མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་ཡོངས་སུ་ཉམས་ཀྱི་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་འདུས་མིག་ཆུ། 

སྐད་ཡིག་གི་ཚེ་སྲོག་ཡུན་གནས་ཐུབ་མིན་ནི། སྐད་ཡིག་གི་བཀོལ་སྤྱོད་ཁོར་ཡུག་དང་། འདུ་ཤེས་བསམ་བློ་གཉིས་ལ་རག་ལས་འདུག་སྙམ། སྐད་ཡིག་བཀོལ་སྤྱོད་བྱེད་པའི་ཁོར་ཡུག་གང་འདྲ་ཞིག་ཡིན་རུང་དེ་ཉིད་གནས་ཐུབ་པའི་འགག་རྩ་ཕྱོགས་གཅིག་ནི། དེ་ཉིད་བཀོལ་སྤྱོད་བྱེད་པའི་ཁྱབ་རྒྱ་ཡིན་ལ། དེ་ལས་ལྡོག་ཏེ་ཕྱིན་ན་མི་རིགས་གང་ཞིག་གི་ངོ་བོ་མཚོན་བྱེད་དང་། རིག་གཞུང་གི་གཞི་རྟེན་དུ་གྱུར་བའི་སྐད་ཡིག་ཡོངས་སུ་ཉམས་ངེས་པ་རེད་འདོད།

དེ་ལྟར་ན་འུ་ཅག་བཙན་བྱོལ་སྤྱི་ཚོགས་ཀྱི་གཞུང་གི་ལས་ཁུངས་ཁག་དང་། འཚོ་བའི་སྤྱོད་སྒོ་གང་ལ་བལྟས་ཀྱང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ལས་དབང་ཅུང་ཞན་པའི་དབང་གིས་བོད་ཀྱི་སྐད་ཡིག་འདི་ཉིད་ཡོངས་སུ་ཉམས་དམས་སུ་འགྲོ་བར་ཐེ་མི་ཚོམ་སྙམ། 

སྐད་ཡིག་གི་བཀོལ་སྤྱོད་ཆུང་བའི་ས་ཆ་གང་ཞིག་ཡིན་ནའང་སྐད་ཡིག་དེ་ཉིད་ལ་མཁས་པ་དང་། སྐད་ཡིག་དེ་ཉིད་ལ་ཞེན་པའི་མི་ལ་རིན་ཐང་མེད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་སྐད་ཡིག་གང་ཉིད་ཀྱི་རིན་ཐང་རྩིས་མེད་དུ་འགྲོ་བ་དང་། སྐད་ཡིག་རྒྱུན་འཛིན་བྱེད་པའི་མི་སྣ་གསོ་སྐྱོང་བྱེད་པའི་བགྱི་བ་དང་ལེན་བྱེད་པའི་བྱ་འགུལ་ཧ་ཅང་ཉམ་ཞན་དུ་འགྲོ་ངེས་པ་རེད།

དེ་ལྟར་ན་སྐད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་གུ་དོག་ཅིང་། སྐད་ཡིག་གི་རིན་ཐང་མཐོང་བའི་ནང་སེམས་ཀྱི་དཔལ་ཡོན་མེད་སོང་ཚེ། སྐད་ཡིག་ནི་ནམ་ཡང་དགོས་མེད་ཕན་མེད་ཀྱི་གད་སྙིགས་ཙམ་ལས། མི་རིགས་ཤིག་གི་ཚེ་སྲོག་དང་། རིག་གནས་ཤིག་གི་བླ་སྲོག་ཏུ་གྱུར་བའི་རྣམ་དག་གི་སེམས་རྒྱ་ཞིག་ག་ལ་འཁྲུངས་ཨང་སྙམ།

བོད་མི་རིགས་ལ་མཚོན་ན། བོད་ཀྱི་སྐད་ཡིག་འདིའི་རིན་ཐང་ཡང་དག་ཅིག་མཐོང་མཁན་ཉུང་ཞིང་། བོད་ཀྱི་སྐད་ཡིག་བེད་སྤྱོད་བྱ་སའི་ཁོར་ཡུག་ཧ་ཅང་གུ་དོག་པོ་ཡིན་པའི་ཆ་ནས། ངས་བསམས་ན་བོད་གངས་ཅན་པའི་བླ་དང་སྲོག་ཏུ་གྱུར་བའི་སྐད་ཡིག་འདི་ངེས་པར་ཉམས་ངེས་རེད་འདོད།

བོད་སྐད་བོད་ཡིག་ལ་ནང་བྱན་ཆུད་ཅིང་བོད་སྐད་བོད་ཡིག་ལ་དུངས་ཞེན་བླ་ནས་འབར་བའི་མི་ཞིག་ཡིན་ནའང་དགེ་རྒན་དང་། གཞུང་གི་ལས་དོན་བྱེད་པར་འགྲོ་དུས། བོད་སྐད་ལས་གཞན་པའི་ལག་འཁྱེར་གཞན་ཞིག་ཆ་རྐྱེན་འདོན་ཞིང་། སྐབས་དེར་ལག་འཁྱེར་མེད་པའི་རླབས་ཆེན་གྱི་བོད་ཡིག་མཁས་པ་གང་མང་ཞིག སྤྱི་ཚོགས་ཐོག་མར་འཁྱམས་ཤིང་། ཟ་ཁང་སོགས་ཀྱི་ལས་གཡོག་བྱས་ཏེ་རང་ཉིད་ཀྱི་འཚོ་ཚིས་ལ་མི་འབད་ཐུ་མེད་དུ་འགྱུར་བཞིན་ཡོད།

སྐབས་དེར་བོད་ཡིག་འབྲི་བ་ལ་ལག་པ་ཞ་བོར་གྱུར་ཅིང་། བོད་ཀྱི་རིག་གཞུང་འཆད་པར་ངག་ལྐུག་པ་ཆགས་པའི་མི་བུ་འགར་འདབ་གཤོག་གཉིས་ལྡན་གྱི་མིང་གི་ཆོ་ལོ་ཕུལ་ཏེ། ལས་དོན་རུ་ཁག་གི་མཐོ་ས་དང་མཛེས་སར་བསྐོ་བཞག་བྱེད་མོད། དོན་དངོས་ཉི་མ་དེ་ནས་བཟུང་མི་རིགས་ཀྱི་རིག་གནས་ཉམས་པའི་མགོ་བརྩམས་ཤིང་། སྐད་ཡིག་གི་ཚེ་སྲོག་ཆད་པའི་རྩ་བ་ཚུགས་པ་མ་ཡིན་ནམ།

རྒྱལ་ཁབ་དང་མི་རིགས་གང་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་ཚེ་སྲོག་ཡུན་གནས་ཐུབ་པ་དང་། མི་རིགས་ཀྱི་ངོ་བོ་མཚོན་པར་བྱེད་པའི་ཆ་རྐྱེན་གཙོ་བོ་ནི། མི་རིགས་ཀྱི་རིག་གནས་དང་། དེ་བརྟེན་སའི་སྐད་ཡིག་འབའ་ཞིག་ཡིན་པར་འདོད།

ཕྱིའི་སྐད་ཡིག་ནི་མི་རིགས་གང་དེའི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཡང་ན་མི་རིགས་གང་དེའི་རིག་གཞུང་མཛེས་པར་བྱེད་པའི་རྒྱན་ཆ་རུ་འཛིན་དགོས་པ་ལས། མི་རིགས་ཀྱི་བླ་དང་སྲོག་ཏུ་འཛིན་ག་ལ་རུང་ཨང་སྙམ།

མི་རིགས་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་པར་དབང་ཆུང་ཞིང་། སྐད་ཡིག་གི་རིན་ཐང་བསམ་བློ་ཡོངས་སུ་རྒུད་ཏེ། མི་རིགས་གཞན་གྱི་སྐད་ཡིག་རྒྱལ་ཁབ་ཀྱི་སྲིད་དོན་དང་། མི་སྒེར་གྱི་འཚོ་ཚིས་བསྒྲུབས་པའི་གཙོ་རྒྱུག་སྐད་ཡིག་ཏུ་བཟུང་ཕྱིན་ཆད། མི་རིགས་དེ་ཉིད་ཀྱི་སྐད་ཡིག་ཡོངས་སུ་ཉམས་ཟིན་པ་རེད་འདོད་བཞིན་ཡོད།

མཐོ་བ་དབུ་ཁྲིད་ལ་སྐད་ཡིག་གི་རིན་ཐང་ལྟ་ཚུལ་དང་། སྐད་ཡིག་གི་དགེ་མཚན་ཁྱད་ཡོན་མཐོང་བའི་བསམ་བློ་མེད་པ་དང་། དམའ་བ་སློབ་ཕྲུག་ཡོད་ཚད་ལ་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་། སྐད་ཡིག་གི་ཕན་ཡོན་ནུས་སྟོབས་སོགས་འཆད་པའི་སློབ་གསོ་མེད་སོང་ཚེ། སྐད་ཡིག་དེ་ནི་མཆོད་སྒྲོམ་དུ་བཤམས་ཤིང་སྤོས་དང་བསུང་གི་དུད་ཞགས་ཁྲོད་ནས་སྨྲ་མེད་ལྐུག་པའི་ངང་ཚུལ་གྱི་ཚེ་སྲོག་འགྲོ་དགོས་ངེས་རེད།

དེ་ལྟར་ན་སྐད་ཡིག་ཡར་རྒྱས་གཏོང་དགོས་ན། སྐད་ཡིག་ལ་བཅངས་པའི་འདུ་ཤེས་བསམ་བློ་ཡོད་པའི་མི་བུ་གང་མང་གསོ་སྐྱོང་དང་། སྐད་ཡིག་བཀོལ་སྤྱོད་བྱ་སའི་ཁོར་ཡུག་རྒྱ་ཆེ་དང་ཁོད་ཇེ་ཡངས་སུ་གཏོང་ཐུབ་ན། ད་གཟོད་བོད་སྐད་བོད་ཡིག་མི་ཉམས་ཡུན་གནས་ཐུབ་པའི་དགེ་མཚན་ཞིག་ཡོད་པར་མཐོང་ངོ་།།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༦ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༦ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 2

  1. བཀྲ་ཤིས་དོན་གྲུབ། says:
    ལོ་ 13 སྔོན།

    བོད་ཡིག་ཤེས་མཁན་དག་གིས་བོད་ཡིག་གི་དགེ་མཚན་དང་ཕན་ནུས་སོགས་ཤེས་ཀྱིན་ཡོད་པས། བོད་ཀྱི་སྐད་ཡིག་གི་སྐོར་ལ་སྐད་ཆ་དང་བསམས་ཚུལ་མི་བཤད་ཐུ་མེད་རེད། འོན་ཀྱང་སྤྱིར་བོད་ཀྱི་སྤྱི་ཚོགས་དང་ནང་དགོས་སུ་ཕྱི་སྡོད་བོད་མི་དག་ལ་སྐད་ཡིག་གི་རིན་ཐང་དང་ཕན་ནུས། དགེ་མཚན་སོགས་ཤེས་པའི་གོ་རྟོགས་མེད་ཕྱིར། ཁྱེད་ཅག་གིས་གནས་ལུགས་ཇི་ལྟར་བཤད་ན་ཁོང་ཚོས་ཁྱོད་ཅག་ལ་ནི་དེ་ལྟར་གྱི་ཀླད་པ་མཁྲེགས་པོ་རེད་ཟེར་བའི་མ་དགའ་བའི་མཚང་འདོག་བྱེད་ངེས་ཡིན། འཕགས་ཡུལ་ཀིརྟིའི་སློབ་གླིང་ན་ཡང་བོད་ཀྱི་རིག་གནས་ཀྱི་རྨང་གཞི་སུམ་རྟགས་སོགས་བཀག་ཚར་ཙམ་གྱིས་བོད་ཀྱི་སྐད་ཡིག་གི་སྐུ་ཚེ་ཐུང་རུ་བཏང་བའི་ཆ་རྐྱེན་སྐྲུན་པའམ། ཡང་ན་བོད་ཀྱི་སྐད་ཡིག་ལ་མདུན་ལམ་མེད་པའི་ལམ་གསལ་སྟོན་བྱས་ཡོད། དེ་མིན་མི་རིགས་ཀྱི་ལ་རྒྱ་དང་དུང་ཞེན་ཁ་ལ་འབར་བཞིན་བའི་སློབ་ཕྲུག་དག་གིས་ནི་བོད་ཡིག་པེ་མཁྲེགས་པོ་འདུག་ཅེས་པའི་སྟབས་བདེའི་ལན་ཙམ་གྱིས་འཐུས་པར་བྱས་ཡོད་པས་ང་ཚོ་ཚང་མས་རང་མགོ་གང་འཐོན་གྱི་ལས་སུ་ཞུགས་ནས་མི་སེམས་མ་དཀྲུག་ན་དེ་འོས་ཤིང་འཚམ་པ་ཞིག་ཡིན་ངེས་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ དེ་ལྟར་ན་སྐད་ཡིག་ཡར་རྒྱས་གཏོང་དགོས་ན། སྐད་ཡིག་ལ་བཅངས་པའི་འདུ་ཤེས་བསམ་བློ་ཡོད་པའི་མི་བུ་གང་མང་གསོ་སྐྱོང་དང་། སྐད་ཡིག་བཀོལ་སྤྱོད་བྱ་སའི་ཁོར་ཡུག་རྒྱ་ཆེ་དང་ཁོད་ཇེ་ཡངས་སུ་གཏོང་ཐུབ་ན། ད་གཟོད་བོད་སྐད་བོད་ཡིག་མི་ཉམས་ཡུན་གནས་ཐུབ་པའི་དགེ་མཚན་ཞིག་ཡོད་པར་མཐོང་ངོ་།། ་་་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese