མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གཞུང་མང་གཉིས་ཀས་བོད་དོན་ལ་རྒྱབ་སྐྱོར་མེད་པ་གསལ་བོ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་སྐྱོད་དང་རྒྱ་གར་རྒྱལ་ཡོངས་བོད་དོན་ཞུ་གཏུག་ལས་འགུལ། དེ་བཞིན་བཀའ་སྤྱི་ཐུན་མོང་གི་རྒྱ་གར་རྒྱལ་ས་ལྡི་ལིའི་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་སོགས་ཀྱི་དམིགས་ཡུལ་དང་འགྲུབ་འབྲས་ཐད་ལྟ་སྟངས་གང་འདྲ་ཡོད་མེད་བཅར་འདྲི་ཞུས་ཡོད།

ཉེ་ལམ་བཀའ་སྤྱི་གཉིས་ཀྱིས་སྣེ་འཁྲིད་པའི་ལྡི་ལིའི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་མཇུག་བསྒྲིལ་མ་ཐག འདི་གའི་གསར་འགོད་པས་བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་ཟུར་པ་དང་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་བསྟན་པ་བསམ་མཁར་ལགས་དང་། འགྲོ་བ་མིའི་ཐོང་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་རྣམ་གཉིས་ལ་དགོངས་ཚུལ་དྲིས་པར། བསྟན་པ་བསམ་མཁར་ལགས་ཀྱིས་རྒྱ་གར་མི་མང་ནང་བོད་དོན་ལས་འགུལ་སྤེལ་བ་དེས་བོད་དོན་དྲིལ་བསྒྲགས་ཐད་ཕན་ཐོགས་གང་འཚམ་བྱུང་ཡོད་ཀྱང་། གཙོ་ཆེ་ཤོས་བོད་མིའི་རྡོག་རྩ་ཆིག་བསྒྲིལ་གྱི་རྣམ་པ་ཤུགས་ཆེན་ཐོན་ཡོད་ཟེར། བསྟན་འཛིན་ཉིན་བྱེད་ལགས་ཀྱི་ལྟ་སྟངས་དེ་དང་ཅུང་མི་འདྲ་བར། བཀའ་སྤྱི་གཉིས་ཀྱི་ལས་འགུལ་སྔ་ཕྱིར་བལྟས་ཡོང་ན། རྒྱ་གར་གཞུང་དང་མི་མང་གཉིས་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་མེད་པ་གསལ་བོ་མཐོང་ཡོང་གི་འདུག་ཟེར།

བསྟན་པ་བསམ་མཁར་ལགས་ཀྱིས་བརྗོད་དོན། “ ལོ་སྔོན་མར་སྤྱི་འཐུས་ལྷན་ཚོགས་ཀྱིས་བདེན་པའི་མེ་ལྕེ་སྐོར་སྐྱོད་གནང་པ་དེས་ཁྱབ་བསྒྲགས་གང་འཚམ་སོང་ཡོད་པ་དང་། ཕན་ནུས་ཆེ་ཤོས་དེ་བོད་སྤྱི་བའི་རྩ་དོན་ཆེད་གཞུང་དམངས་གཞིས་བྱེས་རྡོག་རྩ་གཅིག་བསྒྲིལ་དང་གདུང་སེམས་མཉམ་སྐྱེད་ཡིན་པ་མཚོན་ཐུབ་ཡོད་པ་རེད” ཅེས་དང་། ཡང་ཁོང་གིས་བོད་ནང་མི་བརྒྱ་ལ་ཉེ་བས་རྩ་དོན་ཐོག་རང་ལུས་མེར་བསྲེགས་གནང་བ་དང་། རྒྱ་གཞུང་གིས་སྔར་ལས་ཇེ་མཁྲེགས་ཇེ་དམ་དུ་གཏོང་གི་ཡོད་པའི་ཛ་དྲག་གི་སྐབས་འདིར་བཙན་བྱོལ་ནང་གཞུང་དམངས་མཉམ་རུབ་ཐོག་ལས་འགུལ་དང་སེམས་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་ཀྱང་ནུས་པ་འདོན་པའི་དུས་ལ་སླེབ་ཡོད་སྐོར་གསུངས་སོང་། ཁོང་གིས་གསུངས་དོན། “ཚང་མ་བསམ་ཚུལ་གཅིག་པ་ཡིན་ན་དེ་དམངས་གཙོ་མ་རེད། ལྷག་པར་དུ་རྒྱ་ནག་ལ་ཁ་གཏད་གཅོད་སྐབས་ང་ཚོས་དུས་ནས་དུས་སུ་བོད་རང་བཙན་དྲན་གསོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོར་མཐོང་གི་ཡོད” ཅེས་གསུངས་ཏེ། རྒྱ་གར་མི་མང་ནང་ལམ་སེང་གྲུབ་འབྲས་འདི་རེད་ཅེས་རྡོག་རྡོག་ཅིག་སྟོན་རྒྱུ་ཁག་པོ་ཡིན་ཡང་། རྒྱ་གར་མི་མང་དང་ལྷག་པར་དུ་ཤེས་ཡོན་ཅན་གྱི་གཞོན་སྐྱེས་ཚོའི་ཁྲོད་བོད་པའི་རྩ་དོན་སྐོར་གོ་རྟོགས་ཤུགས་ཆེར་སྤེལ་ཐུབ་པ་དེ་མདུན་སྐྱོད་ཀྱི་གོམ་པ་ཆེན་པོ་ཞིག་ཡིན་པའི་བསམ་ཚུལ་བཏོན་བྱུང་།

ཡང་ཁོང་གིས་ ༡༩༥༩ ལོར་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་རྒྱ་གར་གྱི་མགོ་ཁྲིད་ཚོའི་ཁྲོད། ཇོར་ཇེ་ཧྥར་ནན་ཌ་(Gorge Fernandes) དང་ཇཱ་ཡ་པིར་ཀཱ་ཤཱི་ཎ་རཱ་ཡན་(Jayaprakash Narayan)། ཨཅརྱ་ཀི་རེ་པཱ་ལཱ་ནེ་ (Achary Kripalani) ཨ་ཌི་ཝ་ནེ་( L.K Advani)། ཝ་ཇཱི་པཱ་ཡེ་(A.B. Vajpayee) སོགས་གནད་ཡོད་མི་མང་པོས་དངོས་ཤུགས་བརྒྱུད་གསུམ་ནས་བོད་དོན་ཐོག་གོ་སྐབས་ནམ་བྱུང་ལ་སྐད་ཆ་བཤད་པ་མ་ཟད། འཛེམ་ཟོན་མེད་པར་རྒྱ་གར་གཞུང་ལའང་བོད་ཐོག་འཛིན་པའི་སྲིད་ཇུས་ནོར་ཡོད་པ་ཐེར་འདོན་བྱས་ཡོད་ཅིང་། མི་རབས་རྒན་པ་ཁོང་ཅག་གི་བོད་དོན་རྒྱབ་སྐྱོར་གྱི་ལངས་ཕྱོགས་དེ་རྒྱ་གར་གྱི་མི་རབས་གསར་པ་ཚོའི་ནང་མུ་མཐུད་ཐུབ་པ་དང་ཤུགས་ཆེ་རུ་གཏོང་རྒྱུའི་ཐོག་འབད་པ་བྱ་གལ་ཆེ་སྐོར་གསུངས་སོང་།

ཁོང་གིས་ “སྔོན་མ་ཝ་ཇཱི་པཱ་ཡེ་ལ་མཚོན་ན་ཕྱི་སྲིད་བློན་ཆེན་དང་སྲིད་བློན་གནང་པའི་སྐབས་རྒྱལ་སྤྱིའི་གནས་ཚུལ་དང་རྒྱ་གར་རང་གི་ཕྱི་སྲིད་སོགས་གནད་དོན་མང་པོ་ཞིག་ལ་དགོངས་པ་བཞེས་དགོས་ཀྱི་ཡོད་ཀྱང་། ཁོང་ཕྱི་སྲིད་བློན་ཆེན་དང་སྲིད་བློན་གྱི་རྐུབ་སྟེངས་སྟེང་མེད་པའི་སྐབས་ཤིག་ང་ཚོ་ཁོང་གི་གམ་དུ་བཀའ་སློབ་ཞུ་རུ་བཅར་པ་ཡིན། སྐབས་དེར་ཁོང་གིས་སོ་སོ་རྐུབ་སྟེགས་སྟེང་ཡོད་དུས་གཞུང་དང་ཚོགས་པ་སོགས་ལ་བསྟུན་དགོས་པ་མང་པོ་ཞིག་ཡོང་གི་འདུག ད་ལྟ་ང་རང་དབང་ཡོད་པའི་མི་རེད། ང་རང་དངོས་ནས་དྲང་གནས་བོད་དོན་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཡོད། ཡིན་ནའང་ཁྱོད་ཚོས་བོད་དོན་དྲིལ་བསྒྲགས་དང་ཕྱི་འབྲེལ་གྱི་ཐོག་འདང་གི་མི་འདུག་ཅེས་གསུངས་སོང་”ཟེར།

ཡང་ཁོང་གིས་བོད་དོན་ཐད་ཀང་རེ་སི་(Congress) དང་བྷེ་ཇཱེ་པཱེ་(BJP) གཉིས་ཀྱི་གང་ལ་རེ་བ་ཆེར་མཐོང་གི་ཡོད་མེད་ཐད། མཉམ་འབྲེལ་གཞུང་འཛིན་ཚོགས་པ་(Coalition Government) ཞིག་བསླེབས་པ་ཡིན་ན་མང་ཚོགས་ཀྱི་བསམ་ཚུལ་ཤུགས་ཆེར་སླེབས་ཐུབ་ཀྱི་ཡོད་སྟབས་བོད་དོན་ལ་རེ་བ་ཆེས་ཤོས་མཐོང་གི་ཡོད་པ་དང་། སྤྱིར་ཀང་རེ་སི་ཨ་ཡེ་(Congress I) བོད་པ་ཚོར་བཀའ་དྲིན་ཆེན་པོ་ཡིན་ཡང་། ཁོ་ཚོ་གཅིག་ནས་ནེ་རོ་(Jawaharlal Nehru) ཆབ་སྲིད་ཚོགས་པ་དང་གཉིས་ནས་ཀང་རེ་སི་ཨ་ཡེ་ཡི་མགོ་ཁྲིད་ཚོ་ནེ་རོ་ཁྱིམ་རྒྱུད་རྐྱང་ཆགས་ཡོད་པའམ་ཤུགས་རྐྱེན་འོག་ཡོད་སྟབས། ནེ་རོ་ཡིས་ “བོད་རྒྱ་ནག་གི་ཆ་ཤས་རེད”ཅེས་བརྗོད་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དེར་འགྱུར་བ་གཏོང་ཁག་པོ་ཡོད་སྐོར་བརྗོད་བྱུང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་སུ་དགོངས་ཚུལ་གང་འདྲ་ཡོད་མེད་བཅར་འདྲི་ཞུས་པར་ཁོང་གིས། འཐབ་རྩོད་གང་འདྲ་ཞིག་ཡིན་ཡང་ཤུགས་རྐྱེན་ཐེབས་སྟངས་གཉིས་ཏེ། གཅིག་ནི་གཞུང་གི་རྒྱབ་སྐྱོར་དང་གཉིས་པ་མང་ཚོགས་ཀྱི་རྒྱབ་སྐྱོར་ཡིན་པ་དང་། བོད་པའི་འཐབ་རྩོད་ཐད་རྒྱ་གར་གཞུང་གིས་སྲིད་ཇུས་ལ་འགྱུར་བ་བཏང་སྟེ་བོད་དོན་རྒྱབ་སྐྱོར་བྱེད་པ་ཡིན་ན་དེ་ཁ་ཡོད་ལག་ཡོད་ཆགས་ཡོད་པ། དེ་སྔོན་ ༡༩༦༢ ལོར་རྒྱ་དཀར་ནག་གི་དམག་འཁྲུག་བྱུང་རྗེས་རྒྱ་གར་གཞུང་གིས་བོད་ཀྱི་འཐབ་རྩོད་ལ་གཞུང་འབྲེལ་རྒྱབ་སྐྱོར་བྱ་རྒྱུའི་ལངས་ཕྱོགས་ཤིག་བཟུང་ཡོད་པ་མ་ཟད། སྲིད་བློན་ལ་བྷ་ཧ་ཌུར་ཤཱསྟི་ (LalBahadurShastri ) ཡིས་བོད་གཞུང་ངོས་འཛིན་བྱ་རྒྱུའི་འཆར་གཞི་བཏང་ཡོད་ཅིང་། གལ་སྲིད་གཞུང་འབྲེལ་ཐོག་སྲིད་ཇུས་རང་བཞིན་གྱི་རྒྱབ་སྐྱོར་ཐོབ་པ་ཡིན་ན་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་རག་ཡོང་གི་ཡོད་ཀྱང་། སྔ་ལོའི་བདེན་པའི་མེ་ལྕེ་དང་ཞུ་གཏུག་ལས་འགུལ། དེ་བཞིན་ལྡི་ལིའི་ལས་འགུལ་སོགས་སོགས་ལ་བལྟས་ཡོང་ན། རྒྱབ་སྐྱོར་གྱི་རྣམ་པ་སྟོན་པ་དང་གཏམ་བཤད་སྤེལ་མཁན་ཕལ་ཆེ་བ་ཕྱོགས་འགལ་ཚོགས་པ་དང་གཞུང་གི་མི་སྣ་ཟུར་པ་དེ་འདྲ་ལས་གཞུང་གི་གནད་ཡོད་གཅིག་ཀྱང་མདུན་དུ་ཐོན་ཏེ་སྐད་ཆ་བཤད་མེད་པ་དེ་ནི། རྒྱ་གར་གཞུང་གི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་མེད་པ་གསལ་བོར་སྟོན་གྱི་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས་གཉིས་པ་དེ་མང་ཚོགས་ཀྱི་རྒྱབ་སྐྱོར་ཡིན་ཡང་། བདེན་པའི་མེ་ལྕེ་སྐོར་སྐྱོད་སྐབས་རྒྱ་གར་ནང་དང་ལྷག་པར་དུ་ཕྱི་རྒྱལ་ཁག་ཏུ་ས་གནས་བོད་མི་ཚོ་མ་གཏོགས་རྒྱལ་ཁབ་དེ་དག་གི་ཡུལ་མི་ཚོ་དེ་ཙམ་འཛོམས་མེད་པ་དང་། རྒྱ་གར་མངའ་སྡེ་སོ་སོའི་ནང་ཞུ་གཏུག་ཕྱོགས་སྐྱོད་ཀྱིས་མང་ཚོགས་རང་བཞིན་གྱི་འགུལ་སྐྱོད་ཅིག་བྱུང་མེད་པ། ལྡི་ལིར་བཀའ་སྤྱི་གཉིས་ཀྱི་སྣེ་ཁྲིད་པའི་ལས་འགུལ་ལ་བལྟས་པ་ཡིན་ན། བོད་མི་ལྔ་སྟོང་ཙམ་དང་རྒྱ་གར་བ་གཅིག་སྟོང་ཙམ་འཛོམས་ཡོད་སྐོར་བཤད་པ་དེར་ཆ་བཞག་ཀྱང་། རྒྱ་གར་མི་གྲངས་ས་ཡ་མང་པོ་ལས་མི་གཅིག་སྟོང་ཙམ་ལས་བྱུང་མེད་པ་དེས་མང་ཚོགས་རང་བཞིན་གྱི་རྒྱབ་སྐྱོར་ཡང་ཐོབ་མེད་པ་གསལ་བོ་མཚོན་ཡོད་སྐོར་བརྗོད་སོང་།

ཁོང་གིས་མུ་མཐུད་སྐྱོན་ཆ་གཅིག་ལས་འགུལ་གྱི་འབོད་སྒྲ་གསལ་བོ་མེད་པའི་ཐད། བདེན་པའི་མེ་ལྕེ་ལ་མཚོན་ན་ “བདེན་པ་ ”ཟེར་པ་དེ་ལྟ་གྲུབ་རང་བཞིན་ཞིག་ལས་མི་མང་གིས་མཐོང་པ་ཙམ་དང་ཐོས་པ་ཙམ་གྱི་གོ་ཐུབ་པ་ཞིག་མིན་པ་དང་། དེ་བཞིན་ཉེ་ཆར་ལྡི་ལིར་ཚོགས་པའི་ལས་འགུལ་གྱི་འཕྲེད་དར་ཞིག་གི་སྟེང་ “བོད་ཀྱི་རིག་གཞུང་རྒྱ་གར་རིག་གཞུང་གི་ཆ་ཤས་རེད་” ཟེར་པ་ལྟ་བུར་མཚོན་ན། ཆ་མང་པོ་ཞིག་ནས་བོད་ཀྱི་རིག་གཞུང་དེ་རྒྱ་གར་དང་འབྲེལ་བ་ཆགས་ཡོད་ཀྱང་བོད་རང་ལའང་རིག་གཞུང་མེད་པ་ཞིག་མིན་པ་མ་ཟད། འགྲེལ་བཤད་རྒྱག་རྒྱུ་རེ་ཡོད་སྲིད་ཀྱང་ཐད་གར་བལྟས་ན་ཐེངས་འདིའི་ལས་འགུལ་གྱི་འབོད་སྒྲ་ཟེར་ན་འདྲ་ཁ་གསལ་མེད་པའི་མཐོང་སྣང་བྱུང་ཡོད་པར་བརྗོད་བྱུང་།

ལས་འགུལ་གྱི་རྣམ་པའི་ཆ་ནས་ཆབ་སྲིད་མགོ་ཁྲིད་ཚོ་དངོས་སུ་ལས་འགུལ་ནང་མཉམ་ཞུགས་ཀྱིས་མང་ཚོགས་དང་ལྷན་དུ་ཁྲོམ་གཞུང་ལ་ཐོན་པ་དེ་རྣམ་པ་གསར་པ་ཞིག་ཆགས་ཡོད་པ་དང་། དེས་མང་ཚོགས་ལ་སེམས་ཤུགས་སྤར་རྒྱུར་ཕན་ཐོགས་ཆེན་པོ་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༨ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 6

  1. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ།ཟེར་བ་ཞིག་མཇལ་མྱོང་།

    Reply
  2. ཀླུ་སྨྱོན། says:
    ལོ་ 13 སྔོན།

    ད་བཙན་བྱོལ་སྒྲིག་འཛུག་གིས་རང་མགོ་རང་གིས་གཡོག་མཚམས་བཞག་ན་ལེགས།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རྒྱ་གར་གཞུང་མང་གཉིས་ཀས་བོད་དོན་ལ་རྒྱབ་སྐྱོར་མེད་པ་གསལ་བོ་རེད་ཟེར། བ་འདི་ཅུང་ཟད་སྐད་ཆ་ཤོད་སྟངས་ཐལ་དྲགས་པ་མིན་ནམ། ལགས།

    Reply
  4. ཚེ་རིང་པོ། says:
    ལོ་ 13 སྔོན།

    སྐད་ཆ་བཤད་མཁན་གྱིས་ཡག་པོ་བཤད་འདུག་ལ། སྐད་ཆ་འདྲི་མཁན་གསར་འགོད་པས་ཀྱང་གནད་ལ་འཁེལ་བ་དང་དུས་སུ་བབ་པ་ཞིག་དྲིས་འདུག ཡིན་ནའང་ཆབ་སྲིད་ཀྱི་ཚོར་བ་མེད་མཁན་ཚོས་དེ་ཙམ་གལ་ཆེན་པོ་ཞིག་ཏུ་མཐོང་གི་མེད་སྲིད་ཀྱང་། གནས་ཚུལ་འདི་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་རེད། རྒྱ་གར་གཞུང་དམིངས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་མེད་པའི་དབང་གིས་ད་རེས་རྒྱ་གར་མི་མང་ནང་ལས་འགུལ་ཤུགས་ཆེན་པོ་སྤེལ་བ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བགྲེས་ཡོལ་དུ་ཕེབས་པ་རེད། གཞུང་ཞབས་རྒན་པ་མང་པོ་ཞིག་གིས་གལ་གསོ་བརྒྱབ་སྟེ་སྤྱི་ཚོགས་ནང་ནས་ཟུར་དུ་འཐོན་པ་རེད། བཙན་བྱོལ་བོད་གཞུང་དང་རྒྱ་གར་གཞུང་གཉིས་ཀར་འཛིན་སྐྱོང་བྱེད་མཁན་མི་གསར་པ་བསླེབས་ཡོང་དུས་རང་བཞིན་གྱིས་གནས་སྟངས་གསར་པ་ཞིག་ཆགས་ཡོང་གི་ཡོད་པ་རེད། དེ་བཙན་བྱོལ་གཞུང་གི་སེམས་ཚབ་གསར་པ་རེད། བོད་ནང་གི་མེར་བསྲེགས་ལས་ཀྱང་གལ་ཆེ་བ་ཆགས་ཡོང་གི་ཡོད་པ་རེད།

    Reply
  5. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    གྲོགས་ཉིན་བྱེད་ཀྱི་སྐད་ཆ་འདིས། དེ་སྔ་བཙན་བྱོལ་བོད་གཞུང་གི་མིང་བྱང་བརྗེ་བོ་རྒྱབ་པའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཁ་ཤས་ཀྱང་མཉམ་དུ་གསལ་རུ་བཏང་བ་འདྲ། ང་ཚོས་ཁ་ཐུག་གི་ལྟ་བ་དང་ཚོར་བ་མེ་སྦར་ནས་སྡོད་རྒྱུའི་ཕག་ན་འདི་ལྟའི་གནས་ལུགས་དང་དོན་དངོས་མང་པོ་ཞིག་འཚང་ཁ་རྒྱབ་ནས་ཡོད་སྟབས། ངས་ག་དུས་ཡིན་ན་ཞུས་ཞུས་པ་ལྟར། རྒྱ་གར་གཞུང་མང་གཉིས་ཀྱི་སྐུ་མདུན་ནས་བོད་མི་ཚོས་རང་ལྗིད་རང་གིས་ལོན་རྒྱུ་ནི་བཙན་བྱོལ་ནང་གི་རྩ་དོན་འཐབ་རྩོད་འདི་དུས་ཡུན་ཅི་ཙམ་གནས་ཐུབ་མིན་དང། ནུས་བ་གང་འདྲ་ཞིག་ཐོན་མིན་བཅས་ལ་སྔོན་དཔག་ཐུབ་བྱེད་ཅིག་མིན་ན་གང་ཡིན།།

    Reply
  6. བསྟན་རྣམ། says:
    ལོ་ 13 སྔོན།

    དོན་དག་ངོ་མ་དེ་བཤད་འདུག བསྟན་འཛིན་ཉིན་བྱེད་ཟེར་བ་འདིས་སྐད་ཆ་ངོ་མ་ཞིག་བཤད་འདུག ང་ཚོས་སོ་སོར་ཅིག་ཡོད་མདོག་མདོག་དང་། མང་པོ་ཞིག་གིས་རྒྱབ་སྐྱོར་ཡོད་མདོག་མདོག་བཤད་མ་བཤད་ཡོད་པ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese