༄༅། །མཁྱེན་ལྡན་རྒྱ་ཆེའི་སེར་སྐྱ་མི་མང་ལྷན་རྒྱས་ཀྱི་སྙན་ལམ་དུ།
ཆེད་ཞུ།
རྡ་ས་བཞུགས་སྒར་སྨན་རྩིས་ཁང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༸སྐྱབས་རྗེ་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་ནས་སྤྱི་ལོ་ ༢༠༡༣ ལོའི་སྤྱི་ཟླ་ ༤ ཚེས་ ༥ ནས་སྤྱི་ལོ་ ༢༠༡༣ ལོའི་སྤྱི་ཟླ་ ༥ ཚེས་ ༡༦ བར་དུ་གནམ་ཆོས་ལུགས་ཀྱི་སངས་རྒྱས་སྨན་བླའི་བཀའ་དབང་དང་། སྨན་གྱི་རྩ་བ་དཔལ་ལྡན་རྒྱུད་བཞིའི་ལྗགས་ལུང་། མན་ངག་ལྷན་ཐབས་ཀྱི་ལྗགས་ལུང་། རྩིས་ཀྱི་བསྟན་བཅོས་བཻ་ཌཱུརྱ་དཀར་པོའི་སྟོད་ཆའི་ལྗགས་ལུང་། ས་བདག་འཁྲུགས་བཅོས་ཀྱི་ལྗགས་ལུང་དང་དེའི་ཆོ་གའི་ལག་ལེན་སྐོར་ལ་བཀའ་ཁྲིད། ཚུག་གི་བཅོས་ཐབས་སོགས་ཆོས་ཚན་མན་ངག་ཟབ་ཆོས་བཞིའི་ལྗགས་ལུང་དང་དེའི་ཆོ་གའི་ལག་ལེན་སྐོར་ལ་བཀའ་ཁྲིད་བསྐྱང་རྒྱུ་གཏན་འཁེལ་ཡོད་ལ། དོན་གཉེར་ཅན་སྐྱ་སེར་ཕོ་མོ་མི་རིགས་རིས་མེད་ཀུན་གྱིས་ཞུ་ཆོག་པའི་ཟབ་ཆོས་གལ་འགངས་ཅན་ཤ་སྟག་ཡིན་ལགས་ན་ཐུགས་འདོད་ཡོད་རིགས་ནས་དགོངས་པར་མངའ་བ་ཞུ།
ཞིབ་ཕྲའི་མཛད་རིམ་དྲ་གནས་འདི་ལ་གཟིགས་པར་ཞུ།
www.men-tsee-khang.org/www.mentsee.org
སྨན་རྩིས་ཁང་ནས། ཕྱི་ལོ་ ༢༠༡༣ ཟླ་ ༡ པོ་ཚེས་ ༡༥ ཉིན།