མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསང་མྱུལ་བ་འཛིན་བཟུང་བྱས་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་༡༤ ཉིན་གྱི་དགུང་མོར། ཨུ་རུ་སུའི་གསང་བའི་ལས་ཁུངས་(FSB)ཀྱིས་རྒྱལ་ས་མོ་སི་ཁོ་རུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་གནས་རིམ་གསུམ་པའི་དྲུང་ཡིག་སྐུ་ཞབས་རཱ་ཡན་ཧྥོ་གྷེལ་(Ryan Fogle)ལགས་ཨ་རིའི་གསང་བའི་ལས་ཁུངས་( CIA) ཀྱི་གསང་མྱུལ་བ་ཡིན་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཏེ། འདྲི་རྩད་བྱས་རྗེས་ཨ་རིའི་གཞུང་ཚབ་ཁང་ལ་རྩིས་སྤྲོད་བྱས་ཏེ། ཁོ་རང་གང་མགྱོགས་ཨུ་རུ་སུའི་ས་ཁོངས་ནས་ཕྱིར་འཐོན་དགོས་ཚུལ་བརྗོད་འདུག

རྒྱལ་ས་མོ་སི་ཁོ་ཡི་གསར་འགྱུར་བརྙན་འཕྲིན་ (RT) གནས་ཚུལ་སྤེལ་བ་ལྟར་ན།  གསང་མྱུལ་བ་རཱ་ཡན་ཧྥོ་གྷིལ་ལགས་ཀྱིས་ཨུ་རུ་སུའི་གསང་བ་ཤེས་རྟོགས་ཆེད། ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་ལ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་གསང་མྱུལ་པའི་ལས་ཀ་བྱེད་འཇུག་རྒྱུར་གྲོས་བསྡུར་བྱེད་པར་སྐྱོད་པའི་ལམ་བར་ནས་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱི་མི་སྣས་འཛིན་བཟུང་བྱས་ཡོད་པ་དང༌། ཁོང་གི་ལག་ཏུ་ཡུ་སྒོར་ ༥༠༠ ཅན་མང་པོ་ཞིག་དང་སྐྲ་རྫུན་མ་གཉིས། ཕྱོགས་སྟོན་འཁོར་ལོ་གཅིག ལག་འཁྱེར་ཁ་པར་ཆུང་བ་གཅིག མོ་སི་ཁོ་གྲོང་ཁྱེར་གྱི་ས་ཁྲ། རིགས་མ་འདྲ་བའི་མིག་ཤེལ་ནག་པོ་གསུམ་བཅས་ཡོད་སྐོར་བཀོད་འདུག

ད་དུང་ཁོའི་ལག་ཏུ་འཕྲིན་ཡིག་ཅིག་ཡོད་པའི་ནང༌། མི་ཞིག་གིས་ཁྱེད་ཀྱི་ཆེད་ལས་ལ་ཡིད་སྨོན་ཤོར་བ་དང༌། འབྱུང་འགྱུར་ཁྱེད་ཀྱིས་མཉམ་ལས་བྱེད་པར་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད་མ་ཟད། ཁྱེད་ཀྱི་བདེ་འཇགས་ང་ཚོར་མཚོན་ན་ཧ་ཅང་གལ་ཆེན་ཡིན། ཞེས་དང༌། ང་ཚོས་ཁྱེད་ཀྱི་ཉམས་མྱོང་དང་ཆེད་ལས་རང་བཞིན་གྱི་རྣམ་དཔྱོད། མཉམ་ལས་བྱེད་པ་བཅས་ཀྱི་ཐོག་ནས་ཨ་སྒོར་ ༡༠༠༠༠༠ སྤྲོད་རྒྱུར་གྲ་སྒྲིག་ཡོད་ལ། ཁྱེད་ཀྱིས་མུ་མཐུད་ང་ཚོ་དང་མཉམ་ལས་བྱས་པ་ཡིན་ན། ང་ཚོས་ལོ་གཅིག་ལ་ཨ་སྒོར་ས་ཡ་གཅིག་སྤྲོད་ངེས་ཡིན། ལྷག་པར་དུ་ཁྱེད་ཀྱིས་ང་ཚོར་གནས་ཚུལ་གལ་ཆེན་མཁོ་སྤྲོད་ཐུབ་ཚེ། དངུལ་འབབ་ད་དུང་ཁ་སྣོན་བྱེད་ཆོག་ཅེས་སོགས་བྲིས་ཡོད་པ་དང༌། ཁྱེད་ཀྱིས་(Gmail)ཐོག་གློག་འཕྲིན་ཁ་བྱང་གསར་བ་ཞིག་བཟོ་དགོས། དེ་བཟོ་སྐབས་ཁྱེད་ཀྱི་མིང་དང་སྡོད་གནས་ཁ་པར་ཨང་གྲངས་བཅས་གཏན་ནས་མཁོ་སྤྲོད་གནང་མི་དགོས། གློག་འཕྲིན་ཁ་བྱང་བཟོས་རྗེས་ཀྱི་བདུན་གཅིག་ནང་དུ་འཕྲིན་ལན་འབྱོར་ངེས་ཡིན་ཞེས་སོགས་བྲིས་ཡོད་འདུག  ཡིན་ནའང་འཕྲིན་ཡིག་དེའི་ནང་མི་སུ་ཡིས་སུ་ལ་བཏང་བའི་མིང་སོགས་གསལ་བོ་འཁོད་ཡོད་མི་འདུག

དེ་རིང་ཨ་རིའི་གཞུང་ཚབ་ཆེན་མོ་མཱལ་ཁཱེལ་མཱ་ཁུ་ཧྥོ་ (Michael McFaul) ལགས་ཨུ་རུ་སུ་ཕྱི་སྲིད་ལྷན་ཁང་དུ་སྐད་བཏང་སྟེ། ཨ་རིའི་གཞུང་ཚབ་ཁང་དུ་གསང་མྱུལ་ལས་བྱེད་གཉར་པའི་སྐོར་ལ་གྲོས་མོལ་བྱས་ཡོད་འདུག་ཀྱང༌། གསར་འགོད་པའི་དྲི་བའི་ལན་དུ་ཨ་རིའི་གཞུང་ཚབ་ཀྱིས་ལན་འདེབས་གང་ཡང་བྱས་མི་འདུག ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་སིར་ཇེ་ (Sergei lavrov)ལགས་ཀྱིས་ཐེངས་འདིའི་གསང་མྱུལ་དོན་རྐྱེན་དེ། སྔོན་མའི་གྲང་དམག་སྐབས་ཀྱི་ཕྱོགས་གཉིས་བར་གྱི་གསང་མྱུལ་དོན་རྐྱེན་བསྐྱར་ལོག་རྒྱག་གི་ཡོད་སྐོར་བརྗོད་འདུག ཡང་ཨ་རིའི་གཞུང་གི་མགྲིན་ཚབ་པ་པད་ཌི་ཁུ་ (Patrick Ventrell) ལགས་ཀྱིས་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་ཅིག་འཛིན་བཟུང་བྱས་པ་བདེན་པ་ཡིན་ཡང༌། དེ་ནི་ཨ་རིའི་གསང་བའི་ལས་ཁུངས་(CIA)ཀྱི་གསང་མྱུལ་བ་རེད་ཟེར་བ་དེར་ངོས་ལེན་རྩ་བ་ནས་མེད་སྐོར་བརྗོད་འདུག

ཉེ་ཆར་ཨ་རིའི་སྤོ་སི་ཌོན་(Boston)ནང་གི་འབར་གས་དོན་རྐྱེན་ཐད་ཨུ་རུ་སུ་གཞུང་གིས་གནས་ཚུལ་གང་ཡོད་མཁོ་སྤྲོད་བྱ་རྒྱུའི་ཁས་ལེན་བྱས་ཏེ། ཨ་རི་དང་ཨུ་རུ་སུའི་འབྲེལ་ལམ་ཡར་རྒྱས་རྒྱུན་འཁྱོང་ཐོག་འཇིགས་སྐུལ་པར་རྒོལ་ལན་སློག་རྒྱུ་བྱས་ཡོད་ཀྱང༌། ཐེངས་འདིའི་དོན་རྐྱེན་གྱིས་འབྱུང་འགྱུར་རྒྱལ་ཁབ་གཉིས་བར་གྱི་ཕྱི་འབྲེལ་སྲིད་བྱུས་ཐོག་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་པ་དང༌། ལྷག་པར་དུ་ཉེ་ཆར་རྒྱལ་ཁབ་གཉིས་བར་སེ་རེ་ཡཱ( Syria) ཡི་ཟིང་འཁྲུག་ཞི་འཇགས་གཏོང་བར་མོས་མཐུན་གྲོས་ཆོད་ཅིག་བཞག་ཡོད་པ་དེར་གནོད་སྐྱོན་ཐེབས་རྒྱུ་ཡིན་ཚུལ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༡༠ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese