མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འབར་མའི་ཟིང་འཁྲུག་གི་བརྙན་པར།

བོད་ཀྱི་དུས་བབ།
༢༠༡༣/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

བྷེ་བྷེ་སེ་གསར་ཁང་གིས་ཉེ་ཆར་འབར་མའི་ནང་པ་དང་ཁ་ཆེ་བར་ཟིང་འཁྲུག་བྱུང་སྐབས་ཀྱི་བརྙན་པར་ཞིག་ཕྱིར་བསྒྲགས་བྱས་པའི་ནང་། ཉེན་རྟོག་པས་དྲག་རྒོལ་མང་ཚོཊ་བཀག་འགོག་དང་ཁ་ཆེ་ཚོར་སྲུང་སྐྱོབ་བྱེད་ཀྱི་མེད་པ་གསལ་འདུག

དེ་རིང་ཕྱི་ཚེས་ ༢༢ ཉིན་བྷེ་བྷེ་སེ་ (BBC) གསར་ཁང་གིས་ཉེ་ཆར་འབར་མའི་ནང་པ་དང་ཁ་ཆེ་བར་ཟིང་འཁྲུག་བྱུང་སྐབས་ཀྱི་བརྙན་པར་ཞིག་ཕྱིར་བསྒྲཊ་བྱས་ཡོད་ཅིང་། བརྙན་པར་ཐུང་ངུ་དེར་ནང་པ་དང་ཁ་ཆེ་བར་བྱུང་བའི་ཟིང་འཁྲུག་སྐབས། ནང་པ་ཚོས་ཁ་ཆེ་གྲངས་ཉུང་མི་རིཊ་ལ་དྲག་རྒོལ་གཅར་རྡུང་བྱེད་བཞིན་ཡོད་ཀྱང་། ཉེན་རྟོག་པ་ཚོས་བཀག་འགོག་སྲུང་སྐྱོབ་མ་བྱས་པར་ཟུར་ནས་ལྟད་མོར་ལྟ་བཞིན་པ་དམིགས་འདོན་བྱས་འདུག

བརྙན་པར་དེའི་ནང་། ཕྱི་ཟླ་ ༣ པའི་ཚེས་ ༢༠ ཉིན་འབར་མའི་མེ་ཀི་ཊེ་ལཱ་ (Meiktila) ས་གནས་སུ་ནང་པ་ཚོས་ཁ་ཆེའི་གསེར་ཚོང་ཁང་ཞིག་ལ་དྲག་རྒོལ་དང་། ཉེ་འཁོར་གྱི་ཁ་ཆེ་བའི་སྡོད་ཁང་མེར་བསྲེཊ་གཏོང་སྐབས་སོགས་སུ་ཉེན་རྟོག་པས་ཟུར་ནས་བལྟས་སྡོད་པ་ལས་བཀག་འགོད་བྱེད་ཀྱི་མེད་པ་དང་། ལྷག་པར་དུ་ཁ་ཆེ་བ་ཞིག་མེར་བསྲེགས་ཡོད་པ་དེར་མང་ཚོགས་ཀྱིས་ “ ཁོའི་སྟེང་ཆུ་མ་གཏོར། ཁོ་ཤི་རུ་བཅུགས་ ” ཟེར་བའི་སྒྲ་བརྙན་པར་ལས་ཐོས་ཐུབ་ཀྱང་། ཉེན་རྟོག་པས་རྒྱང་ནས་བལྟས་སྡོད་བཞིན་པ་ལས་གང་ཡང་བྱེད་ཀྱི་མེད་པ་ཞིག་གསལ་འདུག

ཡང་བརྙན་པར་དེའི་ནང་། སྡོད་ཁང་ཁག་ཅིག་མེ་རུ་སྲེག་བཞིན་པའི་ཉེ་འཁྲིས་ཀྱི་རྩྭ་གསེང་ན་ཁ་ཆེ་ན་གཞོན་ཞིག་བྲོས་འགྲོ་བཞིན་པ་གྲྭ་བ་ཞིག་ཚུད་པའི་ནང་པ་སྐོར་ཞིག་གིས་འཇུ་བཟུང་གཅར་རྡུང་བྱེད་བཞིན་པ་སོགས་ཉིན་དེའི་དོན་རྐྱེན་ཁག་ཅིག་གསལ་ཡོད་པའི་ཁྲོད། ཚན་པ་གཅིག་ཏུ་ཉེན་རྟོག་པས་ཁ་ཆེ་བུད་མེད་དང་བྱིས་པ་སྐོར་ཞིག་ལ་འགེབས་སྲུང་གིས་སྡོད་ཁང་མེར་བསྲེགས་གཏོང་ཡུལ་ནས་ཁྲིད་འགྲོ་བཞིན་པ་ལས། དོན་རྐྱེན་གཞན་ཚང་མའི་ནང་ལྟད་མོར་ལྟ་བཞིན་པ་རྐྱང་བརྙན་པར་དུ་ཐེབས་འདུག

གོང་གི་དོན་རྐྱེན་དེ་དག་དང་འབྲེལ་ཡུ་རོབ་མཐུན་ཚོགས་ཀྱིས། འབར་མའི་ཆབ་སྲིད་བཅོས་སྒྱུར་ཐད་འགོག་རྐྱེན་(sanctions) ཕྱིར་འཐེན་བྱས་པའི་གནད་དོན་དེར་བསྐྱར་དུ་ཐག་གཅོད་བྱ་དགོས་སྐོར་བརྗོད་ཡོད་འདུག་ལ། དེ་བཞིན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ཁག་གིས་ཀྱང་། ཉེ་ཆར་འབར་མའི་ཁ་ཆེ་གྲངས་ཉུང་མི་རིགས་སྟེང་དྲག་རྒོལ་བྱས་པའི་བྱ་སྤྱོད་དེར་འབར་མ་གཞུང་གིས་ཐག་གཅོད་གསལ་བོ་མ་བྱུང་བར་དུ་རྒྱལ་སྤྱིའི་འགོག་རྐྱེན་རིགས་ཕྱིར་འཐེན་མི་བྱ་བའི་ཉེན་བརྡ་བཏང་འདུག

ཕྱི་ཟླ་ ༣ ཚེས་ ༢༠ ཉིན་གྱི་དོན་རྐྱེན་དེ་ནི། ཐོག་མར་ཁ་ཆེ་གསེར་ཚོང་ཁང་ཞིག་ཏུ་ཚོང་བདག་དང་གསེར་ཉོ་མཁན་ནང་པ་ཞིག་གི་བར་རྩོད་རྙོག་བྱུང་པ་དེས་རྐྱེན་པས་ནང་པའི་གྲྭ་བ་གཅིག་ལ་གཅར་རྡུང་གིས་རྐྱེན་ལམ་དུ་ཕྱིན་པ་བཅས་ཀྱི་འོག ནང་པ་དང་ཁ་ཆེ་བར་ཟིང་འཁྲུག་ཤུགས་ཆེ་རུ་ཕྱིན་ཏེ། མི་ ༤༣ ཙམ་རྐྱེན་ལམ་དུ་བཏང་ཡོད་པ་དང་། ཁ་ཆེ་བ་སྟོང་ཕྲག་འགའ་ས་གནས་གཞན་དུ་ཉེན་ཡོལ་བྲོས་བྱོལ་བྱས་དགོས་བྱུང་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

མཆན། 2

  1. མི་རྒོད། says:
    ལོ་ 9 སྔོན།

    འོ་ད་གཟིགས་དང་། ལུང་པ་འདི་ཚོས་གོ་སྐབས་བེད་སྤྱོདཔ་རེད། སྔོན་བོད་དོནལའང་དེ་རང་བྱས་ཟིན་པ་རེད། བྱས་ཙང་བསམ་བློ་གཏིང་ཟབ་བཏང་ནས་རང་རྒྱལ་ཁྱབ་བསྲུང་དགོས་པ་འདུག་ག་ད་འདི་འདྲ་རེད། ཁ་ཆེ་བས་འགྲིག་མིན་འདུག་ལབ་་ན་དབྱིན་ཇིམགོ་་ལ་འབར་རྫས་གཏོར་ངེས་རེད།། ཧ་ཧ་ཧ་དབྱིན་ཇི་མགོ་བདེ་རེད། ཁ་ཆེ་་འདི་ཚོ་ལ་ལམ་སྟོན་དང་། འབར་མ་གཞུང་ལའང་དྲང་བདེན་མང་གཙོ་ལམ་ལོང་ཡོང་བ་སོགས་གླེང་དུས་རེད།།། འདི་་འངྲ་རེད་ད།།།

    Reply
  2. རྩྭ་ཐང་གི་གླག་རྒོད། says:
    ལོ་ 9 སྔོན།

    ཨ་རའི་ནང་འཁྲུག་ལྷུང་བྱེད་གྱི་གནས་ཚུད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist