མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་རྒྱལ་དར་འཕྱར་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་སྒེར་ངོས་ནས་རྒྱ་གར་རྒྱལ་ས་ལྡི་ལིར་༼མི་རིགས་འདྲ་མཉམ་དང་དངོས་ཐོག་བདེན་འཚོལ་ལས་འགུལ། ༽ཞེས་པའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ཞོགས་པའི་ཆུ་ཚོད་ ༡༡ སྟེང་ཁོང་གིས་ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་དུ། ལས་འགུལ་སྤེལ་དུ་སྐྱོད་སྐབས་རྒྱ་གར་སྐོར་སྲུང་བས་འཇུས་ཏེ་ཉེན་རྟོག་ས་ཚིགས་སུ་ཁྲིད་ནས་འདྲི་རྩད་སྣ་ཚོགས་བྱས་ཡོད་འདུག

ཉིན་གུང་ཆུ་ཚོད་ ༡ ཙམ་ལ་ཉེན་རྟོག་པ་གཉིས་ཀྱིས་ཁོང་རླངས་འཁོར་ནང་བཞག་སྟེ་ཇན་རྡར་མན་རྡར་ས་གནས་སུ་བསྐྱལ་ཡོད་པ་དང་། ཁཽས་དེ་གར་བོད་ཀྱི་རྒྱལ་དར་དང་རྒྱ་ནག་གི་རྒྱལ་དར་གཉིས་འཕྱར་ཅིང་། དབྱིན་བོད་རྒྱ་གསུམ་ཐོག་‘བརྡ་ལན་གཅིག་དང་མངོན་འདོད་གཉིས་’ཞེས་པའི་འབོད་ཚིག་འགྲེམས་སྤེལ་བྱེད་བཞིན་གོམ་བགྲོད་གནང་ཡོད་འདུག ཆུ་ཚོད་ ༢།༣༠ ཙམ་ལ་རྒྱ་གར་རྒྱ་སྒོ་ཆེན་མོའི་མདུན་དུ་གོང་བཞིན་གོམ་བགྲོད་དང་ཡིག་ཆ་འགྲེམས་སྤེལ་བྱས་ཡོད་འདུག

བརྡ་ལན་གཅིག་དང་མངོན་འདོད་གཉིས་ཞེས་པའི་ནང་། “༧གོང་ས་མཆོག་དང་བོད་མི་མང་གིས་ཆོལ་གསུམ་ཆིག་སྒྲིལ་གྱི་རང་སྐྱོང་རྩོད་པ་ནི་ཁ་ཞེ་གཉིས་མེད་ཡིན། ཆ་རྐྱེན་གང་ཡང་མེད་པར་༧གོང་ས་མཆོག་རྒྱལ་ནང་དུ་གདན་ཞུས་ཀྱིས་རྒྱ་རིགས་དད་ལྡན་མང་ཚོགས་ཁྲོད་ཆོས་ཀྱི་འཁོར་ལོ་བསྐོར་འཇུག་དགོས། རང་སྲེག་ངན་སྐུལ་ལ་བསྙད་དེ་འཛིན་བཟུང་བྱས་པའི་བོད་མི་རྣམས་ཀློད་གྲོལ་གཏོང་དགོས ”ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༢ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 26

  1. སེང་གེ says:
    ལོ་ 13 སྔོན།

    ད་ཚོགས་པ་ལྔས་ཤར་ཕྱོགས་ཁུག་རྟའི་སྟེང་གསལ་བསྒྲགས་སྤེལ་རོགས། ནག་པོ་དང་སོ་པ། ལབ་ཡ་ཡོད་པ་ཚང་མ་ལབ་ནས་ཕེབས་ཤོག དོན་གྲུབ་ལྷ་དར་དང་ཀླུ་མཁར་བྱམས་གཉིས་ཀྱིས་འདྲ་མི་འདྲ་ལས་བསྡད་པ་དེ་ད་ཤར་ཁུག་གིས་མགོར་སྐྱག་པ་ཚ་བོ་བླུགས་སོང། ད་ཁྱེད་གཉིས་ཀྱིས་ཚོགས་པ་ལྔ་དང་དྲུག་དྲུད་ནས་གསལ་བསྒྲགས་གནང་གི་ཕེབས་ཡ། འགོག་མཁན་སུ་གང་མི་འདུག ད་ལྟད་མོ་ལྟ་ཆོག ཧཧཧཧ དོན་གྲུབ་ལྷ་དར་ལ་མདུང་རྩེ་ཁ་སྤྲོད་ཟེར་བ་ཞིག་ཡོད་བསམས་སོང། ཀླུ་མཁར་བྱམས་ལ་ཚིག་ན་ག་ནོག་གེ་མང་པོ་ཡོད་ཡ། ད་ཕྲིས་ཡ། ད་བསྒྲགས་གཏམ་སྤེལ་རོགས། ཤར་ཁུག་གིས་ཁྱེད་ཚོར་ཐལ་ཙེ་སྤལ་ཙེ་བཟོ་གི་རེད། མི་ཉམས་ཆུང་གླིང་ཚའི་སྒང་ལ་ངར་ངར་རྫིག་རྫིག ད་ཤོག་ཡ། ག་རེ་བྱས་བསྡད་ཡོད།

    Reply
  2. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 13 སྔོན།

    ཕ་གསད་བུ་ལ་བཤད་རྒྱུ་ཡོད་ཅེས་པའི་དཔེ་ལྟར་ཤར་ཁུག་ཁོང་ལ་ཡང་འབོད་ཚིག་དང་བརྡ་ལེན་འདུག་མོད་དངོས་དངོས་འདི་ནི་རྒྱ་ནག་གི་ནུས་པ་སླེབས་པ་ཞིག་ཡིན་པ་སྒྲུབ་ཐུབ་སྙམ།

    Reply
  3. མི་རྒོད། says:
    ལོ་ 13 སྔོན།

    ཤར་ཕྱོགས་ནས་ཁུག་རྟ་འཕུར་བ་ནི་ཧ་ཅང་བཟང་ཁྱེད་སེམས་ཤུགས་ནམ་ཡང་མ་ཆག་རོགས་ང་ཚོའི་འཐབ་རྩོད་དེ་ལམ་ལུགས་འདྲ་མིན་སྣ་ཚོགས་ནས་གནང་དགོས་སོང་ལས་འགུལ་ག་འདྲ་ཞིག་ལ་འང་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན།།
    བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག།།
    ང་ཚའི་ཁུག་རྟ་ནམ་ཞིག་རྒྱལ་གྱུར་ཅིག།།།།

    Reply
  4. ལྷོ་ཕྱོགས་རྒྱ་མཚོ། says:
    ལོ་ 13 སྔོན།

    མི་འདིའི་ཁོག་ཏུ་གཅིག་ཞུགས་ཡོད་པ་ཐག་ཆོད། མི་བྱེད་དགུ་བྱེད་མང་དྲགས་ན་ཕན་རྒྱུའི་ཚབ་ཏུ་སྡུག་ས་ནས་སོ་སོའི་བདེ་འཇགས་ལའང་གནོད་ངེས། རང་སྣང་གང་ཤར་བྱེད་དྲགས་ན། དམངས་གཙོའམ་མང་གཙོ་གང་ལྟར་གང་ཡིན་ན་མང་ཆེ་བའི་མངོན་འདོད་དང་མ་བསྟུན་ཚེ་སུས་བཤད་ཀྱང་དམར་པོའི་ལྟ་བ་དང་འདྲ་ཆེ་བར་སེམས།

    Reply
  5. བློ་འཕེལ། says:
    ལོ་ 13 སྔོན།

    ང་ཚོར་དགོས་རྒྱུའི་བོད་དོན་ནི། ལྷག་བསམ་དག་པའི་རྒྱུ་ལས་བྱུང་བའི་གྲུབ་འབྲས་ལས། གཡོ་རྒྱུ་ཕྲམ་གསུམ་ལས་བྱུང་བའི་གྲུབ་འབྲས་དགོས་དོན་མེད་ལ་དེས་ཁུངས་འཁྱོལ་བའང་མི་སྲིད།

    འཛམ་གླིང་གང་དུ་་་རྒྱལ་ཁབ་དེ་དང་དེའི་འོག་སྡོད་མཁན་ཡིན་ལ་དེའི་རྒྱལ་དར་འོག་མེད་པ་སུ་འདུག །

    ཡང་གཅིག་བཤད་ན། རྒྱའི་དར་ཆར་འགོག་རྒོལ་བྱེད་མཁན་ཚོར་ལྟོས་དང་རྒྱ་སྒོར་རྒྱ་ཟས་ཉིན་ཟ་མཚན་ཟ་བྱེད་ཀྱི་ཡོད་པ་རེད། དེས་ག་རེ་མཚོན་གྱི་ཡོད་པ་རེད།
    ཁ་སང་སུམ་བཅུའི་དུས་དྲན་ཉིན་སྲིད་སྐྱོང་མཆོག་གིས་ཀྱང་༸གོང་ས་མཆོག་བོད་དུ་གདན་འདྲེན་བྱེད་ཀྱི་ཡིན་ཟེར་བ་ལ་བསམ་བློ་ཐོང་དང་ཁ་ནས་བཤད་ན་སྙིང་རྗེ་པོ་འདུག།

    Reply
  6. བློ་འཕེལ། says:
    ལོ་ 13 སྔོན།

    སོག་ལྷ་ལགས། ངས་དཔེ་དོན་སྦྱར་ནས་བྲིས་པ་ཁྱོད་ཀྱི་མིག་ཡ་གཅིག་བཙུམ་ནས་བལྟས་པ་མིན་ན་མཐོང་མདོག་ཁ་པོ་རེད། དཔེ་དོན་འགྲོ་གི་འདུག་དང་མི་འདུག་སོམས་ཤིག།
    ཕྱོགས་རིས་དང་ཞེན་ཁོག་གིས་བལྟ་གི་ཡོད་ན་་་་ནང་ཆོས་རྣལ་མ་ཞིག་སྦྱོང་ཤིག། ནང་པ་ཡིན་རྒྱུ་རེད་པ་་་གལ་ཏེ་མིན་ན་ཁྱོད་ཀྱི་གང་འདོད་གནང་རོགས།

    Reply
  7. རྒྱ་རྙི། says:
    ལོ་ 13 སྔོན།

    རྒྱ་ནག་གི་རྒྱ་དར་བསྲེགས་པ་དང་འཕྱར་བ་དེ་བོད་ཀྱི་རྩ་དོན་མ་རེད། ཡིན་ནའང་། མང་པོ་ཞིག་གིས་རྩ་བ་བོར་ནས་ཡལ་ག་འཇུས་བསྡད་ཀྱིན་འདུག ཡལ་ག་འཇུ་མཁན་ཐོག་མ་དེ་བོད་ཀྱི་གཞོན་ནིའི་ཚོགས་གཙོ་ཁོང་གཉིས་རེད།
    གླིང་ཚ་མ་བུ་གསུམ་མི་སྒེར་གྱི་ལས་འགུལ་སྟེང་ལ་ངར་ངར་བརྫིག་བརྫིག་བྱས་པ་ཏོག་ཙམ་མང་དྲགས་སོང་།
    ཤར་ཕྱོགས་ཁུག་རྟས་རྒྱ་དར་འཕྱར་བ་དེ་གཅིག་བྱས་ན་དོན་གྲུབ་ལྷ་དར་གྱི་ངར་སྐད་ལ་བརྡ་ལན་གཅིག་གི་ཆེད་དུ་ཡིན་སྙམ་ཤར།
    ཡང་གཞོན་ནུ་ཚོགས་གཙོ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བྱེད་རྒྱུ་ཡིན་ནམ་ཁ་ཁུ་སིམ་མེར་འཇོག་རྒྱུ་ཡིན། བཏང་ན་རྫ་མ་ཆག བཟུང་ན་ལག་པ་འཚིག
    གང་ལྟར་གནད་འགག་གི་སྐབས་འདིར་ཚང་མས་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཞལ་ཆེམས་མ་བརྗེད་གནང་རོགས། རྒྱ་དམར་གྱི་བཙོན་འོག་ནས་དཀའ་སྡུག་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་རྣམས་ཀྱི་མིག་ཆུ་མ་བརྗེད་རོགས། བཙན་བྱོལ་བོད་གཞུང་ལ་རེ་ལྟོས་བྱེད་བཞིན་པའི་གཞིས་ལུས་བོད་མིའི་རེ་འདུན་མ་བརྗེད་རོགས། གྲོགས་པོ་ཚོ། དབུ་མ་དང་རང་བཙན་བར་གྱི་འཐབ་རྩོད་དང་། རྒྱ་དར་འཕྱར་བསྲེགས་ཀྱི་འཐབ་རྩོད་དག་གཡུག་ནས་མི་རིགས་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་གནང་རོགས། བོད་རང་དབང་རང་བཙན་ཐོབ་སོང་ན་འུ་ཚོས་ཆུང་ཚག་རིགས་བརྩད་ཆོག

    Reply
  8. སེང་གེ says:
    ལོ་ 13 སྔོན།

    ནོར་བཅོས་་་

    ཚོགས་པ་ལྔའི་་་་་་མཉམ་འབྲེལ་ཁྲེལ་མེད་བསྒྲགས་གཏམ་་་་་

    Reply
  9. སེང་གེ says:
    ལོ་ 13 སྔོན།

    ལམ་དབུ་མར་བསྐྱོད་ན་འདི་ལྟར་བསྐྱོད། ༧རྒྱལ་བ་རིན་པོ་ཆེ་རྒྱལ་བ་རིན་པོ་ཆེ་མི་ཟེར་བར་དོན་དམ་པའི་སྲི་ཞུ་སྒྲུབ་ན་འདི་ལྟར་སྒྲུབ། ཆོལ་ཁ་གསུམ་པོ་གཅིག་སྒྲིལ་དགོས་ན་འདི་ལྟར་འཐབ་རྩོད་བྱས། དངོས་གནས་ལྗིད་ཁོག་འདུག

    ཁ་སང་གི་ཚོགས་པ་ལྔའི་༼ མཉམ་འབྲེལ་ཁྲལ་མེད་བསྒྲགས་གཏམ་༽ལས་འདི་དྲིན་ཅན་དྲིན་དུ་ཚོར་བའི་རྣམ་དཔྱོད་ཅན་གྱི་ལས་ཀ་རེད། རྩོམ་པ་པོ་རྒྱལ་ལོ། བོད་རང་སྐྱོང་རྒྱལ་ལོ།།

    Reply
  10. བྱ་གཞུང་དཔལ་རྡོར། says:
    ལོ་ 13 སྔོན།

    ད་སྐབས་ཀྱི་ཆེས་ཡིད་སྐྱོ་ཤོས་དེ་ནི་རང་བཙན་དང་དབུ་མ་གཉིས་རྩད་ནས་བོད་མིའི་ནང་ཁུལ་དུ་འགལ་བ་བྱུང་གི་ཡོད་པ་དེ་རེད། དེ་ལས་ཀྱང་རང་བཙན་པ་ཚོས་༸གོང་ས་མཆོག་ལ་འཕྱ་དམོད་བྱེད་པ་དང་། དབུ་མ་པ་ཚོས་རྒྱ་དར་འཕྱར་ནས་རྩོད་སྟངས་དེ་ཡ་མཚན་པོ་ཞིག་རེད། རྩོད་ས་རྒྱ་མིར་མི་རྩོད་པར་ནང་ཁུལ་ལ་རྨ་འབྱིན་པ་དེ་ལས་ཐབས་རྡུགས་པ་ཞིག་གང་ན་ཡོད།

    Reply
  11. བྱ་གཞུང་དཔལ་རྡོར། says:
    ལོ་ 13 སྔོན།

    བོད་དུ་རྒྱ་གཞུང་གིས་བོད་མི་ཚོར་རྒྱ་དམར་གྱི་རྒྱལ་དར་ཁང་པའི་ཐོག་ཏུ་འཛུགས་པར་སྐུལ་མ་བྱེད། བཙན་བྱོལ་དུ་མ་སྐུལ་དང་བླངས་ཀྱིས་རྒྱ་དར་འཕྱར། ཤར་ཁུག་གི་བྱེད་སྟངས་དེར་ངོས་ལེན་རྩ་ནས་མེད།

    Reply
  12. གླག་ཕྲུག says:
    ལོ་ 13 སྔོན།

    རྒྱ་དམར་གཞུང་གིས་བོད་ནི་རྒྱ་ནག་དང་ཁ་བྲལ་ཐུབ་མེད་པའི་ཆ་ཤས་ཤིག་ཡིན་པ་ད་ལྟའི་དུས་ཚོད་འདིར་ཧ་ཅང་ཅང་ལོ་རྒྱུས་སུ་ཡང་དེ་ལྟར་ཡིན་ཟེར་རྒྱུ་ཡོད་པ་ཆབ་སྲིད་པ་ཞིག་གིས་ཤེས་དགོས་པའི་གནད་དོན་ཞིག་རེད། གཡོ་སྒྱུ་ཅན་གྱི་རྒྱ་དམར་གཞུང་གིས་འཆར་འགོད་ཀྱིས་བོད་ཀྱི་ལོ་རྒྱུས་བརྫུན་བཟོ་དང་། འཛམ་གླིང་མི་མང་ལ་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བརྗོད་སྣ་ཚོགས་བྱས་ཏེ་བོད་ཞེས་པའི་རྒྱལ་ཁབ་ཅིག་སྔར་བྱུང་མྱོང་མེད་ལ་འབྱུང་འགྱུར་ཡང་འབྱུང་མི་སྲིད་པར་འདོད་པའི་ཧམ་སེམས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར་རྒྱ་དམར་གྱི་དར་ཆ་འཕྱར་སྟེ་རྒྱ་དམར་ལ་རྒོལ་བ་ནི་བགོད་བྲོ་བ་ཞིག་འདུག རང་དབང་འཐབ་རྩོད་འདི་འདྲ་བྱས་ན་ང་ཚོ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་དང་མི་སྒེར་སུ་ཡིན་རུང་རྒྱ་དམར་གཞུང་ལ་བོད་ཀྱི་གནད་དོན་ཇི་ལྟར་གླེང་དགོས་སམ་མམ། དར་དམར་འོག་ནས་བསྡད་འདོད་ཡོད་མཁན་ཞིག་ལ་དར་དམར་འོག་ཏུ་རང་དབང་མི་འདུག་བཅས་ལབ་ན་གང་འདྲ་ཡིན་ནམ། རྒྱལ་དམར་གཞུང་གིས་ཕྱི་རྒྱལ་གྱི་རྒྱབ་སྐྱོར་བ་དང་གསར་འགོད་པ་ཚོ་བོད་ཀྱི་གནད་དོན་ནི་ང་ཚོའི་རྒྱལ་ཁབ་ཀྱི་ནང་ཁུལ་གནད་དོན་ཞིག་ཡིན་པས་རྒྱལ་ཁབ་གཞན་དང་མི་གཞན་གྱིས་ཐེ་རྟོག་མི་དགོས་ཚུལ་ཟེར་གྱིན་ཡོད་པར་རབ་འདེགས་ཞུས་པ་མ་ཡིན་ནམ། མི་སྒེར་སུ་ཞིག་ཡིན་རུང་བོད་དོན་སྒྲུབ་ན་བོད་མིའི་སེམས་ཁམས་དང་བོད་མའི་མངོན་འདོད་ལ་བལྟ་དགོས་པ་ལས་༸གཞུང་དོན་དང་༸གོང་ས་མཆོག་ཁ་ལ་ཁྱེར་ནས་གང་འདོད་གང་དྲན་བྱས་ན་གང་འདྲ་ཡིན་ནམ།་མདོར་དོན་དགྲ་དར་འཕྱར་ནས་བོད་དོན་རྩོད་པ་ལས་དགྲ་བོར་མགོ་བཏགས་ཀྱིས་ན་དགའོ།།

    Reply
  13. ཐུབ་བསྟན། says:
    ལོ་ 13 སྔོན།

    རྒྱ་ནག་གི་རྒྱལ་དར་འོག་ཏུ་རང་སྲིད་འཚོལ་བའི་བོད་ཀྱི་ཁྲིམས་བཟོ་ལྷན་འཚོགས་ཀྱིས་གཏན་འབེབས་གནང་བའི་སྲིད་བྱུས་བརྟན་པོ་ཞིག དར་དམར་ལ་དགག་རྒྱག་བྱས་ནས་ལས་འགུལ་ལ་འགོག་རྐྱེན་སྤྲོད་པའི་ནང་གི་འཁྲུག་འཛིངས་རྣོན་པོ་ཞིག རང་ཉིད་ལ་ལངས་ཕྱོགས་མེད་པའི་ཁྱི་བྱུང་ལུག་འདྲོག་གི་དྲྭ་འཁྱམ་སྡོམ་པོ་འགས། ཉི་མ་འཁྱོལ་ཐབས་སུ་སེམས་སུ་ཅི་དྲན་བྲིས་ནས་ནང་ཁུལ་རྙོག་དྲས་བཀང་།

    Reply
  14. རི་བོང། says:
    ལོ་ 13 སྔོན།

    གཉིས་ཕན་དབུ་མའི་ལམ་གྱི་ལྟ་གྲུབ་ཐོག་ནས་བལྟས་ན་འགལ་བ་ཅི་ཡང་མེད་འདྲ་མོད། འདི་དང་འདི་འདྲ་ལ་བརྟེན་ནས་བཙན་བྱོལ་བའི་མི་སྡེ་ཆུང་ཆུང་འདིར་རྙོག་དྲ་འགྲོ་བའི་རྐྱེན་དུ་སོང་ན་མི་ལེགས་པས་ལས་འགུལ་འདི་འདྲ་ལ་བརྟེན་ནས་དམིགས་བསལ་གྱི་ནུས་པ་རེ་ཐོན་རྒྱུ་མེད་ན་འདི་འདྲ་བྱེད་པའི་དགོས་པ་ཅང་མཐོང་མ་སོང་། འོན་ཀྱང་བདག་ལ་མཚོན་ན་ལས་འགུལ་འདི་ལྟ་བུ་ནི་ཕན་གནོད་ཅི་ཡང་མེད་པའི་བཏང་སྙོམས་ཀྱི་གནས་སུ་འཇོག་འདོད་ལས་དགེ་དང་ཉེས་པའི་ཕྱོགས་སུ་བཅད་དེ་འུར་རྒྱག་འདོད་མེད་ལ་རྒྱག་དགོས་ཅང་མི་འདུག འདི་ལྟ་བུ་ལ་སྙད་བཏགས་སྟེ་རྙོག་དྲ་བཟོ་མཁན་བྱུང་ན་འགན་ཕྱོགས་གཉིས་ཀས་འཁུར་དགོས་པ་ལས་གཅིག་དཀར་རྐྱང་དང་གཅིག་ནག་རྐྱང་དུས་ནམ་ཡང་བཟོ་ཤེས་གི་མ་རེད་སྙམ། བཀྲ་ཤིས་བདེ་ལེགས།

    Reply
  15. སོག་ལྷ་རྒྱལ། says:
    ལོ་ 13 སྔོན།

    བློ་འཕེལ་ལགས། རྒྱའི་ཆབ་སྲིད་ཀྱི་སྒྲོམ་གཞིའི་འོག་སྡོད་འདོད་ཡོད་མཁས་རྣམས་ད་ལྟ་རྒྱ་ཡའི་ཁས་ལེན་བྱེད་གི་མེད་པ། མ་གཞི་ད་ལྟ་རྒྱ་ཡའི་སྒྲོམ་གཞི་འོག་ལ་མེད་པས་ག་རེ་བྱེད་ནས་རྒྱ་དར་འཕྱར་དགོས་རེད། ཁྱེད་རང་དང་ཁུག་རྟ་ན། དབུས་བོད་མིའི་སྒྲིགས་འཛུགས་གི་ཡོང་ཐོག་ལ་རྒྱ་མའི་རྒྱ་དར་གཙུག་དགོས་ཡོད་ས་རེད། ག་རེ་བྱེད་ནས་མ་གཙུག་པ་རེད་དམ།།

    Reply
  16. འཇམ་བཟང་། says:
    ལོ་ 13 སྔོན།

    ད་དུང་ཁོང་གི་ངོ་གདོང་དེ། ཁེ་མཚར་ཞིག་ཆགས་འདུག ངོ་མ་ལས་རྒྱུ་ཆེ་དུ།
    ཡིན་ན་ཡང་སྤུན་ཟླ་ཚོ། ང་ཚོའི་ནང་ཁུལ་ལ་ཚིག་རྩུབ་སོགས་མ་སྨྲོས་རོགས།
    འདི་དག་ནི་རྒྱ་དམར་ལ་དགོས་པའི་སྐད་ཆ་ཡིན་པས། ང་ཚོའི་ཡིད་གཟབ་བྱེད་དགོས། སྤུན་ཟླ་ཚོ་ཡིད་གཟབ་བྱེད་རོགས།
    བོད་རྒྱལ་ལོ།།།

    Reply
  17. སོག་ལྷ་རྒྱལ། says:
    ལོ་ 13 སྔོན།

    ཤར་ཕྱོགས་ཁུག་རྟ་ཁྱེད་རང་། རང་གནང་གང་དྲན་གྱི་དར་དམར་འཕྱར་བ་དེ།
    འགན་ཁུལ་མེད་པའི་བྱ་སྤྱོད་རང་རེད་། ཁྱེད་རང་ཁ་ལ་དབུ་ལམ་འཁྱེར་ནས་དོན་དངོས་སྤྱི་ཚོགས་ནང་འཁྲུག་་བརྐྱེན་ལངས་པའི་གཞི་རྩ་བཟོ་གི་འདུག
    ཕྱོགས་ལྷུང་དང་ཐེན་ཕྱེར་མེད་པའི་ཐོག་ནས། བདེན་འཛུན་དབྱེད་འབྱེད་བྱེད་དགོས།།

    Reply
  18. ཁ་རུ་ཁ་ཐུག says:
    ལོ་ 13 སྔོན།

    ད་བྱས་དུས། སྲིད་སྐྱོང་བློ་བཟང་སེང་གེ་དེ་ཕྱི་དབུ་མ་དང་ནང་རང་བཙན་ཟེར་བ་ནི་བདེན་པ་ཡིན་ས་རེད། བཞུགས་སྒར་ནས་གཞུང་འབྲེལ་མཛད་སྒོའང་རང་བཙན་ཚོགས་པ་བཞིས་སྣེ་ཁྲིད་རྒྱུར་ཚིག་གཅིག་གསུངས་མེད་ཚོད་འདུག་པས། ཁྱེད་ཤར་ཕྱོགས་ཁུག་རྟས་ལམ་དབུ་མ་མ་གློད་ཀྱང་སྲིད་སྐྱོང་བློ་བཟང་སངས་རྒྱས་ནས་རེ་མེད་འབྲས་མེད་བྱེད་རྒྱུ་ཡིན་པ་ཐག་ཆོད་རེད།

    Reply
  19. བློ་འཕེལ། says:
    ལོ་ 13 སྔོན།

    ཤར་ཁུག་གི་ཆོད་སེམས་དང་སྙིང་སྟོབས་ལ་ཡི་རང་ཡོད།
    རྒྱའི་ཆབ་སྲིད་ཀྱི་སྒྲོམ་གཞིའི་འོག་སྡོད་འདོད་པ་རྣམས་ཀྱི་རྒྱ་མིའི་རྒྱལ་དར་འཕྱར་དང་མི་འཕྱར་གྱི་སྐད་ཆ་ལྷག་ཡོད་པ་མ་རེད་བསམ། དཔེར་ན།

    བོད་མིའི་སྒྲིག་འཛུགས་ཀྱི་འོད་དུ་སྡོད་ནས། བོད་ཀྱི་རྒྱལ་དར་མི་འཕྱར་ཟེར་ན་གང་འདྲ་འདུག། གཟུར་གནས་རྣམས་ཀྱིས་དགོངས་བཞེས་གནང་རོགས།

    Reply
  20. ཁ་རུ་ཁ་ཐུག says:
    ལོ་ 13 སྔོན།

    ༼ ཆ་རྐྱེན་གང་ཡང་མེད་པར་༧གོང་ས་མཆོག་རྒྱལ་ནང་དུ་གདན་ཞུས་ཀྱིས་རྒྱ་རིགས་དད་ལྡན་མང་ཚོགས་ཁྲོད་ཆོས་ཀྱི་འཁོར་ལོ་བསྐོར་འཇུག་དགོས། ༽དངོས་གནས་འདི་དམིགས་བསལ་ཞིག་རེད། རྒྱ་རིགས་མི་མང་དུང་ཕྱུར་མང་པོས་ཀྱང་གསན་པར་ཤོག རང་བཙན་པར་ཁས་འཆེ་བ་ཁ་ཤས་ཀྱི་དཀྲུགས་ཤིང་འོག་མྱི་ཁ་སྣ་ཚོགས་ཡོང་རྒྱུ་གདོད་མི་ཟ་ནའང། མགོ་བདེ་བོ་ཚོའི་ཐབས་མཁས་པོ་རང་དོན་ཚ་བོ་མ་གནང་བར་ཁ་ཞེ་གཉིས་མེད། ཕྱི་གསལ་ནང་གསལ། དཔའ་ཉམ་སྤོབས་ཉམས་ལྡན་པ་དེ་ཐུགས་རྗེ་ཆེ་ཞུ།། ཁྱེད་ལ་རྒྱུ་མཚན་ཡོད་པ་གནའ་ནས་ཤེས།།

    Reply
  21. མཉམ་ཞུགས says:
    ལོ་ 13 སྔོན།

    མི་འགའ་ཞིག་གིས་ལས་ཀ་བྱེད་སྟངས་ལ་བལྟོས་ན་དོན་དངོས་ཐོག་བོད་ལ་གང་ཕན་ལས་ལས་འགུལ་ཅི་ཞིག་སྤེལ་ན་བོད་པའི་སྤྱི་ཚོགས་ནང་རྙོག་ཟིང་ཟིང་དང་སོ་སོ་མིང་གྲགས་ཞིག་ཐོབ་རྒྱུའི་རེ་བ་བྱེད་ཀྱི་མེད་འགྲོ་བསམ་གྱི་འདུག ཨ་ཚུགས་བརྒྱབས་ནས་རྒྱ་དར་འཕྱར་གྱིན་པ་མཐོང་ཚེ་བོད་ཐོག་ཆ་རྒྱུས་ཆེར་མེད་པའི་རྒྱ་གར་ཡུལ་མི་གཙོས་ཕྱི་མི་རྣམས་ཀྱིས་མཐོང་ཚེ་བོད་རྒྱ་ནང་གི་ཆ་ཤོས་ཡིན།ང་ཚོ་རྒྱ་དམར་གཞུང་དང་སྐར་ལྔའི་དར་དམར་ལ་དགའ་ཞེས་ལས་འགུལ་སྤེལ་གྱི་ཡོད་པ་འདྲ་བོ་ཞིག་མཐོང་ངེས་རེད། བོད་ཀྱི་གནས་སྟངས་ཉག་ཕྲ་བའི་དུས་འདིར་ལས་འགའ་ཞིག་ཕན་ལས་གནོད་ཆེ་བའང་ཡོང་སྲིད་པས་ལས་འགུལ་བ་རྣམས་ཐུགས་བསམ་བཞེས་དགོས་ཚད་རེད།

    Reply
  22. ལུང་རྟོགས། says:
    ལོ་ 13 སྔོན།

    ད་ཡིན་ན་གཉིས་ཕན་དབུ་མའི་ལམ་དེ་གཉིས་གནོད་དམར་པོའི་ལམ་ལ་བསྒྱུར་རྩིས་འདུག་ག

    Reply
  23. རིག་འཛིན། says:
    ལོ་ 13 སྔོན།

    མི་འདི་བྱེད་མང་པོ་ཞེ་དྲགས་འདུག།
    ཕན་ཅི་ཐོག་མ་ངེས་ཀྱང་སྤྱི་ཚོགས་ནང་རྙོག་གླེང་ཞིག་ཏན་ཏན་བཞག་ཚར་རེད།

    Reply
  24. གནས་ཚང་། says:
    ལོ་ 13 སྔོན།

    ད་མི་འདི་རིགས་རྒྱ་གར་གཞུང་གིས་རྒྱ་ནག་ལ་རྩིས་སྤྲོད་བྱེད་རན་འདུག དེ་ལས་ལྡོག་ན། རྒྱ་གར་ལའང་གནོད་ཚབས་བཟོ་སྲིད་པ་ཞིག་རེད།

    Reply
  25. ཀླུ་སྨྱོན། says:
    ལོ་ 13 སྔོན།

    ལམ་དབུ་མ་ཅན།
    དར་དམར་པོ་ཅན།

    Reply
  26. ཁ་འོ་མ། says:
    ལོ་ 13 སྔོན།

    ཀླུ་མཁར་བྱམས་ལྟ་བུའི་རང་བཙན་པ། ཤར་ཕྱོགས་ཁུག་རྟ་ལྟ་བུའི་དབུ་མ་པ། ཡིད་ཆེས་ཅུང་ཙམ་ཡོད།

    འཇམ་དབྱངས་ནོར་བུ་ལྟ་བུའི་རང་བཙན་པ། སྲིད་སྐྱོང་སེང་གེ་ལྟ་བུའི་དབུ་མ་པ། ཡིད་ཆེས་ཙུང་ཙམ་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese