མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟླ་གཅིག་རིང་བོད་དོན་བསྙུང་གནས།

བོད་ཀྱི་དུས་བབ།
༢༠༡༣/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ས་ག་ཟླ་བའི་ཚེས་ ༡ ནས་མགོ་འཛུགས་ཀྱིས་ཚེས་ ༣༠ བར་དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་དཔའ་བོའི་དྲན་རྟེན་རྡོ་རིང་མདུན་དུ། བོད་སྐྱོད་ཞི་བའི་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལྡོམ་པོ་སྐྱིད་ཀྱིས། ༧གོང་ས་མཆོག་མྱུར་དུ་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་གདུང་སེམས་མཉམ་སྐྱེད།  རྒྱ་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་ཀྱི་ཆབ་སྲིད་བཙོན་པ་ཚོ་ཀློད་གྲོལ་དགོས་རྒྱུ། དེ་བཞིན། བུ་ཚེ་བརྟན་རྡོ་རྗེའི་བོད་སྐྱོད་གོམ་བགྲོད་ལ་རྒྱབ་སྐྱོར་དང་། ཁོང་མི་འགྱངས་བར་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་ཐུབ་པ་བཅས་ཀྱི་དགོས་འདུན་དོན་ཚན་ ༣ གྱི་འོག ཉིན་གྲངས་ ༣༠ རིང་བསྙུང་གནས་དང་ངག་བཅད་ཀྱི་བོད་དོན་ལས་འགུལ་སྤེལ་བཞིན་ཡོད་འདུག

ལས་འགུལ་དེར་ཆོལ་ག་གསུམ་གཙོས་ཚོགས་སྐྱིད་ཁག་ ༡༡ གིས་ཁོང་མ་སྨད་གཉིས་ཀྱི་ཆོད་སེམས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད།  ལས་འགུལ་དབུ་འབྱེད་དང་མཇུག་བསྡོམས་ཀྱི་ཉིན་ཧྲིལ་བོར་ཚོགས་སྐྱིད་དེ་དག་གི་འཐུས་མི་གཉིས་རེ་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུ་ཡིན་འདུག

དེའི་སྐོར་ལ་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་ཀྱིས་ངོ་སྤྲོད་གནང་དོན།  “ལས་འགུལ་དབུ་འབྱེད་ཉིན་ཚོགས་སྐྱིད་ཁག་ ༡༡ གིས་ཨ་མ་ལྡོམ་པོ་སྐྱིད་ལ་འདུག་སའི་གུར་སོགས་གོ་སྒྲིག་དང་གསལ་བསྒྲགས་ཡིག་ཆ་འགྲེམས་སྤེལ། དེ་བཞིན་མ་འོངས་པར་ཨ་མ་ལྡོམ་པོ་སྐྱིད་ཀྱི་སྐུ་གཟུགས་གནས་སྟངས་སོགས་ལ་ལྟ་སྐྱོང་གནང་རྒྱུ་དང་། ལས་འགུལ་གྱི་ཉིན་མཐའ་མ་དེར་ཚོགས་སྐྱིད་ཁག་གི་ངོས་ནས་མཇུག་བསྡོམས་མཛད་སྒོ་ཆུང་ཆུང་ཞིག་བསྡུ་རྒྱུ་ཡིན” ཞེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ་གླིང་ཚའི་སྐོར་བརྗོད་དོན། “ ཉིན་ ༣ གྱི་སྔོན་དུ་ང་ཚོ་ཚོགས་པ་ ༡༡ གི་ཚོགས་འདུ་བསྡུས་ཏེ། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ལངས་ཕྱོགས་དང་ལས་འགུལ་ལ་མུ་མཐུད་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཡོད་པ་གྲོས་འཆམ་བྱུང་བ་ལྟར། ཁས་ཉིན་ང་ཚོའི་སྐུ་ཚབ་གཉིས་གྷོ་ར་ཕུར་དུ་ཕྱིན་ཏེ་ཚེ་བརྟན་རྡོ་རྗེ་ལགས་ལ་རོགས་རམ་ལྟ་སྐྱོང་གནང་བཞིན་ཡོད”  ཅེས་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༣ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༦ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

མཆན། 6

  1. ཨ says:
    ལོ་ 13 སྔོན།

    ཚོགས་སྐྱིད་ཁག་བཅུ་གཅིག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ། ང་ཚོས་བཟང་པོར་བཟང་གི་ངོས་འཛིན་གནང་ནས། ཕན་ཚུན་རོགས་འདེགས་གནང་སྟངས་འདི་ནི། མདོར་བསྡུས་ན། མི་རིགས་རང་གི་ལས་དོན་བདེ་ལེགས་ཅིག་འོང་བའི་རྒྱུ་ཉིད་དོ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    མཆན་པོ་འཁྱམ་པོ་ལགས་ཀྱིས་གསུངས་པ་ལྟར།
    བོད་ཆོས་བསྙུང་གནས་ཀྱི་ཚིག་འདི། ཆབ་སྲིད་ལས་འགུལ་གྱི་ཟས་བཟད་ངག་བཅད་ཙམ་ལ་བེད་སྤྱད་པ་ནི། གསར་འགྱུར་བ་ལ་ཆོས་ཀྱི་ཞག་རྩི་ཞན་པའི་རྟགས་རེད།

    Reply
  3. འཇམ་གཅེས ། says:
    ལོ་ 13 སྔོན།

    ཆོས་སྲིད་གང་ཡིན་དྲ་འབུ་ཁྱོད་ཀྱི་ངོས་འཛིན་གང་བྱས་ན་དེ་ག་རང་རེད་་་ལོ་་་་་་འུར་མ་བཤད་་་་་་་་་་་་་་་་་་་སོ་སོའི་མི་འགྱོན་ན་ཁ་ཁར་འདུག་དང་མཛེས་ཤོས་རེད་་་་་་་་་་་་་་་

    Reply
  4. རྒྱ་རྙི། says:
    ལོ་ 13 སྔོན།

    ངས་གོ་ཚོད་ལ་ཚོགས་སྐྱིད་བཅུགཅིག་ཟེར་བ་འདིར་དམིགས་བསལ་ཚོགས་གཙོ་མེད་རབས་གོ་སོང་མོད།བསྟན་པའི་དངོས་གྲུབ་ལ་ཚོགས་གཙོ་ཟེར་འདུག་པ་དེ་སུས་བསྐོ་བཞག་བྱས་པ་རེད་དམ། ཡང་ན་གསར་འགོད་པས་འོལ་ཚོད་བྱས་པ་རེད་དམ།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    མ་བུ་གཉིས་ལ་རྒྱབ་སྐྱོར་ཡོད། །

    Reply
  6. འཁྱམ་པོ། says:
    ལོ་ 13 སྔོན།

    དེ་ཆོས་རེད་དམ་སྲིད་རེད། སྲིད་དོན་ཡིན་ན་ཟས་གཅད་ངོ་བརྒོལ་ཞེས་བྲིས་ན་མཚམས། ཆོས་ཡིན་ན་མི་རིགས་གཅིག་ཁོ་ནའི་ཆེད་དུ་བསྙུང་གནས་སྡོད་པ་ནི་སེམས་བསྐྱེད་ཆུང་དྲགས་པ་རེད། ང་ཚོའི་མི་ལ་ངོམ་རྒྱུའི་ཐིག་ཆེན་ཆོས་ཞེས་པ་དེ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཡིན་པ་ལས་མི་རིགས་ག་གེ་མོ་ཞིག་གི་ཆབ་སྲིད་ལས་འགུལ་ཆེད་བེད་སྤྱོད་ག་ལ་རུང་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese