མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མི་ཚོ་རྒྱ་གར་མི་སེར་ཆགས་དགོས་པའི་དུས་ཚོད་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

མོ་རའ་མོ་ནེ་ཧན་གྱིས་བརྩམས།   ལྷ་སྐྱབས་རྒྱལ་གྱིས་བསྒྱུར།

བོད་ཀྱི་ལོ་སར་གྱི་ཟླ་བ་འདི་ནི་ཧ་ཅང་ཡིད་སྐྱོ་བའི་བཀྱོགས་མཚམས་ཞིག་ལ་ངོས་འཛིན་གིན་འདུག  དེ་ནི་རྒྱ་ནག་གི་སྡུག་རྩུབ་ལ་ངོ་རྒོལ་དང་༧གོང་ས་ཏཱ་ལའི་བླ་མ་བོད་དུ་གདན་འདྲེན་ཆེད་དུ།  བོད་ནང་གི་བོད་མི་བརྒྱ་ལྷག་གིས་ཁོང་ཚོའི་ལུས་ཕུང་མེར་བསྲེགས་གནང་བ་དང་།  བདུན་ཕྲག་སྔོན་མའི་ནང་དུ།  ཉེ་ཆར་བོད་ནས་བལ་ཡུལ་ལ་བྲོས་བྱོལ་དུ་ཕེབས་པའི་གྲྭ་བ་ཞིག་གིས་རྒྱལ་ས་ཀ་ཐན་མན་ཐོ་(Kathmandu)ནས་རང་ཉིད་མེར་བསྲེགས་གནང་ནས་ཕྱིས་སུ།   ཁོང་སྨན་ཁང་དུ་འདས་གྲོངས་ཕྱིན་པ་རེད།   གྲྭ་བ་འདིས་རང་ཉིད་ཀྱི་ལུས་མེར་སྲེག་བཏང་བའི་མེ་ཕུང་གི་སྣང་བརྙན་གྱིས།  ལོ་ངོ་དྲུག་ཅུ་རིང་ལ་སྦས་གསང་དམ་གཉེར་བྱས་པའིབོད་ནང་གི་རྒྱ་ནག་གདུག་རྩུབ་ཅན་གྱི་སྲིད་དབང་གི་ཆེས་མཐོའི་རིན་ཐང་འཛམ་གླིང་མི་མང་ལ་བསྟན་པ་རེད།

བོད་ནང་དུ་བོད་མི་ཚོས་རང་ཉིད་མེར་བསྲེགས་གནང་བཞིན་པའི་སྐབས་སུ་ཁོང་ཚོ་གསོན་པ་གནས་ཡོད་ལ།   རྒྱ་ནག་གིས་འཇིགས་སུ་རུང་བའི་དམག་གི་དཔུང་སྡེ་བརྟེན་གཞི་བོད་མཐོ་སྒང་ཡོངས་རྫོགས་སུ་འཛུགས་སྐྲུན་བྱས་པ་དང་སྦྲགས།  ཨེ་ཤ་ཡའི་ལྷོ་དང་ལྷོ་ཤར་རྒྱལ་ཁབ་དག་གི་བདེ་འཇགས་ལའང་འཇིགས་སྐུལ་བྱེད་བཞིན་པ་རེད།   སྐབས་འདིར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཞི་འཇགས་གཏན་སྲུང་དམག་དཔུང་གིས་གཉེན་རྟོག་པ་མང་པོའི་རྒྱ་ནག་རྒྱལ་ཁབ་ནང་མནར་གཅོད་ཚད་མེད་མྱོང་བཞིན་པའི་བོད་མི་རིགས་གཉེན་ཁ་ལས་སྐྱོབ་དུ་ཕྱིན་མེད། ད་ལྟ་དོན་དངོས་ཁས་བླངས་ནས་གནད་འགག་གཉན་འཕྲང་གི་དུས་ཚོད་ལ་བོད་མི་རིགས་སྐོར་ལ་རོགས་སྐྱོར་ཇི་ལྟར་བྱེད་པའི་དུས་ཞིག་ཡིན།  ཏཱ་ལའི་བླ་མ་ཧི་མ་ཅལ་མངའ་སྡེར་འཚོ་བཞུགས་རྒྱུན་རིང་གནང་ན་དེ་བཞིན་རྒྱ་གར་ནང་གི་བཙན་བྱོལ་བོད་མི་ཚོ་ལ་སྲུང་སྐྱོབ་ཀྱི་རོགས་རམ་ཡོད། 

ཡིན་ནའང་བཙན་བྱོལ་གྱི་སྤྱི་ཚོགས་ནང་དུ་འཛུགས་སྐྲུན་གྱི་དཀའ་ངལ་ནི་གཅིག་མཇུག་གཉིས་མཐུད་བྱུང་གིན་ཡོད་པ་ཞིག་རེད། ༡༩༦༠ ལོའི་མགོ་སྟོད་དུ་པཎྟ་ནའེ་རོ་(PanditNehru)ཡིས་བོད་མིའི་གཞིས་ཆགས་ཁག་གསར་འཛུགས་གནང་བ་དེར།  ཁོང་གིས་རྒྱ་གར་དུ་གཏན་སྡོད་བྱེད་པར་འདོད་ཀྱིེན་མེད། འོན་ཀྱང་། གཞིས་ཆགས་རྙིང་པ་འཐོར་བཤིག་ཏུ་འགྲོ་བཞིན་ཡོད་པ་དང་ཉམས་ཐག་གིས་ཁེངས་འདུག དུས་རྒྱུན་ཁ་འཐོར་ཕྱིན་པའི་ཁྱིམ་ཚང་ཚོས་སྲིད་ཇུས་ལ་ཁོང་ཁྲོ་སྡུག་མོད་བྱེད་པ་དང་། དེས་ཁོང་ཚོ་མི་མེད་ས་སྟོང་དང་ཁེར་སྡོད་བཅུག་པ་མ་ཟད།  ཐག་གཅོད་མེད་པའི་ཁྲིམས་མཐུན་གྱི་གནས་སྟངས་ཀྱང་ནར་འགྱངས་བྱེད་ཀྱིན་ཡོད།

དེ་བཞིན་རྒྱ་ནག་གིས་དམག་དཔུང་གི་གནོན་ཤུགས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་མང་དུ་བཏང་བ་དང་ཧི་མ་ལ་ཡའི་རི་རྒྱུད་ནང་གི་རྩོད་རྙོག་རྣོ་ངར་ཅན་ཏུ་གྱུར་བཞིན་ཡོད།  བོད་མི་སྐྱབས་བཅོལ་བ་ཚོ་དེ་བས་ཉམས་ཆུང་འགོག་རྐྱེན་དུ་བསྒྱུར་བ་དང་སྐྱབས་བཅོལ་དུ་ཡོང་བར་སྣེ་ལེན་མི་བྱེད་པ་ནི་ཆབ་སྲིད་ཀྱི་ངོ་བོའི་སྟེང་ནས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་ཉིང་རྡུལ་གྱི་དུག་རླངས་རེད།  དུས་རབས་འདིའི་མགོ་སྟོད་དུ། ཨེ་ཤ་ཡ་ཡོངས་རྫོགས་སུ་སྐྱབས་བཅོལ་པ་ཚོའི་ཆེད་དུ་སྡོད་གནས་ཉུང་བ་དང་བཟོད་སྒོམ་མེད་པར་བྱུང་ན། བཙན་བྱོལ་ནང་གི་བོད་མི་ཆིག་འབུམ་ལྔ་ཁྲི་ལྷག་རྒྱལ་ཁོངས་མེད་པའི་སྐྱབས་བཅོལ་པ་ཚོ་རྒྱུན་རིང་གནས་ཐུབ་མེད། ལོ་ལྔ་བཅུ་ལྔ་བཞིའི་རིང་ལ། བོད་ནི་འཛམ་གླིང་གིས་ཐག་གཅོད་མ་ཐུབ་པའི་སྐྱབས་བཅོལ་དཀའ་རྙོག་རྒྱུན་རིང་ཤོས་པ་ལི་སི་ཐན་(Palestinian)རྗེས་ཀྱི་ཨང་གཉིས་པ་ཆགས་ཡོད།  རྗེས་ལུས་ཐེབས་པའི་དུས་འདི་ལ་བཙན་བྱོལ་ནང་གི་བོད་མི་ཚོ་ལ་མཁོ་བ་དང་འདོད་པ་ནི་མི་སེར་ཐོབ་ཐང་ཡིན།  ཁོང་ཚོས་རང་ཉིད་ཀྱི་མགོ་ཁྲིད་ཚོ་ལ་ཕྱི་རྒྱལ་གྱི་མི་སེར་ཐོབ་ཐང་རེག་པ་དང་འཚོ་གནས་ཡར་རྒྱས་ཕུན་ཚོགས་རེག་གི་ཡོད་པ་མཐོང་གིན་ཡོད། 

བློ་བཟང་སེངྒེ་ནི་བཙན་བྱོལ་བོད་གཞུང་གི་མིང་ཡོད་པའི་མགོ་ཁྲིད་ཡིན་ཞིང་།  ཁོ་རང་ལོ་མང་རིང་ཨ་རིའི་ནང་དུ་གཏན་སྡོད་བྱས་པ་དང་།  ཨ་རིའི་ལག་དེབ་ལྗང་ཁུ་ཡང་རག་ཡོད།  དེ་བཞིན་ཁོང་གི་ཁྱིམ་མི་ཚོ་སྤོ་སི་ཏོན་(Boston)ཉེ་འགྲམ་གྱི་བདེ་ཞིང་སྐྱིད་པའི་ཁྱིམ་གཞི་ཞིག་གི་ནང་དུ་གཏན་སྡོད་བྱས་ཡོད།   ཡིན་ནའང་ཁོང་གིས་འཐབ་རྩོད་ཀྱི་སྤུན་ཟླ་ཚོ་ངེས་པར་དུ་རྩ་དོན་ཆེད་སྐྱབས་བཅོལ་གྱི་ངོ་བོ་རྒྱུན་གནས་བྱ་དགོས་ཞེས་བསྐྱར་ཟློས་ཡང་ཡང་བྱས་ཏེ་འཆད་ཀྱིན་ཡོད།

སྐུ་ཞབས་སེངྒེ་ཡིས་སྐྱབས་བཅོལ་ངོ་བོས་ཇི་ལྟར་བོད་ཀྱི་རྩ་དོན་ལ་ཕན་ཐོགས་པའི་འགྲེལ་བཤད་ཅིག་ཁོང་གི་མི་མང་ལ་བརྒྱབ་མེད་ལ། ད་དུང་ཉམས་རྒུད་དུ་འགྲོ་བཞིན་པའི་ཁེར་སྡོད་གཞིས་ཆགས་ལམ་ལུགས་ལ་བཀག་འགོག་མ་བྱས་པར།  ལམ་ལུགས་འདིའི་འོག་ནས་ཁོང་ཚོས་རྒྱ་གར་ནང་དུ་ལས་ཀ་དང་འོས་འདེམས་བྱེད་མི་ཐུབ་པ།  ཁང་པ་ཉོ་བའམ་དེབ་སྐྱེལ་བྱས་པའི་ཚོང་ལས་གཉེར་ཐབས་བྲལ་འདུག   རྒྱལ་ཁབ་འདིས་བོད་རིགས་ཉེན་ཁ་ལས་བླངས་ཏེ་སྲུང་སྐྱོབ་བྱས་པ་དང་།  རྒྱལ་ཁབ་འདིའི་ནང་བོད་རིགས་མང་པོ་ཡག་པོས་ངང་ཁོང་ཚོས་ཁོངས་གཏོགས་སུ་བཟོས་ཡོད་ལ།  ༧གོང་ས་ཏཱ་ལའི་བླ་མ་གང་དུ་བཞུགས་ཡོད་ན་དེ་རུ་བོད་ཀྱི་རིག་གཞུང་ཉམས་མེད་གསོན་པོ་གནས་ཡོད་པ་ནི་ནུབ་ཕྱོགས་རྒྱལ་ཁབ་གང་དུ་ཡང་མེད།  རྒྱལ་ཁབ་འདི་ནི་འཛམ་གླིང་གི་དམངས་གཙོའི་གཞུང་ཆེ་ཤོས་དང་སྟོབས་ཆེན་ཞིག་ཀྱང་ཡིན། ཅི་ཞིག་མངོན་གསལ་དུ་རྟོགས་མི་ཐུབ་པ་ནི་རྒྱ་གར་གྱི་ཁྲིམས་ལུགས་འོག་ནས་རྒྱ་གར་ནང་གི་བོད་རིགས་ཚོ་སྐྱབས་བཅོལ་བ་ལ་ངོས་འཛིན་མ་བྱས་པ་དེ་ཡིན།

རྒྱ་གར་གྱི་དེབ་སྐྱེལ་ལག་འཁྱེར་(RC)ཏེ་བོད་རིགས་ཚོར་སྤྲད་པའི་གཞུང་འབྲེལ་ཡིག་ཆ་ཞིག་ཡིན། འདི་ནི་དེབ་སྐྱེལ་འཛིན་བྱང་ཡིན་ཡང་སྐྱབས་བཅོལ་འཛིན་བྱང་ཞིག་རེད་མི་འདུག ༡༩༤༦ ལོའི་ཕྱི་རྒྱལ་མི་རིགས་ཀྱི་རྩ་ཁྲིམས་དང་ ༡༩༣༩ ལོའི་ཕྱི་རྒྱལ་མི་རིགས་ཀྱི་དེབ་སྐྱེལ་རྩ་ཁྲིམས་གཉིས་ཀྱི་ནང་དུ་བོད་རིགས་ཚོ་ཕྱི་རྒྱལ་མི་རིགས་ལ་ཐོ་འགོད་བྱས་ཡོད།  འདི་ནི་གཏིང་ཟབ་པའི་ཁྲིམས་མཐུན་གྱི་འགྲེལ་བཤད་ཅིག་ཡིན་མོད། འོན་ཀྱང་། རྒྱ་གར་ནང་དུ་སྐྱབས་བཅོལ་བ་མང་པོ་ཡོད་པའི་གཞན་དག་ཚོ་དེའི་ནང་དུ་ཚུད་ཡོད།                                                   

བཙན་བྱོལ་བོད་མིའི་དབུས་གཞུང་(CTA)ལ་ནམ་ཡང་རང་དབང་ལྡན་པ་གང་རུང་ཞིག་གིས་རྒྱལ་སྤྱིའི་ངོ་བོ་ལ་ངོས་འཛིན་གནང་མྱོང་མེད་པ་དང་ཏཱ་ལའི་བླ་མའི་རྒན་ཡོལ་དང་སྦྲགས། རྒྱ་གར་གཞུང་དང་མཉམ་དུ་ཡོད་པའི་ཐོག་མའི་དམ་བཅའ་ལ་ཕན་ནུས་མེད་པར་ཆགས་པ་རེད། ཡིན་ནའང་། ད་དུང་བཙན་བྱོལ་བོད་མིའི་དབུས་གཞུང་གིས་དོན་དངོས་ཀྱིས་བཙན་བྱོལ་ཐོག་ཏུ་འབད་བརྕོན་བྱེད་ཀྱིན་ཡོད། ཨ་རིའི་དོན་གཅོད་ཁང་གི་ལས་བྱེད་ཞིག་གིས་ང་ལ་བཙན་བྱོལ་བོད་མིའི་དབུས་གཞུང་གིས་བོད་མི་མཐོང་ཆེན་ཞུ་མཁན་ཚོར་མཐའ་མའི་ངོས་ལེན་བཀའ་འཁྲོལ་གནང་བར་རེ་སྐུལ་བྱས་པ་རེད་ཅེས་བརྗོད་སོང་།  ངས་ཐག་གཅོད་བྱེད་མི་ཐུབ། གལ་སྲིད་ཨ་རིའི་གཞུང་ཚབ་ཀྱིས་རེ་སྐུལ་ལྟར་བྱས་པ་ཡིན་ན། འོན་ཀྱང་དེས་དྲི་རྟགས་ཞིག་ཐོན་བཅུག་པ་ནི། ཁྲིམས་གྱི་ངོ་བོའི་སྟེང་ནས་རྒྱ་གར་ནང་གི་བོད་མི་ཚོར་ཁྲིམས་མཐུན་བྱེད་པ་ལ་ཁྲིམས་ལུགས་ཀྱི་དབང་ཚད་ཅི་ཞིག་ཡོད་པའི་སྐོར་ཡིན།

དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་བོད་རིགས་ཚང་མ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་འབངས་མི་དང་རྒྱལ་ཁབ་རྩ་ཁྲིམས་ཀྱིས་མཐར་ཐུག་གི་འཛིན་སྐྱོང་བྱེད་ཀྱི་ཡོད།  ལོ་གསུམ་རིང་གི་ཁྲིམས་ཁང་གི་ཁ་མཆུ་དེས་སྤྱི་ཚོགས་ནང་དུ་ཁྱབ་བསྒྲགས་ཤུགས་ཆེན་པོ་ཕྱིན་པའི་རྡེ་ར་རྡུན་(Dehradun)གྱི་ལྷ་རྒྱལ་རིའི་བུ་མོ་རྣམ་རྒྱལ་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་རག་པའི་རྒྱུ་མཚན་ནི།  ཁོ་མོ་རྒྱ་གར་དུ་སྐྱེས་པར་བརྟེན་རྒྱ་གར་གྱི་རྩ་ཁྲིམས་ལ་གཞིར་བཟུང་ནས་མི་སེར་ཐོབ་ཐང་ལེན་པའི་ཆ་རྐྱེན་ཚང་ཡོད་པ་ཞིག་རེད།

བུ་མོ་ལྷ་རྒྱལ་རིའི་ཁྲིམས་གཏུགས་བྱས་པའི་ཁྲིམས་ཁང་གི་ཐག་གཅོད་ལ་བོད་རིགས་ཚོར་རྒྱ་གར་གྱི་མི་སེར་ཐོབ་ཐང་རག་པར་ཞུ་འབུལ་བྱེད་པར་སེམས་ཤུགས་སྐྱེས་བཅུག་ཡོད། ད་དུང་བཙན་བྱོལ་བོད་མིའི་དབུས་གཞུང་གི་གཞུང་ཞབས་ཚོས་བཙན་བྱོལ་བོད་མི་ཚོས་ངེས་པར་དུ་བཙན་བྱོལ་པའི་ངོ་བོ་གཉེར་ན་ཁོང་ཚོར་ཁེ་ཕན་ཡོད་པ་དང་།  མི་སེར་ཐོབ་ཐང་ཪག་བསྡད་ཡོད་པ་ཚོར་ཁེ་ཕན་ཅུང་ཙམ་ལས་རག་གི་མེད་པ་ཞེས་ཡང་ཡང་བཤད་ཀྱིན་ཡོད་པ་རེད། བཙན་བྱོལ་བོད་མི་ཚོར་དགོས་མཁོ་ཆེ་བའི་དུས་ཚོད་ལ་ཐོག་མའི་ཡིག་ཆ་ཡུན་གནས་བཟོ་ཞོར་དོན་དངོས་དང་བཙན་བྱོལ་གྱི་དགོས་མཁོ་གཉིས་འཁྱོག་བརྗོད་བྱས་པ་རེད།  དེ་ནི་རྒྱ་གར་གྱི་རིགས་གཞུང་ནང་དུ་འདྲེས་བའི་བོད་རིགས་གཞོན་སྐྱེས་ཚོར་དམིགས་བསལ་གྱི་ཕོག་ཐུག་བཟོ་པ་དང་། འོན་ཀྱང་ཕྱི་རྒྱལ་མི་རིགས་ཀྱི་གནས་སྟངས་གིས་ཁོང་ཚོར་ནུས་མེད་དང་དམའ་འབེབས་བཟོས་ཡོད།

སྐུ་ཞབས་སེངྒེ་ཡིས་མི་སེར་ཐོབ་ཐང་གི་རིན་ཐང་ལ་བསྔགས་བརྗོད་ལེགས་པོ་བྱེད་རྒྱུ་རེད། ཁོང་གིས་བཙན་བྱོལ་བོད་མིའི་མགོ་ཁྲིད་གསར་བའི་དམ་འབུལ་མ་བྱས་པའི་བདུན་གཅིག་གི་སྔོན་དུ། ཨ་རིའི་དངུལ་ཁང་གི་དྲ་ངོས་ཀྱིས་ཁོང་གིས་གཏའ་མ་སྤྲོད་འཇལ་བྱུང་བ་གཏན་འབེབས་ར་སྤྲོད་བྱུང་ཡོད། ཁོང་ལ་ཨ་རིའི་ལག་འཁྱེར་ལྗང་ཁུ་ཡོད་སྟབས། ཁོང་རང་ལ་བཀག་འགོག་ཅི་ཡང་མེད་པས་ངང་ནས་རྒྱལ་སྤྱིའི་ས་ཕྱོགས་གང་དུའང་འགྲུལ་བཞུད་བྱེད་ཐུབ་ཀྱང་། བཙན་བྱོལ་བོད་མི་ཚོའི་དེབ་སྐྱེལ་ལག་འཁྱེར་(IC)ལ་ཐོངས་མཆན་རག་པ་ཁག་པོ་ཡོད་པ་དང་། ཁོང་ཚོ་ལ་ཨ་རིའི་གཏའ་མ་རག་པར་དེ་བས་དཀའ་ལས་ཁག་པོ་འཕྲད་ཀྱི་རེད།

མི་སེར་ཞིག་ལ་མཚོན་ན། བཙན་བྱོལ་བོད་མི་ཚོ་ངེས་པར་དུ་རྒྱ་གར་གྱི་ནང་པའི་འོས་བསྡུ་སའི་ཁོངས་དང་ཧི་མ་ལ་ཡའི་མི་རིགས་ཚོའི་ནང་དུ་འཛུལ་ཞུགས་བྱ་དགོས་བ་དང་།  དེ་བཞིན་སྐྱབས་བཅོལ་བ་ཞིག་ཡིན་ན།  བཙན་བྱོལ་བོད་མི་ཚོས་འཇིགས་སྐུལ་ཅན་གྱི་རྒྱ་ནག་གི་འབྲེལ་ལམ་ལ་འགོག་རྐྱེན་ཞིག་ཡིན་པ་ཤེས་རྟོགས་བྱེད་དགོས།  ངས་ཐེ་ཚོམ་ཅི་ཡང་མེད་པར་བཤད་ཐུབ་པ་ནི་མི་སྣ་གྲགས་ཅན་གྱི་བོད་རིགས་མང་པོས་དགའ་སྤྲོས་ངང་ནས་རྒྱ་གར་གྱི་མི་སེར་ཐོབ་ཐང་དང་ལེན་བྱས་ཏེ། དཔལ་འབྱོར་གྱི་ཞབས་ཕྱི་དང་ཆབ་སྲིད་ཀྱི་ཐོབ་ཐང་བླངས་ན་དེ་ནི་བཙན་བྱོལ་བོད་མི་ཚོར་དགོས་མཁོ་ཤིན་ཏུ་ཆེ།  རྒྱ་གར་གྱིས་བཙན་བྱོལ་བོད་མི་ཚོར་རོགས་རམ་གནང་བ་ནི་གཞན་སུ་ཞིག་གིས་ཀྱང་བྱས་མེད། དེར་བརྟེན་ངས་ཀྱང་བློ་བརྟན་ཆེན་པོས་ངང་ནས་བོད་རིགས་ཚོས་ངེས་པར་དུ་དོན་འབྲས་ལྡན་པ་དང་རྒྱལ་ཞེན་ཆེ་བའི་སེམས་དཔའ་ཆེན་པོ་གྷན་ངྷིའི་སྐྱེས་ཡུལ་གྱི་མི་སེར་བྱེད་དགོས།

རྗེས་ལུས་ཐེབས་པའི་དུས་ཚོད་འདིར།  བོད་མི་ཚོ་ལ་ཐོབ་ཐང་དང་དབང་ཆ་གང་ཡང་མེད་པའི་ཕྱི་རྒྱལ་མི་རིགས་ཤིག་གི་ངོ་བོའི་སྟེང་ན་སྡོད་པ་ལས་བཙན་བྱོལ་བོད་མི་ཚོས་མི་སེར་ཐོབ་ཐང་ལྡན་ཡོད་པའི་ཐོག་ནས་བོད་ཀྱི་རྩ་དོན་ལ་སྔར་ལས་ལྷག་པའི་ལས་འགུལ་སྤེལ་ཐུབ་རྒྱུ་རེད། གལ་སྲིད་གཉན་འཕྲང་གི་དུས་ཚོད་འདིར་རྒྱལ་ཁོངས་མེད་པའི་སྒྲོམ་གཞི་ཡུན་གནས་བྱས་པ་དང་སྣང་མེད་དུ་བཞག་ན་བཙན་བྱོལ་བསྟི་གནས་ལ་མི་ཚོང་རྒྱག་མཁན་གྱི་ནག་ཉེས་ཚོགས་པ་དང་། རྒྱ་ནག་གི་གསང་མྱུལ་བ་ཚོས་བརྡབ་གསིག་ཉམས་ཆགས་སུ་གཏོང་རྒྱུ་རེད།

དགུན་དུས་ཀྱི་ཉིན་གུང་ཞིག་ལ།  ངྷ་སའི་ལྡུམ་རྭ་ཞིག་གི་ནང་དུ་སྙན་ངག་པ་དང་རང་དབང་འཐབ་རྩོད་པ་ལྷ་བཟང་ཚེ་རིང་དང་མཉམ་དུ་་གསོལ་ཇ་དང་ས་མོ་ས(samosa)ཟ་བ་ཞོར་དུ། ངས་ཁོང་ལ་གལ་སྲིད་བཙན་བྱོལ་བསྟི་གནས་མེད་པ་ཆགས་ན་སུས་བོད་ཀྱི་ཆེད་དུ་སྐད་ཆ་བཤད་རྒྱུ་རེད་ཅེས་དྲིས་དུས། ཁོང་གིས་ཀཱང་རའི་ལུང་གཤོངས་ཀྱི་མཁའ་དབྱིངས་སུ་བཏེགས་པའི་གསེར་གྱི་འོད་སྣང་ལ་བལྟས་ཏེབཤད་རྒྱུར “ང་ཚོ་བཙན་བྱོལ་དུ་ཡོང་བ་འཛམ་གླིང་ནང་གི་ཆེས་ལེགས་གྲུབ་བྱུང་པའི་སྐྱབས་བཅོལ་བ་ཞིག་ཆགས་པར་ཡོང་བ་མིན། ང་ཚོ་ཡོང་ནས་འཐབ་རྩོད་བྱེད་དགོས་དོན་ནི་བོད་ནང་གི་ང་ཚོའི་བོད་རིགས་སྤུན་ཟླའི་ཆེད་དུ་ཡིན་པ།  ང་ཚོས་ནམ་ཡང་བརྗེད་མི་ཐུབ་”ཞེས་ཟེར། དེ་ནི་དོན་དངོས་ཀྱི་སྙིང་པོ་ཞིག་རེད།

༼ མོ་རའ་མོ་ནེ་ཧན་ནི་ནེའུ་ཡོག་གི་རྩོམ་པ་པོ་དང་གསར་འགོད་པ། ཁོ་མོས་ལོ་མང་རིང་ལ་རྒྱ་གར་ནང་གི་བཙན་བྱོལ་བོད་མི་ཚོའི་ཆེད་དུ་ཕྱག་ལས་གང་མང་མྱོང་ཡོད། ༽

མ་རྩོམ་དྲ་ཐག http://www.asianage.com/columnists/it-s-time-tibetan-exiles-became-indian-citizens-797

 

 

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༤ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༥ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༥ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༥ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ༡༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༨ གི་ཆུ་ཚོད་ ༡༣ སྐར་མ་ ༢༣

    ་་་་་་ རྒྱ་གར་གྱི་ཁྲིམས་ཀྱི་འོག་ཏུ་གནས་ཚུལ་གང་ཞིག་ཀྱང་རྒྱ་ཆེན་པོས་ཤེས་རྟོགས་མེད་པ་མང་བོ་ཡོད་པ་དང་རྒྱ་གར་དུ་ཡོད་པའི་བོད་རིགས་རྣམས་སྐྱབས་བཅོལ་བའི་ངོ་བོར་ངོས་ལེན་བྱེད་ཀྱི་མེད་པ་རེད། རྒྱ་གར་གྱིས་བོད་རིགས་རྣམས་ལ་སྤྲད་པའི་གཞུང་འབྲེལ་གྱི་ཡིག་ཆ་དེབ་སྐྱེལ་ལག་དེབ་(RC)ནི་སྐྱབས་བཅོལ་ལག་དེབ་མ་ཡིན་པར་ཐོ་འགོད་ལག་དེབ་རེད། ་་་་ཅེས་དང་།
    ་་་་་་་་ བདག་གི་བསམ་པར། རང་གི་གནས་བབ་སྐྱོ་བོ་ཡིན་ནའང་དགའ་སྣང་ཅན་གྱི་བོད་རིགས་སྐྱབས་བཅོལ་བ་དག་གིས་རང་གི་དུས་ལས་འདས་པའི་མིག་དཔེ་དག་རྒྱུན་བསྲིངས་པ་ལ་བརྟེན་ནས་བཙན་བྱོལ་བའི་དངོས་ཡོད་གནས་ཚུལ་དང་དགོས་ངེས་དག་འཁྱོག་བཤད་དང་གོ་ལྡོག་པའི་གནས་སུ་ལྷུང་བཞིན་ཡོད། ་་་་་ཟེར།

    Reply
  2. འདྲེ་ལྡག says:
    ལོ་ 13 སྔོན།

    འདི་ནི་རང་གི་སྐད་ཆར་རང་ཉིད་ཀྱིས་འགན་མི་འཁུར་བའི་མི་དག་གིས་ནམ་རྒྱུན་ཟློ་ཞིིང་བསྐྱར་བའི་རུལ་དྲི་ཐུལ་བའི་སྐད་ཆ་རྙིང་བ་ཞིག་སྟེ། གཡག་ཞར་ཞིག་གིས་རྩྭ་བཟའ་བའི་ཆོས་ཉིད་དེ་ལས་གཞན་ཅི། རྩོམ་པ་པོ་དང་སྒྱུར་བ་བོ་གཉིས་ཀའི་གསེར་ལས་ལྷག་པའི་དུས་བཟང་འཕྲོ་བརླག་བཏང་བ་ཉིད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese