མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད། མེ་ལྕེའི་འཐབ་རྩོད་ཀྱི་ཞི་རྒོལ།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

བིཇཱྱ་ཀྲནཏིས་བརྩམས།  རིག་འཛིན་ལྷུན་གྲུབ་ཀྱིས་བསྒྱུར།

རྒྱའི་དབང་བསྒྱུར་ལ་བོད་མི་རིགས་ཀྱིས་ངོ་རྒོལ་གྱི་མེ་ལྕེའི་ཚ་རླབས་འཕྱུར་ཡང་རྒྱལ་སྤྱིས་དོ་སྣང་བྱེད་ཀྱི་མེད།  དོ་འཁུར་མི་བྱེད་པ་ནི་དོན་དུ་འཚེ་བར་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པ་སྟོན་གྱི་ཡོད། ཕྱི་ཟླ་ ༡ ཚེས་ ༡༩ ཉིན་ཀླུ་ཆུ་ཤིས་ཚང་དཔོན་སྐོར་སྡེ་བའི་རང་ལོ་ ༡༧ ཡིན་པའི་འཇིགས་བྱེད་སྐྱབས་ལགས་ཀྱིས་སྡེ་བའི་སང་བར་དུ་བོད་ལ་རང་དབང་དགོས་པ་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་འབོད་སྒྲ་སྒྲོག་བཞིན་བརྒྱུགས། ཁོང་གི་གཟུགས་པོར་ས་སྣུམ་གཤོ་ཡོད་པ་མ་ཟད་ལག་ཏུ་མེ་ཆ་གཉིས་འཁྱེར་ཡོད།  གལ་སྲིད་ཁོང་གིས་མེ་སྤར་ཐུབ་ཡོད་ཚེ། ཁོང་ནི་ཕྱི་ལོ་ ༢༠༠༩ ཟླ་ ༢ ནས་བཟུང་བོད་ནང་རང་ལུས་མེར་བསྲེགས་ཀྱི་རླབས་རྒྱུན་མུ་མཐུད་བྱུང་པའི་ནང་གི་ཐེངས་ ༩༨ པ་དེ་ཆགས་ཡོད། འོན་ཀྱང་དེ་ལྟར་མ་བྱུང་པའི་སྔོན་ལ་ཁོང་སར་འགྱེལ་ཏེ་སྐུ་གྲོངས། རྗེས་སུ་ཁོང་གིས་བཞག་པའི་ཞལ་ཆེམས་ལས་ཤེས་རྟོགས་བྱུང་པར་གཞིག་ན། ཁོང་གིས་དུག་ཤུགས་ཆེན་བཏུང་སྟེ། གལ་ཏེ་རང་ཉིད་མེ་ལྕེའི་ཁྲོད་མ་ཤི་པའི་གནས་སྟངས་བྱུང་ཚེ་རྒྱའི་ཉེན་རྟོག་པའི་ལག་འོག་ཏུ་གསོན་པོར་གནས་འདོད་མེད་པ་སེམས་ཐག་གཙང་བཅད་གནང་ཡོད་འདུག

འཇིགས་བྱེད་སྐྱབས་རྒྱའི་སྤྱི་བདེ་ཉེན་རྟོག་པར་འཇིགས་སྣང་དེ་ནི་འཇར་མན་ནང་ནཱ་རྫེའི་དུས་སྐབས་སུ་ཧེ་ཐི་ལིའི་ ‘གསང་བའི་དྲག་ཆས་བདེ་ཚོགས’ ཀྱི་གནས་བབ་དང་གཅིག་མཚུངས་ཆགས་ཡོད། བོད་མི་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་བཏོན་པའི་སྙན་ཐོ་ཕྱོགས་བསྒྲིགས་ནང་། རྒྱའི་ཉེན་རྟོག་པ་ཚོས་བོད་མིའི་རང་ལུས་མེར་བསྲེགས་གནང་མཁན་ཚོར་སྲོག་སྐྱོབ་བྱེད་རྒྱུ་ལས་ལྡོག་སྟེ། ཁོང་ལ་རྡུང་རྡེག་དང་གློག་རྒྱུག་བེད་སྤྱོད་བཏང་འདུག གསོན་པོར་ལུས་པའི་རང་ལུས་མེར་བསྲེགས་གནང་མཁན་ ༡༥ ལས་མང་ཆེ་བ་གར་ཡོད་ཤེས་ཀྱི་མེད། ད་དུང་ཕ་མ་སྤུན་མཆེད་དང་ནང་མི་ཚོས་ཉེན་རྟོག་པ་དང་སྲིད་གཞུང་གི་སུན་གཙེར་མང་པོར་གདོང་ལེན་བྱེད་དགོས་ཀྱི་ཡོད།

སྙན་གྲགས་ཅན་གྱི་ཀིརྟི་དགོན་པ་དང་ཉེ་བའི་ལོ་ཟླའི་ནང་རྒྱ་གཞུང་ལ་ངོ་རྒོལ་དང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་གཙོ་ཆེར་བྱུང་ས་རྔ་པར་ ༢༠༡༡ ལོའི་ཟླ་ ༨ ཚེས་ ༡༣ ཉིན་རང་ལོ་ ༢༡ ལ་སོན་པའི་གྲྭ་བཀྲ་ཤིས་དང་རང་ལོ་ ༢༠ ལ་སོན་པའི་གྲྭ་ལུང་རྟོགས་གཉིས་ཀྱིས་མཉམ་དུ་རང་ལུས་མེ་རུ་བསྒྲོན། སྐབས་དེར་ལུང་རྟོགས་ཉེན་རྟོག་པ་མ་འབྱོར་གོང་ལ་སྐུ་གྲོངས་ཡོད་ཅིང་། བཀྲ་ཤིས་ལ་ཉེན་རྟོག་པ་ཚོས་རུབ་རྡུང་ཚབས་ཆེན་བཏང་རྗེས་བཙན་འཁྲིད་བྱས་ཡོད། དེའི་རྗེས་བཀྲ་ཤིས་ཚེ་ལས་འདས་པ་གསལ་བསྒྲགས་བྱས་མོད། ཉེན་རྟོག་ལས་ཁུངས་ནས་ཁོང་མེ་བསྲེགས་དང་ཉེན་རྟོག་པའི་རྡུང་རྡེག་གང་གིས་གྲོངས་པ་བརྗོད་མེད།

ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༧ ཉིན་རང་ལོ་ ༡༩ ལ་སོན་པའི་ཆོས་འཕེལ་དང་རང་ལོ་ ༡༨ ལ་སོན་པའི་མཁའ་དབྱིངས་གཉིས་རྔ་པའི་ཁྲོམ་གཞུང་དུ་རང་ལུས་མེ་རུ་བསྒྲོན།  མཁའ་དབྱིངས་ནི་ཀིརྟི་དགོན་པ་ནས་ཐོན་ཞིང་། ཆོས་འཕེལ་ནི་ཕྱི་ཟླ་ ༣ པའི་མགོ་སྟོད་དུ་རང་ལོ་ ༢༡ ལ་སོན་པའི་གྲྭ་ཕུན་ཚོགས་ཀྱིས་རང་ལུས་ཞུགས་འབུལ་གནང་རྗེས་དགོན་པ་ནས་ཕྱིར་འཕུད་བཏང་པ་ཞིག་ཡིན། ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་ངོ་རྒོལ་སྐབས་ཀིརྟི་ནི་དྲག་ཆས་ཉེན་རྟོག་པས་ཁེངས་ཡོད་ཅིང་། བོད་མི་ཞི་རྒོལ་པ་ ༡༣ ཙམ་མེ་མདས་དམར་གསོད་བཏང་ཡོད། དོན་རྐྱེན་གཞན་ཞིག་ནི། བཙུན་མ་ཞིག་གིས་མེ་ལྕེའི་ཁྲོད་འབོད་ཚིག་སྒྲོག་བཞིན་པའི་སྐབས་སུ། གསར་དུ་གཞིས་ཆགས་པའི་རྒྱ་རིགས་ཚོས་རྡོ་རུབ་བརྒྱབས་ཏེ་དམར་གསོད་བཏང་ཡོད།

རང་ལུས་མེར་བསྲེགས་གནང་མཁན་གྱི་ཐོ་གཞུང་ནང་ཕལ་མོ་ཆེ་གྲྭ་པ་དང་བཙུན་མ་ཡིན་པའི་རྒྱུ་མཚན་ནི། ཉེན་རྟོག་པའི་དམ་དྲག་དང་དགོན་པའི་ནང་དམར་པོའི་སློབ་གསོ་ཆད་མེད་དུ་སྤྲོད་བཞིན་ཡོད་སྟབས། དགོན་པ་ནི་ཧ་ཅང་སུན་སྣང་ཅན་གྱི་ཁོར་ཡུག་ཅིག་ཏུ་བསྒྱུར་ཡོད། རྒྱལ་གཅེས་ཆོས་གཅེས་ཟེར་བ་དེ་ནི་གྲྭ་པ་ཚོས་ངེས་པར་དུ་དམར་པོའི་ལམ་ལུགས་ལ་སློབ་སྦྱོང་བྱེད་དགོས་ཤིང་། ༧གོང་ས་མཆོག་ལ་མཚན་སྨོད་དང་བོད་རྒྱ་ནག་དང་ཐ་དད་ཡིན་པའི་ལོ་རྒྱུས་རང་བཞིན་ལ་མོས་མཐུན་མེད་པའི་རྩོམ་ཡིག་འབྲི་དགོས་པ་དེ་རེད།

འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ལྷག་རིང་པེ་ཅིན་གྱི་མགོ་གཉིས་སྲིད་ཇུས་འོག བོད་བརྒྱུད་ནང་བསྟན་དར་སྤེལ་གྱི་གནས་སྟངས་ནི། དགོན་པ་དང་ལྷ་ཁང་། རི་མོ་དང་བཟོ་བཀོད་དག་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་མགོ་སྐོར་གཏོང་ཆེད་ཙམ་དང་། བོད་ཀྱི་དགོན་པའི་གདན་རབས་ལུགས་སྲོལ་ལ་སྲིད་གཞུང་གི་སྒྲིག་གནོན་བཀོད་འདོམས་བྱེད་པ་ནི་དགོན་སྡེ་ཁག་ལ་དེ་བས་སུན་སྣང་ཆེ་ཤོས་ཆགས་ཡོད། ཕྱི་ལོ་ ༡༩༩༤ ལོར་བོད་ཐོག་ཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་ཚོགས་སྐབས། རྒྱ་ནག་དམར་པོས་བོད་ཐོག་སྟངས་འཛིན་བཀོད་སྒྲིག་སྲིད་ཇུས་ནི་དམར་པོའི་མགོ་གཙོ་ཚོས་བོད་དབང་འགྱུར་བྱས་ཏེ་ལོ་ ༤༣ ཕྱིན་རྗེས་བོད་པའི་སྤྱི་ཚོགས་ནང་། ཆོས་ལུགས་གལ་དགངས་ཆེན་པོ་ཡིན་པར་ངོས་འཛིན་བྱས་པ་ཐེངས་དང་པོ་དེ་ཆགས་ཡོད། དེ་ནི་སྲིད་ཇུས་ཀྱི་ཐབས་ཕྱོགས་གསར་པ་ཞིག་རེད།

སྲིད་ཇུས་འདིའི་འོག་པེ་ཅིན་གྱིས་ཕྱི་ལོ་ ༡༩༩༤ ལོར་ཀརྨ་པ་སྐུ་གོང་མ་དང་དེའི་རྗེས་ཕྱི་ལོར་ ༡༩༩༥ ལོར་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་སླད་བོད་རིགས་དགེ་འདུན་པ་དང་སྲིད་གཞུང་གི་ལས་བྱེད་མཉམ་འདུས་ཀྱི་ཚོགས་ཆུང་བཟོས་ཡོད། འོན་ཀྱང་།  ཚོགས་ཆུང་གིས་ངོས་འཛིན་བྱས་པའི་ཀརྨ་པ་ཕྱིས་སུ་རྒྱ་གར་ལ་བྲོས་བྲོལ་དུ་ཕེབས་ཡོད་མོད། དགུང་ལོ་ལྔར་ཕེབས་པའི་དགེ་འདུན་ཆོས་ཀྱི་ཉི་མ་ནི་པེ་ཅིན་གྱིས་ཐག་གཅོད་མ་བྱས་སྔོན་ལ་བཙན་བྱོལ་ནས་༧གོང་ས་མཆོག་གིས་ངོས་འཛིན་གནང་པ་ཡིན་སྟབས།  ཕྱི་ལོ་ ༡༩༩༥ ལོར་རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་པ་ནས་བཟུང་གར་སོང་ཆ་མེད་ཆགས། པེ་ཅིན་རྒྱལ་མཚན་ནོར་བུ་ཟེར་བའི་བྱིས་པ་གཞན་ཞིག་པཎ་ཆེན་ངོ་མ་ཡིན་པར་བསྒྲགས།

ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༣ ཉིན་པེ་ཅིན་གྱིས་ཆོས་ལུགས་དམ་དྲག་ཆེ་རུ་བཏང་སྟེ། ཆོས་ལུགས་ལས་དོན་ལྷན་ཁང་གིས་ཡིག་ཆ་ཨང་ ༥ ཞེས་པ་ཞིག་བཏོན་པའི་ནང་། སྤྲུལ་སྐུ་ངོས་འཛིན་གྱི་མཐའ་མའི་ཐག་གཅོད་དབང་ཆ་བོད་ཀྱི་དགོན་པའི་འགན་འཁུར་ཚོགས་ཆུང་ནས་དམར་ཤོག་ཚོགས་པའི་ལག་ཏུ་བཅོས་བསྒྱུར་བྱས་ཤིང་། སྲིད་གཞུང་གིས་སྟངས་འཛིན་དོ་དམ་བྱེད་རྒྱུ་བྱས་ཡོད། རྙོག་ཟིང་གཞན་ཞིག་ནི་ ༧ གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རྗེས་མ་གལ་ཏེ་དམར་པོའི་སྲིད་གཞུང་གིས་འབྲེལ་ཡོད་འགན་འཁུར་བ་ཚོས་ཡང་སྲིད་ཐག་གཅོད་བྱས་པ་དེ་ནི་ཁྲིམས་མཐུན་དང་ཏཱ་ལའི་བླ་མ་ངོ་མ་ཡིན་པར་བསྒྲོག་ངེས། དེ་འདྲའི་འགྲེལ་བརྗོད་ཀྱིས་དེང་སྐབས་བོད་ཀྱི་དགེ་འདུན་པའི་ཁྲོད་ཞེ་སུན་དམིགས་བསལ་ཞིག་འབྱུང་བཞིན་ཡོད།

རྒྱ་ནག་གི་དབང་བསྒྱུར་འོག་བོད་རང་སྐྱོང་ལྗོངས་དང་།  རྒྱ་ནག་གི་ཞིང་ཆེན་ཡུ་ནན་དང་སི་ཁྲོན། ཀན་སུའུ་དང་ཧྲན་ཧ་ཞིང་ཆེན་གྱི་ཁྱབ་ཁོངས་སུ་བཏང་པའི་ཁམས་ཨ་མདོ་བཅས་སུ་འཚོ་སྡོད་བྱེད་མཁན་བོད་རིགས་མི་མང་འགོས་ཀྱིས་བསྒྱུར་བཅོས་སྲིད་ཇུས་དེ་བཞིན་བོད་ཀྱི་དཀའ་རྙོག་སེལ་ཐབས་ཉག་ཅིག་ཡིན་པར་རློམ་པ་ནི། བོད་མི་མང་གི་སྤྱི་ཚོགས་ནང་སུན་སྣང་དང་བྱེད་ཐབས་ཟད་པའི་གནས་ཚུལ་དག་གི་བྱུང་རྐྱེན་གཙོ་པོ་དེ་ཆགས་ཡོད།

པེ་ཅིན་གྱི་ནུབ་རྒྱུད་སྒོ་འབྱེད་ཅེས་པའི་ལས་གཞིའི་འོག་འདས་པའི་ངོ་ལོ་བཅུ་ཕྲག་གཉིས་ཙམ་ནང་རྒྱ་རིགས་ས་ཡ་མང་པོ་བོད་ས་ཁུལ་དུ་གནས་སྤོར་གཞིས་ཆགས་བཞིན་ཡོད། དེས་རྐྱེན་པས་བོད་མི་རྣམས་སོ་སོའི་གྲོང་སྡེ་དང་བོད་ཡོངས་སུ་ཡ་ང་བའི་གྲངས་ཉུང་མི་རིགས་ཆགས་ཟིན། གནའ་སྔ་མོ་ལྷ་སར་ནམ་རྒྱུན་གནས་སྡོད་བྱེད་མཁན་མི་འབོར་སྟོང་ཕྲག་ ༢༠ ཙམ་དང་། ལོ་འཁོར་སྨོན་ལམ་ཆེན་མོའི་སྐབས་སུ་ཡང་སྟོང་ཕྲག་  ༡༠༠ ཙམ་ལས་མེད་པའི་རྒྱལ་ས་ཞིག་ཡིན་མོད།  ༢༠༠༨ ལོར་དེབ་སྐྱེལ་བྱས་པའི་སྣུམ་འཁོར་གྲངས་སྟོང་ཕྲག་ ༡༠༠ ཟིན་ཡོད་འདུག དེང་སྐབས་ལྷ་ས་ཁུལ་རང་དུ་ཧན་རིགས་ས་ཡ་གཅིག་ལས་མང་པ་གནས་སྡོད་བྱེད་ཀྱི་ཡོད།

ས་ཁུལ་བཟང་ས་ཚང་མ་ཞིང་ས་དང་གྲོང་སྡེ་གསར་འཛུགས། གྲོང་ཁྱེར་རྒྱ་སྐྱེད་དང་གཏེར་ཁ་སྔོག་གདོན་ལས་འཆར་བཅས་ཀྱི་ཆེད་བཀོལ་སྤྱོད་བྱེད་ཀྱི་ཡོད། ལས་འཆར་གསར་བསྐྲུན་བྱེད་པ་དང་ཚོང་ལས་རིགས་ཀྱི་དམིགས་ཡུལ་ནི་རྒྱ་རིགས་ཚོའི་ཆེད་དུ་ཡིན། བོད་སྐད་ལའང་རྒྱ་སྐད་ཀྱི་བཙན་འཛུལ་ཐེབས་ཏེ་བོད་རིགས་གཞོན་སྐྱེ་ཚོར་གྱོང་གུད་ཆེན་པོ་རག་གི་ཡོད་པ་མ་ཟད། རྒྱ་རིགས་ཆེན་པོའི་ཁྲོད་སྤྱི་ཚོགས་དང་ཆབ་སྲིད་དོན་གཉེར་བྱེད་རྒྱུའི་གནས་བབ་ཧ་ཅང་ཞན་པ་བཅས་ཀྱིས་བོད་མིར་སུན་སྣང་ཆེ་རུ་འགྲོ་བཞིན་ཡོད།

ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་རང་ལོ་ ༦༠ ལ་སོན་པའི་བུད་མེད་པ་སངས་ལྷ་མོས་པེ་ཅིན་དུ་སྲིད་གཞུང་ལས་ཁུངས་མདུན་དུ་རང་ལུས་མེར་བསྲེགས་བཏང་། དྲང་བདེན་གྱི་ཆེད་དུ་ཁོ་མོས་བོད་ཤར་རྒྱུད་ནས་འགྲུལ་བཞུད་ཀྱིས་པེ་ཅིན་དུ་ཡོང་དོན། ས་གནས་དབང་འཛིན་པས་ས་ཡོམ་བརྒྱབ་རྗེས་བསྐྱར་སྐྲུན་ལས་གཞིར་ཁ་གཡར་ཏེ་ཁོ་མོར་བདག་པའི་ས་ཁང་བཙན་འཕྲོག་བྱས་པར་གུན་གསབ་སྤྲད་མེད་པས་རེད།

གཅིག་མཚུངས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༧ ཉིན། རང་ལོ་ ༤༠ ལ་སོན་པའི་བུད་མེད་བདེ་སྐྱིད་ཆོས་འཛོམས་ཀྱིས་སྐྱེ་རྒུ་མདོར་མི་མང་ངོ་རྒོལ་སྐབས་རང་ལུས་མེར་བསྲེགས་གནང་།  ས་ཡོམ་བརྒྱབ་རྗེས་སུ་བསྐྱར་འཛུགས་ཀྱི་ལས་གཞིར་ཁ་གཡར་ནས་བཙན་འཕྲོག་བྱས་པའི་བོད་རིགས་ཁྱིམ་ཚང་ ༧༠ ལྷག་གི་ས་ཁང་བདག་དབང་ཕྱིར་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད།

ཉེ་ཆར་ང་བོད་ནང་འགྲུལ་སྐྱོད་སྐབས་ཤིག་ཁྲན་ཏུའུ་དང་ལི་ཐང་བར་གྱི་རི་འདབས་ཀྱི་གཞུང་ལམ་ཐོག་ཤིང་སྡོང་འོར་འདྲེན་བྱེད་པ་དང་།   སྡོང་པོ་བརྒྱ་ཕྲག་མང་པོ་རི་འདབས་སུ་འོར་འདྲེན་བྱེད་ཆེད་བཞག་འདུག་པ་མཐོང་། རྒྱལ་སྤྱིའི་འཆར་རྩིས་སྣ་ཚོགས་ཀྱི་ནང་བོད་ནས་རྒྱ་ནག་ནང་འོར་འདྲེན་བྱས་པའི་ཤིང་སྡོང་རིན་བབ་ནི་ཨ་སྒོར་ཐེར་འབུམ་ ༥༠ ཟིན་གྱི་ཡོད། དེ་ནི་ལོ་ནས་ལོ་བསྟུད་དེ་རྒྱ་ནག་དམར་པོའི་མགོ་ཁྲིད་ཁག་ཅིག་གི་ཨམ་ཕྲག་ནང་འཐིམ་བཞིན་ཡོད།

ཉེ་ཆར་རྒྱ་གཞུང་གིས་ས་ཁུལ་དེ་དག་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞིའི་འོག བོད་པའི་མི་འབོར་གསུམ་ཆ་གཅིག་ཟིན་པའི་འབྲོག་པར་གཏོར་ཤིག་གཏོང་མགོ་ཚུགས། སྤྱི་ཚོགས་ཚན་རིག་དང་མཐུན་པའི་ལས་འཆར་ཞེས་པའི་ཁོངས་སུ་འབྲོག་པ་ཚོས་གནས་ངེས་མེད་དང་།  ཕྱུགས་ཟོག་བདག་གཉེར་གྱི་འཚོ་ཐབས་བསྐྱུར་ནས་གྲོང་ཁྱེར་གསར་པའི་ནང་འཚོ་སྡོད་བྱེད་དགོས་པའི་བཙན་བཀའ་གཏོང་གི་ཡོད།  སོ་ཕག་གི་ཁང་ཆུང་ནང་སྡོད་བཟོད་མི་བདེ་པ་དང་། གྲོང་ཁྱེར་གྱི་ལམ་ལུགས་གསར་པའི་ནང་འཚོ་ཐབས་དཀའ་ཚེགས་ཅན་དུ་གྱུར་ཡོད་པ་མ་ཟད། གཞོན་སྐྱེས་ཚོ་ལས་མེད་ཆགས་ཏེ་ཉལ་ཐ་སྤྱོད་པ་དང་རྒྱན་འགུག་ཤོ་རྒྱག ཆང་རག་བག་མེད་ལོངས་སུ་སྤྱོད་པ་སོགས་འབྱུང་བཞིན་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༡༡ཚེས་ ༢༦ ཉིན་རང་ལོ་ ༡༨ ལ་སོན་པའི་དཀོན་མཆོག་ཚེ་རིང་ལགས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས། ཁོང་ནི་གཉེན་འགྲིག་ཟིན་པ་དང་། སྔོན་མ་འབྲོག་པ་ཡིན་ཞིང་ཉེ་བའི་ལོའི་ནང་བཙན་དབང་གིས་ཀན་སུ་ཞིང་ཆེན་གྱི་ཨ་མཆོག་སྡེ་པར་གནས་སྤོ་བྱེད་བཅུག་པ་ཞིག་རེད།

དེང་སྐབས་རྒྱ་གཞུང་འོག་དཀའ་ངལ་ཡོད་པ་དང་མི་སེར་སྤེལ་ཡུལ་གྱི་དབང་སྒྱུར་བྱེད་མཁན་ཧན་རྒྱ་རིགས་ལ་ངོ་རྒོལ་བྱེད་མཁན་བོད་པ་གཅིག་པུ་མ་རེད། ཉེ་རབས་ལོ་ཟླའི་ནང་ཞིན་ཅཱིང་དང་ནང་སོག་བཅས་ཀྱིས་ཀྱང་ངོ་རྒོལ་བརྒྱ་ཕྲག་མང་པོ་འབྱུང་བཞིན་ཡོད། བོད་མི་རང་ལུས་མེར་བསྲེགས་གནང་མཁན་མི་གྲངས་ ༩༩ ལས་སུ་གཅིག་གིས་ཀྱང་ངོ་རྒོལ་བྱེད་སྐབས་རང་ཡུལ་ལ་བཙན་འཛུལ་བྱེད་མཁན་རྒྱ་རིགས་སུ་གང་དམར་གསོད་དང་གནོད་འཚེ་བྱས་མེད། དེ་ནི་སྤྱི་ཚོགས་ཆབ་སྲིད་དཔྱད་རྗོད་པ་ཚོར་དོ་སྣང་བྱེད་གཞི་ཞིག་ཆགས་ཡོད། ལྡོག་ཕྱོགས་ནས་ ༢༠༠༩ ལོའི་ཟླ་ ༦ ནང་ཀོང་ཏུང་ཞིང་ཆེན་དུ་ཧན་རྒྱ་རིགས་གཞོན་སྐྱེས་འགས་ཡུ་གུར་མི་ ༣ བསད་ཡོད་པ་དང་། ཡུརུམཅི་དང་ཀཱཤིགྷར་དུ་ཊུཀི་ཁ་ཆེ་ཚོས་ཧན་རྒྱ་རིགས་ཡུལ་བྱོལ་པ་དང་ཉེན་རྟོག་པ་ ༢༠༠ ལྷག་ལ་རྡུང་རྡེག་བཏང་ཡོད། འོན་ཀྱང་རྒྱའི་ཉེན་རྟོག་པ་དང་ཧན་རྒྱ་རིགས་མཉམ་རུབ་ཀྱིས་ཞེ་འཁོན་བརྩད་དེ་ཞིན་ཅཱིང་དུ་ཡུ་གུར་པ་སྟོང་ཕྲག་ལྷག་དམར་གསོད་དང་བཙོན་འཇུག་གི་བྱ་འགུལ་སྤེལ་ཡོད།

དེང་སྐབས་བོད་ནང་རང་ལུས་མེར་བསྲེགས་ཀྱི་རླབས་རྒྱུན་དྲག་ཏུ་འཕྱུར་བཞིན་པ་དེར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་ནི་བློ་ཕམ་དགོས་པ་ཞིག་རེད། འཛམ་གླིང་འདིར་ཊུའུ་ནེ་ཤི་ཡའི་སྲང་ལམ་དུ་ཚོང་པ་ཆུང་ཆུང་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱལ་ཁབ་བཅུ་ཕྲག་ལྷག་ནང་གཅིག་རྗེས་གཉིས་མཐུད་ཀྱིས་གྱེན་ལངས་བྱུང་ ཡོད་ཀྱང་། ཚེ་སྲོག་བརྒྱ་ཕྲག་ཅིག་མེ་ཕུང་ཁྲོད་འདས་ཟིན་ཡང་ད་དུང་ཞི་བདེའི་ཁ་ཕྱོགས་མ་མངོན། དེང་སྐབས་པེ་ཅིན་གྱི་དཔལ་འབྱོར་དང་དམག་སྟོབས་འགྲན་ཐབས་བྲལ་ཏེ་མགོ་དུད་མཁན་ཇེ་མང་དུ་འགྲོ་བཞིན་པ་དེས། འཛམ་གླིང་ཧྲིལ་པོར་ཁྱབ་པའི་འཐབ་རྩོད་པ་རྣམས་ལ་བརྡ་ལན་ངན་པ་ཞིག་སྤྲོད་ཀྱི་ཡོད། དེ་ནི་འཚེ་བའི་རྣམ་འགྱུར་ཁོ་ན་མ་གཏོགས་འཛམ་གླིང་ཐོག་བདག་པོ་མེད་པ་སྟོན་གྱི་ཡོད། དེ་ལྟར་གྱུར་ཚེ། རྒྱལ་སྤྱིའི་ཚོགས་སྡེ་ཁག་ཏུ་མི་སེར་སྤེལ་ཡུལ་གྱི་དབང་བསྒྱུར་འོག་གི་བོད་པ་ལས་ལྷག་པའི་གྱོང་གུད་རག་ངེས་ཡིན།

མ་རྩོམ་གྱི་དྲ་ཐག  http://www.phayul.com/news/article.aspx?c=4&t=1&id=32960&article=TIBET+%3a+WHERE+EVEN+FIERY+RESISTANCE+CAN+BE+PEACEFUL

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༨ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 1

  1. མེ་རྟགས། says:
    ལོ་ 13 སྔོན།

    གནས་ལུགས་དང་གནད་ཁེལ་བའི་རྩོམ་ཡིག་ཅིག་བསྒྱུར་བར་ལོ་ཙཱ་བར་ཐུགས་རྗེ་ཆེ་ཞུ། ཡིན་ནས་རྩོམ་པ་པོའི་ངོ་སྤྲོད་ཅིག་མེད་པ་དེས་བློ་སོམ་ཉི་ཡི་ངང་དུ་གནས་དགོས་ཁེལ་སོང་བས་རྗེས་སོར་རྩོམ་པ་པོའི་ངོ་སྤྲོད་རགས་ཙམ་ཡོད་པར་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese