མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་བརྡ་འཕྲིན་ཅན་དུ་བསྒྱུར་ཏེ་སྲུང་སྐྱོབ་དར་སྤེལ་གཏོང་དགོས།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ངྷ་སའི་དཔེ་མཛོད་ཚོགས་ཁང་དུ་སྨོན་ལམ་བོད་ཡིག་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག བོད་ཡིག་དཔེ་དེབ་ཇུས་འགོད་དང་ཡིག་གཟུགས་གསར་རྙིང་བརྗེ་བསྒྱུར་སྐོར་ལ་ཉིན་བདུན་རིང་གི་ཟབ་སྦྱོང་ཞིག་མགོ་འཛུགས་བྱས་ཡོད།

དེ་རིང་ཞོགས་པའི་ཆུ་ཚོད་ ༩།༣༠ སྟེང་། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག ངྷ་རམ་ས་ལ་གཙོས་རྒྱ་གར་ལྷོ་ཕྱོགས། ལྡི་ལི། བལ་ཡུལ་བཅས་ཀྱི་རྩོམ་སྒྲིག་ཁང་དང་ཚོགས་སྡེ་ཁག སློབ་གྲྭ་དང་དགོན་པ་བཅས་སྡེ་ཚན་ ༤༢ ཙམ་གྱི་གློག་ཀླད་ཆེད་ལས་པ་ ༨༠ ཙམ་ལ་ཟབ་སྦྱོང་ཞིག་མགོ་འཛུགས་གནང་ཡོད་ཅིང་། ཉིན་ ༧ རིང་གི་ཟབ་སྦྱོང་དེའི་ཐོག གློག་ཀླད་ནང་གི་བོད་ཡིག་གསར་རྙིང་བརྗེ་བསྒྱུར་བྱེད་ཕྱོགས་དང་དཔེ་དེབ་ཇུས་འགོད་སོགས་ཀྱི་ཐད། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་དཔེ་དེབ་ཇུས་འགོད་ཆེད་མཁས་སྐུ་ཞབས་ཚེ་རྣམ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་ལས་བྱེད་བློ་བཟང་ཡར་འཕེལ་བཅས་ཀྱིས་ཟབ་འཁྲིད་གནང་རྒྱུ་ཡིན་འདུག

 ཟབ་སྦྱོང་དབུ་འཛུགས་ཐོག སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་ཀྱིས། བོད་ཀྱི་སྐད་ཡིག་ནི་བརྡ་སྤྲོད་བྱེད་ཙམ་མ་ཡིན་པར་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། ནང་བསྟན་ཆོས་ལུགས་སོགས་ལ་སློབ་གཉེར་ཐོག་གལ་ཆེན་ཡིན་སྟབས་བོད་སྐད་ཡིག་སྲུང་སྐྱོབ་དར་སྤེལ་ཐོག་ཚང་མར་འགན་ཡོད་པ་དང་། དེང་སྐབས་བོད་སྐད་ཡིག་དེ་འཛམ་གླིང་ཐོག་ཧ་ཅང་འཇིག་ཉེན་ཅན་ཞིག་ཆགས་ཡོད་སྐོར་བརྗོད་བྱུང་། ཁོང་གིས་མུ་མཐུད་དུས་རབས་ཉེར་གཅིག་པའི་བརྡ་འཕྲིན་བརྒྱུད་ལམ་འདི་ནི་སྐད་ཡིག་དར་སྤེལ་དང་རྒྱུ་འཛིན་ཡོང་ཐབས་ཐོག་ཧ་ཅང་གལ་ཆེན་ཆགས་ཡོད་ཅིང་། བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་ལའང་འགྱུར་བ་ཞིག་མི་གཏོང་རང་གཏོང་ཆགས་ཡོད་པ་དང་། བོད་ཡིག་གི་ཡིག་གཟུགས་དང་། དེ་ནས་མིང་དང་ཚིག བརྗོད་པ། སྒྲ་གདངས་སོགས་བརྡ་འཕྲིན་ཅན་དུ་བསྒྱུར་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་ལྟ་བུ་ཆགས་ཡོད་སྟབས། དེ་ལ་ཚང་མས་འབད་བརྩོན་དང་མཉམ་རུབ་གནང་དགོས་སྐོར་བརྗོད་བྱུང་།   

ཡང་ཁོང་གིས་༧གོང་ས་མཆོག་གིས་ཐེངས་གཉིས་ཙམ་བཀའ་སྐུལ་གནང་བ་ལྟར། ད་ཆར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་བཙུགས་ཏེ་གཙོ་བོ་ཚིག་མཛོད་ཅིག་རྩོམ་སྒྲིག་བྱེད་ཀྱི་ཡོད་ཅིང་། དེ་ནི་ལོ་ ༩ ཙམ་གྱི་ལས་འཆར་ཞིག་ཡིན་པ་དང་། ལས་གཞི་གཞན་ཞིག་ནི། བོད་པའི་བརྡ་སྤྲོད་དེ་གློག་ཀླད་ནང་དབྱིན་ཡིག་ནང་བཞིན་ཞུ་དག་དང་ཚིག་གྲུབ་བཟོ་ཐུབ་ཐོག་ཞིབ་འཇུག་བྱེད་ཀྱི་ཡོད་སྐོར། ཚིག་མཛོད་ཀྱི་ལས་གཞི་དེ་ནི་མཉམ་ལས་རང་བཞིན་ཞིག་ཡིན་སྟབས་ཚང་མ་མཉམ་ཞུགས་གནང་གལ་ཆེ་བ་དང་། བརྡ་གསར་རྙིང་དང་སོ་སོའི་ལུང་སྐད་རིགས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ལ་མཁོ་སྤྲོད་ཡོང་པའི་རེ་སྐུལ་བཅས་གནང་སོང་།

དེའི་རྗེས་ཟབ་སྦྱོང་དབུ་འཛུགས་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། འདས་པའི་ལོ་མང་རིང་ནས་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་སོ་སོའི་རྣམ་དཔྱོད་ལ་བརྟེན་ནས་དཀའ་ལས་བརྒྱབ་སྟེ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་དང་། ཁོང་གི་གྲུབ་འབྲས་ལ་སྤྱི་ཚོགས་ནང་གདེང་འཇོག་དང་བསྔགས་བརྗོད་ཞུ་ཡུལ་ཞིག་ཆགས་ཡོད་པ། ཁོང་སྒེར་ལ་མཚོན་ན་ལས་གནས་ཀྱི་ངོས་ནས་དཔེ་མཛོད་ཁང་དུ་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་འགན་ཡིན་ཡང་། དེང་དུས་ཀྱི་ཤེས་ཡོན་དང་ལྷག་པར་དུ་ཚན་རིག་དང་བརྡ་འཕྲིན་བརྒྱུད་ལམ་རིགས་ལ་སློབ་གཉེར་བེད་སྤྱོད་བྱ་རྒྱུར་ཧ་ལས་པའི་གལ་ཆེན་པོར་བརྩི་བཞིན་ཡོད་སྐོར་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་དར་སྤེལ་སོགས་ཀྱི་ལས་དོན་དེ་ཉིན་ནས་ཟླ་དང་། ཟླ་ནས་ལོ་བསྟུད་དེ་ཤུགས་རྒྱག་དགོས་པ་ཞིག་ཡིན་པ་ལས། འཕྲལ་སེལ་སྐད་འབོད་དང་ལས་འགུལ་ཙམ་གྱིས་སེལ་ཐུབ་པ་ཞིག་མིན་སྟབས། ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ་བོད་ཀྱི་སྐད་ཡིག་བོད་པའི་སྤྱི་ཚོགས་ནང་སྲུང་སྐྱོབ་བེད་སྤྱོད་བྱེད་ཐུབ་པ་ཙམ་མ་ཟད། རྒྱལ་སྤྱིའི་སྟེང་བེད་སྤྱོད་ཀྱི་སྡིངས་ཆ་ཞིག་ཟིན་ཐུབ་པར་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེང་སྐབས་དགོས་པ་རྒྱུ་མཚན་མང་པོ་ལ་བརྟེན་ནས་ཕྱི་རྒྱལ་བའི་ཁྲོད་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་ནི་བོད་ཀྱི་སྐད་ཡིག་རྒྱལ་སྤྱིའི་སྟེང་བེད་སྤྱོད་ཀྱི་ཁོར་ཡུག་ཆེ་རུ་འགྲོ་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་གིས་འཛམ་གླིང་སྤྱི་ཚོགས་ལ་ཕན་རླབས་བསྐྲུན་ཐུབ་པ་སོགས་ཀྱི་གནད་འགག་ཅིག་ཆགས་ཡོད་སྐོར་བརྗོད་བྱུང་།

ཉིན་བདུན་རིང་གི་ཟབ་སྦྱོང་ཐོག ཡིག་གཟུགས་གསར་རྙིང་བརྗེ་བསྒྱུར་དང་། དཔེ་དེབ་ཇུས་འགོད་མཉེན་ཆས་(InDesign CS3/ CS4/ CS5/ CS6) བཅས་ཀྱི་སྐོར་ལ་ཟབ་སྦྱོང་སྤྲོད་འཆར་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༦ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 11

  1. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    ཟབ་སྦྱོང་ལས་རྙན་དྲ་ཐོག་ལ་འཇོག་རྒྱུ་མཁྱེན། ཀུ་ཤུ་ཅན་ལ་སྤྱོད་ཐུབ་པར་རེ་བ་ཞུ། ལྒོ་ལྒོལ་ཡིག་བསྒྱུར་ལམ་ནས་སྤྱོད་ཐུབ་པ་བཅས་ལ་རེ་བ་ཞུའོ།།

    Reply
  2. ལྷོ་ཕྱོགས་རྒྱ་མཚོ། says:
    ལོ་ 13 སྔོན།

    སྐུ་ཞབས་སྨོན་ལམ་ལགས་སུ་རེ་སྐུལ་ཞུ་རྒྱུ་ཞིག་ལ། བོད་ཡིག་འདི་སྐད་ཡིག་གཞན་པ་བཞིན་ GOOGLE TRANSLATE ཟེར་བའི་ནང་དུ་དོན་རིང་ཐུང་ལ་མ་ལྟོས་པའི་སྐད་ཡིག་གཞན་ནས་གཞན་དུ་བསྒྱུར་ཐུབ་པ་ནང་བཞིན་ང་ཚོའི་ཡི་གེ་འདིའང་དེའི་ནང་དུ་བཅུག་ཐབས་ཡོད་དམ། དེ་ལྟར་བྱུང་ན་ཤིན་ཏུ་ཕན་རླབས་ཆེ་པོ་ཡོད་ངེས་སྙམ།

    Reply
  3. རི་བོང། says:
    ལོ་ 13 སྔོན།

    (རེ་བ་ཞིག་ལ་ཟབ་སྦྱོང་ལས་རིམ་འདིའི་སྐབས་ཀྱི་སློབ་ཁྲིད་གལ་ཆེན་རྣམས་བརྙན་འཕྲིན་དུ་བཟོས་ནས་དྲ་ཐོག་ཏུ་འཇོག་ཐུབ་པ་ཡིན་ན། ཟབ་སྦྱོང་ན་ཞུགས་གནང་བའི་མཁྱེན་ལྡན་རྣམས་ལས་གཞན་དྲ་ཐོག་གི་མི་ཧ་ཅང་མང་པོར་ཕན་ཐོགས་རྒྱུ་རེད།) དྲ་གྲོགས་རས་པས་གསུངས་པ་འདི་ལ་མངོན་པར་བསྟོད་དོ་ངས་ཀྱང་དེ་དེ་བཞིན་དུ་ཞུ་འོ། །

    Reply
  4. མཉམ་ཞུགས says:
    ལོ་ 13 སྔོན།

    སྐུ་ཞབས་སྨོན་ལམ་ལགས་གཙོས་བོད་ཡིག་སྲུང་སྐྱོབས་ཀྱི་ཆེད་ཟབ་སྦྱོང་སྤྲོད་མཁན་དང་ཟབ་སྦྱོང་གནང་མཁན་ཡོངས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་སེམས་གཏིང་ནས་བསྔགས་བརྗོད་བྱེད་ཀྱི་ཡོད། མ་ཟད་དེང་སྐབས་གློག་ཀླད་ཐོག་བཀོད་སྤྱོད་བདེ་ཞིང་ཕན་ཐོགས་ཧ་ཅང་ཆེ་བའི་སྨོན་ལམ་གྱི་ཚིག་མཛོད་དེ་བཞིན་ཀུ་ཤུའི་རྟགས་ཅན་གྱི་འབྲི་དེབ་དང་ཁ་པར་(ipad,iphone)ཐོག་བེད་སྤྱོད་གཏོང་ཐུབ་པ་ཞིག་བཟོས་གནང་བ་ཡིན་ན་ཕན་རླབས་ཤིན་ཏུ་ཆེན་པོ་ཡོང་རྒྱུ་སྨོས་མེད་ཡིན་པས་དེ་བཞིན་དགོངས་འཇགས་ཡོང་བའི་རེ་འདུན་ཞུ་བཞིན་ཡོད་ལགས། ཁྱེད་ཅག་གི་ཕྱག་ལས་སྔར་བས་ཀྱང་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་སྨོན་འདུན་གྲངས་མེད་ཡོད།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    བློ་བཟང་སྨོན་ལམ་ལགས་ཀྱི་མཛད་རྗེས་ལ་ཡི་རང་བསྔགས་བརྗོད་ཡོད། ད་རེས་ཀྱི་ཟབ་སྦྱོང་འདི་དངོས་སུ་ཕེབས་མཁན་གྱི་དེར་ཡོད་མི་གྲངས་བཞི་བཅུ་ཞེ་གཉིས་ཙམ་མ་ཡིན་པར་དེང་དུས་ཀྱི་འཕྲུལ་ཆས་བེད་སྤྱོད་གནང་སྟེ་དོན་གཉེར་ཅན་ཚང་མར་ལོངས་སུ་སྤྱོད་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན། །

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ དེང་སྐབས་བོད་སྐད་ཡིག་དེ་འཛམ་གླིང་ཐོག་ཧ་ཅང་འཇིག་ཉེན་ཅན་ཞིག་ཆགས་ཡོད་སྐོར་བརྗོད་བྱུང་། ་་་་་ཟེར།

    Reply
  7. རས་པ། says:
    ལོ་ 13 སྔོན།

    སྨོན་ལམ་བོད་ཡིག་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཟབ་སྦྱོང་གལ་ཆེན་འདི་དུས་དང་བསྟུན་པའི་ལས་དོན་གལ་ཆེན་རང་རེད། ངོ་སོ་བསྟོད། རེ་བ་ཞིག་ལ་ཟབ་སྦྱོང་ལས་རིམ་འདིའི་སྐབས་ཀྱི་སློབ་ཁྲིད་གལ་ཆེན་རྣམས་བརྙན་འཕྲིན་དུ་བཟོས་ནས་དྲ་ཐོག་ཏུ་འཇོག་ཐུབ་པ་ཡིན་ན། ཟབ་སྦྱོང་ན་ཞུགས་གནང་བའི་མཁྱེན་ལྡན་རྣམས་ལས་གཞན་དྲ་ཐོག་གི་མི་ཧ་ཅང་མང་པོར་ཕན་ཐོགས་རྒྱུ་རེད།

    Reply
  8. ཡོན་བྷེ། says:
    ལོ་ 13 སྔོན།

    དེ་རིང་གི་དཔེ་དེབ་ཇུས་འགོད་ཀྱི་ཟབ་སྦྱོང་ནང་། བལ་ཡུལ་དང་། ལྷོ་ཕྱོགས། རྡེ་ར་རྫོང་། སུམ་ལ། བྷིར། ལྡི་ལི། རྡ་ས་བཅས་ཀྱི་དགོན་པ་གྲྭ་ཚང་དང་། སློབ་གྲྭ། རྩོམ་སྒྲིག་ཁང་སོགས་ཁྱོན་ཚོགས་སྡེ་མ་འདྲ་བ་ཁག་བཞི་བཅུ་ལྷག་གི་དཔེ་དེབ་ཇུས་འགོད་དང་འབྲེལ་བའི་ཕྱག་ལས་གནང་མཁན་གྱི་མི་སྣ་བརྒྱད་ཅུ་ལྷག་འཛོམས་ཡོད།

    Reply
  9. ཤག་སྒང་པ། says:
    ལོ་ 13 སྔོན།

    མཆན་གཉིས་པ་དེ་ཁ་བྱང་ནོར་ནས་རྒྱུགས་སོང་འདུག་པས།

    བཙན་བྱོལ་ནང་གི་བོད་ཡིག་བཀག་རྡོ་ཟེར་བའི་ཆེད་དུ་བཏབ་བ་ཞིག་ཡིན།

    ཞལ་སྐྱིད།

    གཟིམ་འཇམ།

    Reply
  10. ཤག་སྒང་པ། says:
    ལོ་ 13 སྔོན།

    གཞི་རིམ་སློབ་དགེ་རྣམས་ལ་ཡི་གེ་སྙན་པོ་འབྲི་ཐབས་ཀྱི་སློབ་གསོ་དང་ཟབ་སྦྱོང་སྤྲོད་དགོས་པ་རེད། དེ་ནས་གཞི་ནས་་་་་་དེ་མིན་ཁག་པོ་རེད།

    Reply
  11. ཤག་སྒང་པ། says:
    ལོ་ 13 སྔོན།

    དུས་རབས་རྗེས་དེད་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབས་པ་གྲྭ་བློ་བཟང་སྨོན་ལམ་མཆོག་ལ་འཚམས་འདྲིའི་བཀའ་དྲིན་བཀྲིས་བདེ་ལེགས་སོ།།

    ཁྱེད་ཀྱི་ཚིག་མཛོད་ཚོད་ལྟ་དེ་བེད་སྤྱོད་བྱེད་ཀྱིན་ཡོད། གློག་ཀླད་ངོས་སུ་འཆར་རྒྱུར་དུས་ཡུན་ཏོག་ཙམ་འགོར་བའི་དཀའ་ལས་ཞིག་འདུག

    ཡང་ཚིག་མཛོད་འདི་ཀུ་ཤུའི་ནང་བེད་སྤྱོད་ཐུབ་པའི་མཉེན་ཆས་བཟོས་གྲུབ་ཡོད་མེད་ཅིག་གསུང་རོགས་གནང་།

    ཁྱེད་ཀྱི་ཕྱག་རྗེས་ལ་ཡི་རང་བསྔགས་བརྗོད་ཡོད་པས་མུ་མཐུད་རོགས་གནང་།

    ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese