མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་བཟང་ཚེ་རིང་གི་སྙན་ངག་དེབ་ ༣ དབུ་འབྱེད།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་ཀྱིས་གསར་དུ་བྲིས་པའི་སྙན་ངག་གི་དེབ་ ༣ པར་སྐྲུན་དབུ་འབྱེད་གནང་སོང་།

ཁ་སང་ཕྱི་ཚེས་ ༡༦ ཉིན་གྱི་ཕྱི་དྲོ་བོད་སྨྱུག་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་དང་གོ་སྒྲིག་འོག ངྷ་ས་མེག་གྷན་འཇིགས་མེད་ཨེ་ཊ་ལེ་ཟ་ཁང་དུ་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་ཀྱི་གསར་དུ་བྲིས་པའི་སྙན་ངག་དེབ་ ༣ དབུ་འབྱེད་གནང་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་ཀྱིས་ཁོང་གི་སྙན་ངག་ཁག་ཅིག་གྱེར་འདོད་དང་། སྙན་ངག་སྐོར་ནས་མང་ཚོགས་ཀྱི་དྲི་བར་ལན་འདེབས་བཅས་གནང་ཡོད།

གསར་དུ་པར་སྐྲུན་དབྱེད་བྱས་པའི་སྙན་ངག་དེབ་ ༣ ནི་སེམས་འགྱུ་(wondering) དང་མི་བྱ་བ་གསུམ་(Three nevers)། མ་གློད་(Hold on) བཅས་ཡིན་ཞིང་། དེབ་གསུམ་པོ་སྙན་ངག་ ༤༦ ལས་གྲུབ་ཡོད་པ་དང་། ཐེངས་འདིར་གསར་དུ་པར་སྐྲུན་བྱས་པའི་དེབ་ ༣ ནང་གི་སྙན་ངག་རྣམས་བཀོད་སྤེལ་བྱས་མེད་པའི་སྙན་ངག་གསར་པ་རྐྱང་ཡིན་འདུག

དབུ་འབྱེད་མཛད་སྒོའི་སྟེང་། རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་ཀྱིས་སོ་སོའི་མི་ཚེ་ཕལ་ཆེ་བ་གཞུང་ཞབས་དང་བོད་དོན་འཐབ་རྩོད་སོགས་ཀྱི་ཐད་བཏང་ཡོད་ཀྱང་། ད་ཆར་བཙན་བྱོལ་སྤྱིའི་སྤྱི་ཚོགས་ཀྱི་བོད་དོན་འཐབ་རྩོད་ལ་ཁ་ཕྱོགས་ངེས་གཏན་དང་ཁ་གསལ་མེད་སྟབས། རང་ཉིད་གཞུང་དང་ཚོགས་པ་སྒྲིག་འཛུགས་ཁག་ལས་ཐོན་ཏེ། སོ་སོའི་སེམས་ཚོར་སྨྱུ་གུའི་རྩེ་རུ་འདྲེན་ཐབས་བྱེད་བཞིན་ཡོད་པར་བརྗོད་བྱུང་།

ཡང་ཁོང་གིས་རང་ཉིད་ཀྱི་སྙན་ངག་གི་སྐོར་ནས། ཁོས་ནམ་རང་ཉིད་ཀྱིས་གང་བྲིས་པ་རྣམས་སྙན་ངག་(poem) དང་སྙན་ངག་གི་རྩོམ་རིག་(poetry) ཅིག་ཡིན་པར་བརྗོད་ཀྱི་མེད་ཀྱང་། སོ་སོའི་མི་ཚེ་གང་བོར་རང་ཉིད་ཨང་གཉིས་པ་དང་བོད་དེ་ཨང་དང་པོ་འཛིན་གྱི་ཡོད་པས། རང་གི་ཕ་ཡུལ་ལ་བཟུང་པའི་བརྩེ་དུང་དང་བཙན་བྱོལ་བ་ཞིག་གི་སེམས་ཁོང་ན་ཡོད་པའི་ན་ཟུག་དག་སྨྱུག་ཁ་ནས་ཕྱི་རུ་མངོན་ཐབས་བྱེད་ཀྱི་ཡོད་པར་བརྗོད་བྱུང་།

ཁོང་གི་སྙན་ངག་གི་བརྗོད་བྱ་ཕལ་ཆེ་བས་རང་དབང་འཐབ་རྩོད་ཀྱི་ལྟ་གྲུབ་དང་སེམས་ཁམས། དབུ་མའི་ལམ་ཀྱི་སྲིད་བྱུས་འོག་ཁོང་ཁེར་ཡན་དུ་ཕྱིན་པའི་སྔ་རྗེས། ངྷ་སའི་རི་གྲོང་དང་། ལྷག་པར་དུ་ངྷ་སའི་རི་ངོགས་དང་ནགས་གསེང་མཐོ་ས་ནས་རྒྱང་རིང་གི་ཕ་ཡུལ་ལ་ཉིན་ལྟར་རེ་ལྟོས་བྱེད་བཞིན་པའི་སེམས་འགྱུ། སོ་སོའི་མི་ཚེའི་ལྟ་གྲུབ་ལས་ནམ་ཡང་མི་བྱ་བའི་དམ་བཅའ་སོགས་མཚོན་ཡོད་འདུག

ཁོང་གི་སྙན་ངག་དེབ་༼སེམས་འགྱུ༽ཡི་སྔོན་གླེང་ནང་། ཁོའི་ཚེ་སྟོད་ཕལ་ཆེ་བ་བོད་མི་མང་གི་ལས་དོན་ཐད་བཏང་ཡོད་ཅིང་། མི་ཚེའི་མཐའ་མ་དེ་བཙན་བྱོལ་གཞུང་མང་གི་ཆབ་སྲིད་ཀྱི་འགོག་རྐྱེན་ལྟ་བུ་ཞིག་ཏུ་འགྱུར་འཇུག་འདོད་མེད་པས། བོད་གཞུང་གི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་གནས་བབ་ཐད་བཅར་འདྲི་དང་སྐད་ཆ་བཤད་མཚམས་བཞག་སྟེ། བཙན་བྱོལ་བོད་གཞུང་ལ་དབུ་མའི་ལམ་གྱི་དམིགས་ཡུལ་འགྲུབ་པར་བྱས་ནས་ཁོང་གི་ལངས་ཕྱོགས་ནོར་ཡོད་པ་ར་འཕྲོད་པར་གནང་རྒྱུའི་རེ་བ་བྱས་ཡོད་ཀྱང་། ༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་ཆེན་མོ་བྱུང་རྗེས། ཁོང་ཚོས་བོད་མིའི་རང་དབང་ཆེད་སྡུག་སྦྱོང་དང་ཚེ་སྲོག་བློ་གཏོང་གིས་འཐབ་རྩོད་བྱེད་ཀྱི་ཡོད་པའི་གནས་བབ་འོག རང་ཉིད་ཁུ་སིམ་སིམ་སྡོད་ཐབས་བྲལ་ཡོད་སྐོར་གསལ་འདུག་ལ། ཁོང་གིས་ད་ཆར་བོད་ནང་གི་བོད་མི་ཚོས་སོ་སོའི་ཚེ་སྲོག་ལས་བོད་རྒྱལ་ཁབ་དང་མི་རིགས་གཅེས་པར་བཟུང་སྟེ་རང་ལུས་མེ་རུ་སྒྲོན་བཞིན་པར། རང་དབང་ལུང་པར་ཡོད་པའི་བཙན་བྱོལ་བོད་མི་ཚོས་ཁོང་ཚོའི་མངོན་འདོད་ལ་བདག་པོ་རྒྱག་རྒྱུ་དེ་གང་ལས་གལ་ཆེ་བར་བརྗོད་བྱུང་།

བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་ཀྱིས་པར་སྐྲུན་བྱས་པའི་དེ་སྔའི་དེབ་ནི། སང་ཉིན་དང་སྙན་ངག་གཞན་(Tomorrow and other poems) ཞེས་པ་དང་དབྱིན་སྒྱུར་བྱས་པའི་ཚང་དབྱངས་རྒྱ་མཚོའི་མགུར་གླུ་(Ocean of Melody)། ཐེངས་འདིར་གོང་གསལ་དེབ་ ༣ བཅས་ད་སྔ་དེབ་ལྔ་དཔེ་སྐྲུན་བྱས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 5

  1. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    བོད་མི་རིགས་ཀྱི་རིགས་ཀྱི་བུ་ཁྱེད་ཀྱི་སྙན་ངག་དཔར་སྐྲུན་གནང་བར་རྟེན་འབྲེལ་ཞུ།
    དེབ་ཀློག་པའི་དྭངས་བ་ཡལ་ནས་ལོ་མང་ཕྱིན་སོང་ཡང་། ཁྱེད་ཀྱི་སྙན་ངག་དེ་ངེས་པར་དུ་ཀློག་གི་ཡིན།

    Reply
  2. ཤར་མདའ། says:
    ལོ་ 13 སྔོན།

    ལྷ་བཟང་ཚི་རིང་ལགས་ཀྱི་སྙན་བདེ་འདི་འདྲ་པར་དུ་བསྐྲུན་ཐུབ་པ་རྟེན་འབྲེལ་ཞུ།  དཔེ་དེབ་དེ་གང་ནས་ཉོ་ཐུབ་ཀྱི་ཡོད་གསུང་རོགས་ཞུ།

    Reply
  3. བོད་ཀྱི་བུ། says:
    ལོ་ 13 སྔོན།

    བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་ཀྱི་སྙན་དེབ་པར་དུ་བསྐྲུན་པ་ལ་རྟེན་འབྲེལ་ཞུ། དངོས་གནས་མི་ཚེ་སེམས་ཁོང་ལ་རང་བཙན་ཞེས་པའི་ཡིག་འབྲི་གཉིས་ཀྱི་རྩ་དོན་ཆེད་བློས་གཏོང་དང་སྡུག་བསྔལ་བྱེད་ཀྱིན་པའི་རྒྱལ་གཅེས་པ་ཁྱེད་ལ་རྗེས་སུ་ཡི་རངས་ཡོད།

    Reply
  4. ཤིང་ལོ། says:
    ལོ་ 13 སྔོན།

    རྒན་དམ་པར་ཐུགས་རྗེ་ཆེ།

    Reply
  5. ཤག་སྒང་པ། says:
    ལོ་ 13 སྔོན།

    ལྷ་བཟང་ལགས་སུ་བཀྲིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese