ་སྟོན་གྱིན་ཡོད།  ཡིན་ནའང་།  དོན་དངོས་ཐོག་ཚོགས་འདུའི་སྐབས་དཔོན་རིགས་ནང་ཁུལ་གདོང་ཐུག་འཁྲུག་ཟིང་དང་། དཔོན་རིགས་ནང་ཁུལ་ཁྱོ་ཤི་ང་གསོན་གྱི་འགལ་བའི་དབང་གིས། སྤྱི་ཚོགས་ཁྲོད་བརྒྱུད་སྐུལ་བྱས་ཏེ་མང་ཚོགས་རང་བཞིན་གྱི་ཡར་ལངས་སོགས་འབྱུང་རྒྱུར་ཧ་ཅང་བློ་འཚབ་ཆེན་པོ་ཡོང་གི་ཡོད་འདུག 

ཧོང་ཀོང་མཱེན་པའོ་གསར་འགོད་པས་པེ་ཅིན་ནས་གནས་ཚུལ་སྤེལ་བ་ལྟར་ན།  པེ་ཅིན་ནུབ་ཁུལ་གསོལ་མགྲོན་ཁང་གི་མཐའ་འཁོར་དུ།  དམག་མི་དང་ཉེན་རྟོག་པས་ཁེངས་ཡོད་པ་མ་ཟད།  མེ་གསོད་རུ་ཁག་གི་རླངས་འཁོར་དང་མྱུར་སྐྱོབ་རླངས་འཁོར་མང་པོ་སྒྲིག་ཤོམ་གྱིས་གློ་བུར་བའི་དོན་རྐྱེན་འབྱུང་ཉེན་ལ་སྟ་གོན་བྱས་ཡོད་པ་སོགས།  སྐབས་ ༡༧ པའི་ཚོགས་འདུ་ཐེངས་ ༧ པ་དེ་ཧ་ཅང་ཛ་དྲག་གནས་བབ་ཅིག་གི་འོག་ཡོངས་བསྒྲགས་མིན་པའི་ཐོག་འཚོགས་བཞིན་པ་བརྗོད་འདུག 

དེ་བཞིན།  སྐབས་ ༡༨ པའི་ཚོགས་འདུའི་སྐབས་དང་བསྟུན་ནས།  པེ་ཅིན་གྲོང་ཁྱེར་གཅིག་པུར་བདེ་འཇགས་སྲུང་སྐྱོབ་པ་ཁྲི་ ༡༤༠ ལྷག་འགྲེམས་འཇོག་གིས།  པེ་ཅིན་གྲོང་ཁྱེར་ཧྲིལ་བོའི་མི་ཚོགས་འདུས་སྡོད་ཀྱི་ཁྲོམ་གཞུང་གང་སར་ལྟ་རྟོག་དང་། ཐ་ན། ཚོང་ར་ཁག་ནང་སྔོ་ཚལ་དང་ཤིང་ཏོག་གཙབས་བྱེད་ཀྱི་ཚལ་གྲི་ཡན་ཆད་བཙོང་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད།  དམར་ཤོག་འཐུས་མི་རྣམས་སྡོད་སའི་གསོལ་མགྲོན་ཁང་གི་ཉེ་འཁོར་ས་ཁུལ་ ༡༤ དང་། གྲོང་ཁྱེར་གྱི་གནད་ཡོད་སྲང་ལམ་ཁག་ ༦༤ ། ཟམ་པ་དང་འགག་སྒོ་ཁག་ ༣༢༣ བཅས་སུ་སྔོག་བཤེར་ས་ཚུགས་བཙུགས་ཏེ་དམ་དྲགས་ཤུགས་ཆེན་པོ་བྱས་ཡོད་འདུག 

ཐེངས་འདིའི་ཚོགས་འདུ་ནི་ ༢༠༠༧ ལོར་འདེམས་སྒྲིག་བྱས་པའི་སྐབས་ ༡༧ པའི་རྒྱ་གཞུང་དབུས་དམར་ཤོག་ཚོགས་པའི་འཐུས་མི་ ༥༠༠ ལྷག་གི་ཆེས་མཇུག་མཐའི་ཚོགས་འདུ་ཆེ་ཤོས་དང་།  རྒྱ་གཞུང་གི་དཔོན་རིགས་གསར་བའི་མི་འགྲོ་འདེམས་སྒྲིག་ཐག་གཅོད་ཐད་ཀྱི་མཐའ་མའི་ཚོགས་འདུ་དེ་ཆགས་ཡོད། 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 3

  1. དཀར་མཛེས་བསོད་བུ། says:
    ལོ་ 14 སྔོན།

    རྒྱ་ནག་དམར་ཤོག་ཚོགས་པའི་སྒྔིག་འཛུགས་འདི་བཟུང་ནས་ལོ་དྲུག་ཅུ་རེ་གྲངས་འགྲོ་ཚར་བ་ཡིན་དུས་བརྒྱ་ཆ་བརྒྱ་ཐམ་པ་བདེ་བླག་ངང་ཚོགས་པ་རེད།

    Reply
  2. འཇམ་གཅེས ། says:
    ལོ་ 14 སྔོན།

    ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། བོད་རྒྱལ་ལོ། ད་ཡིན་ན་ལྟད་མོ་ཆེན་པོ་ཞིག་མཐོང་བ་ཤོག །

    Reply
  3. ཚེ་བསོད། says:
    ལོ་ 14 སྔོན།

    ཚེ་རིང་རྒྱལ་ལགས། ཉི་མ་རེ་རེ་བཞིན་འདིའི་སྐོར་གྱི་གསར་འགྱུར་རེ་གཏོང་རྒྱུ་ཧ་ཅང་གལ་ཆེན་རེད། ཡིན་ནའང་ཡིག་ནོར་ལ་གཟབ་དགོས་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese