མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཚབ་དོན་གཅོད་ཁག་ཅིག་འཕོ་འགྱུར།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp


ད་ལྟའི་སུད་སིའི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་འབྱུང་འགྱུར་ཕྱི་ཟླ་ ༨ ཚེས་ ༢ ཉིན་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་དང་། ད་ལྟའི་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་འབྱུང་འགྱུར་ཕྱི་ཟླ་ ༨ ཚེས་ ༩ ཉིན་སུད་སིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་འདུག
གཞན། ཉི་ཧོང་དང་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་ཕྱི་ཟླ་ ༦ ཚེས་ ༡ ཉིན་ནས་ལས་འཁྱུར་ངལ་གསོ་གནང་རྒྱུ་བཅས་འཁོད་འདུག

གཞན། ད་ལྟའི་བཀའ་ཤག་སྐབས་བཅུ་བཞི་བའི་སྲིད་སྐྱོང་མཆོག་གི་ལས་རིམ་འཆར་འགོད་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་འབྱུང་འགྱུར་ཕྱི་ཟླ་ ༩ ཚེས་ ༡ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༩/༡༣
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གྲོས་ཆོད་དོན་ཚན་བདུན་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་། 

༢༠༢༥/༠༩/༡༣
Mobile App

གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་།

༢༠༢༥/༠༩/༡༣
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

༢༠༢༥/༠༩/༡༢
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྭང་བླངས་ཞུ་གཏུག་ཚན་པར་འཛམ་གླིང་རྒྱལ་ཁབ་ ༡༩ ནང་ཚོགས་མི་འདུག

༢༠༢༥/༠༩/༡༢
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་གཞོན་པ་གསར་པར་འཚམས་འདྲི་མཛད། 

༢༠༢༥/༠༩/༡༡

མཆན། 11

  1. བཀྲ་ཤིས་སྒྲོལ་མ། says:
    ལོ་ 12 སྔོན།

    སྤྱིར་བཏང་གི་ཆ་ནས་བཤད་ན། གནས་ཚུལ་འདི་རྒྱུན་ལྡན་ཞིག་ལས་གསར་བ་གང་ཡང་མ་རེད། འོན་ཀྱང་གནས་ཚུལ་འདི་རིགས་ལ་ངེས་པར་དོ་སྣང་བྱེད་དགོས་ངེས་སུ་མཐོང་། སྔོན་ཡིན་ན་སྐུ་ཚབ་དོན་གཅོད་ལ་མི་འགྲོ་སུ་དང་སུ་གཏོང་མིན་གོང་ས་མཆོག་གིས་གཟིགས་བཞིན་ཐད་གར་མངག་གཏོང་བྱེད་བཞིན་པ་རེད་ལ། དེང་གི་ཆར་ཡང་གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་ཐོག་ནས་སྐུ་ཚབ་མངག་གཏོང་བྱེད་བཞིན་པར་འགྱུར་བ་གང་ཡང་སོང་མེད་ལ། འགྱུར་བ་འགྲོ་ཡང་མི་ཤེས། རྒྱུ་མཚན་གཞན་གང་ཡང་མི་དགོས་པར་བཙན་བྱོལ་གཞུང་གི་སྐུ་ཚབ་ཅེས་ད་ལྟའི་ཆར་རྒྱལ་ཁབ་སུས་ཀྱང་ངོས་ལེན་བྱེད་ཀྱི་མེད།

    འོན་ཀྱང་སྔོན་དང་མི་འདྲ་བ་ཞིག་ལ་དེང་གི་ཆར་སྐུ་ཚབ་ཀྱི་མི་འགྲོ་གཏོང་ཕྱོགས་ཐད་འགྱུར་བ་ཕྱིན་ཡོད། དེང་བཀའ་ཤག་ལྷན་རྒྱས་སམ་སྐུ་ངོ་སྲིད་སྐྱོང་གིས་མངག་གཏོང་བྱེད་བཞིན་ཡོད་ལ། མ་མཐའ་ཡང་མི་འགྲོ་སུ་ཞིག་གཏོང་མིན་ནུས་ཤུགས་བརྒྱ་ཆའི་དགུ་བཅུ་ཁོང་ལ་སྐུ་དབང་ཡོད། དེས་ཕྱིར་ན་ང་ཚོས་ངེས་པར་གང་དུ་མངག་གཏོང་བྱས་པའི་མི་འགྲོ་དེ་དང་བཀའ་ཤག་ལྷན་རྒྱས་སམ་ཡང་ན་སྐུ་ངོ་སྲིད་སྐྱོང་་བར་གྱི་ངོས་ཤུགས་བརྒྱུད་གསུམ་གྱི་འབྲེལ་བར་དཔྱད་ཞིབ་དང་། རྒྱུས་ལོན་བྱེད་དགོས། དེ་ནི་གཞན་གང་ཡང་མིན་པར་བོད་ཀྱི་མ་འོངས་པའི་རྩ་དོན་དང་ཕྱི་འབྲེལ། དེ་མིན་གྱི་གནད་དོན་མང་པོ་ཞིག་ལ་ཐད་གར་འབྲེལ་བ་ཡོད་པས་ཡིན། བྲེལ་སྟབས་ཀྱིས་ལས་སེངས་སུ་བྲིས།

    Reply
  2. བློ་སྤེན། says:
    ལོ་ 12 སྔོན།

    མངའ་རེས་འོད་ཟེར་ལགས་ཁྱེད་རང་རེ་མེད་རེ་དོགས་ཀྱིས་འགྲ་བོ་འདོད་གནང་དགོས་དོན་ཡོད་ཀྱི་མ་རེད།
    དབུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བཀའ་ཤག་ལྷན་རྒྱས་ལ་རྐུབ་རྡོལ་ཡོང་རྒྱུ་གང་ཡང་ཡོད་མ་རེད་རེ་མེད་རེ་སྟོང་རང་རེད། གལ་སྲིད་ཁྱེད་རང་བོད་མི་རིགས་ཀྱི་ལ་རྒྱ་དང་མི་རིགས་ལ་གདུང་ཞེན་ཡོད་ན་སྐད་ཆ་བཤད་སྟངས་དེ་འདྲ་མ་རེད་། ཁྱེད་རང་གིས་སྐུ་ངོ་བློ་བཟང་སྙན་གྲགས་མཆོག་དམིགས་བསལ་སྐུ་ཚབ་ལ་བསྐོས་ན་རྒྱ་ནག་གི་ངོས་ལེན་རྩ་བ་ནས་བྱེད་ཀྱི་མ་རེད་གསུང་སྟངས་ལ་གཞིག་ན་ཁྱེད་རང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འབྲེལ་ཡོད་ཡིན་པ་ཐག་གཅད་ཐུབ་ས་རེད། ངས་སྐུ་ངོ་སྐོར་གསལ་བཤད་བྱས་པ་དེ་དངོས་ཡོད་གནས་ཡིན་པ་ལས་མི་བདེན་བརྫུན་སྒྲིག་གང་ཡང་མིན་པ་ཟུར་གནས་བློ་ལྡན་རྣམས་ཀྱིས་དཔྱད་པ་འཚལ། སྲིད་སྐྱོང་དང་སྐུ་ངོ་བློ་བཟང་སྙན་གྲགས སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་སོགས་སྐྱབས་བཅོལ་ནང་གི་མི་རབས་གཉིས་པ་གྲས་འདི་ཚོ་མ་འོངས་བོད་མི་རིགས་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་མཁན་གྲས་ཡིན་པ་ངས་ཡིད་ཆེས་བྱེད་ཀྱི་ཡོད།

    Reply
  3. མངའ་རིས་འོད་ཟེར། says:
    ལོ་ 12 སྔོན།

    བློ་སྤེན་འདི་བློ་སྙན་གྱི་ཆོ་འཕྲུལ་ཞིག་ཡིན་པ་འདྲ། ནོངས་ཡོད་པས་གསལ་བཤད་འདི་འདྲ་བྱེད་ཀྱི་ཡོད་པ་རེད། ནོངས་མེད་ལ་བདེན་རྟགས་ཡོད་ན་ཅི་གང་གསུངས་གི་མ་རེད། ཅིག་འགྲིག་མེད་པའི་རྟགས་བསྟན་ཚར་རེད།།

    Reply
  4. མངའ་རིས་འོད་ཟེར། says:
    ལོ་ 12 སྔོན།

    བློ་བཟང་སྙན་གྲགས་ཁྲིམས་ཐོག་ནས་བཀའ་བློན་དུ་འགྲོ་མ་ཐུབ་པ་ཞིག་སྐུ་ཚབ་ཏུ་བསྐོས་ན་རྒྱ་ནག་གིས་རྩ་བ་ནས་ཁས་ལེན་གྱི་མ་རེད་ལ། བོད་མི་ཚོས་གང་ནས་ཁས་ལེན། ད་བློ་སེང་ལ་ལས་རྒྱུ་མ་མང་ན་ཡག་གི་རེད། དེ་མིན་རྐུབ་བརྡོལ་ཡོང།

    Reply
  5. བློ་སྤེན། says:
    ལོ་ 12 སྔོན།

    བཀའ་ཟུར་བློ་སྙན་གྲགས་མཆོག་ཕྱི་ཕུད་བཏང་བ་གང་ཡང་མ་རེད་ལ་སྐུ་ཚབ་དོན་གཅོད་ཀྱི་ལོ་ངོ་དྲུག་དུས་ཡུན་རྫོགས་པ་རེད། སྐད་ཆ་ཆེན་པོ་མ་བཟོ་དྲ་གྲོགས་ཚོ། ཁོང་མི་རིང་བར་གལ་གནད་ཆེ་བའི་ལས་འགན་ཞིག་ལ་བསྐོ་གཞག་བྱེད་ངེས་རེད། ད་ལྟའི་ཆར་ཁོང་འདྲ་བའི་དབུས་བོད་མི་སྒྲིག་འཛུགས་དང་གྲོས་ཚོགས་སོགས་བོད་ཀྱི་སྔ་ཕྱིར་འཛིན་སྐྱོང་དང་ཆབ་སྲིད་འགྱུར་ལྡོག་ལ་རྒྱུས་ལོན་ཆ་ཚང་ཡོད་པའི་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ག་ཚོད་ཙམ་ཡོད་མེད་དེ་ང་ཚོས་ཧ་གོ་དོན་གསལ་རེད། འགན་ཁུར་ཏེ་ལས་ཀ་བྱེད་མཁན་ལ་གཞི་མེད་སྐྱོན་འདོན་བྱས་ན་ད་ལྟའི་ང་ཚོའི་གནས་བབས་ལ་གཞིག་ན་འོས་འཚམས་ཤི་རེད་བསམ་གྱི་འདུག འཛམ་གླིང་འདིའི་ནང་མི་སུ་འདྲ་ཞིག་ཡིན་རུང་སྐྱོན་ཀུན་ཟད་དང་ཡོན་གཏན་ཀུན་ལྡན་གྱི་གང་ཟག་ག་ལ་ཡོད། སྤྱིར་སྤྱི་དོན་དང་སྒེར་དོན་སོགས་བྱ་བ་ཆེ་ཆུང་ག་རེ་བྱས་ན་སྐྱོན་དང་ནོར་འཕྲུལ་ཕྲན་བུ་ཡོང་ངེས་རེད་ཡིན་ནའང་སྐྱོན་དང་ཡོན་གཏན་གཉིས་བསྡུར་ཏེ་དབྱེ་ཞིབ་བྱེད་དགོས་པ་གལ་ཆེན་པོ་རེད། སྐུ་ངོ་བློ་བཟང་སྙན་གྲགས་མཆོག་བཙན་བྱོལ་ནང་ཚར་ལོང་བྱུང་བའི་གཞོན་སྐྱེས་ཕྲོད་གཟིང་སུ་ཐོན་པའི་བྱས་རྗེས་ཡོད་པའི་གལ་ཆེའི་མི་སྣ་ཞིག་ཡིན་ལ་དཔེར་ཐོགས་མར་གཞོན་ནུའི་དབུས་ས་གཉིས་ཀྱི་དྲུང་ཆེ་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་དང་ཚོགས་གཞོན། བོད་ཀྱི་འགྲོ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གསར་འཛུགས་བྱེད་མཁན་དང་འགན་འཛིན་ལོ་ངོ་དྲུག་ཙམ་བྱས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དངོས་ཡོད་ཀྱི་ལས་འདེབས་དང་རྒྱལ་སྤྱིིའི་ནང་ཚད་ལྡན་གྱིས་ངོས་ཡོད་པའི་བོད་ཀྱི་འགྲོ་བ་མིིའི་ཐོབ་ཐང་སྡེ་ཚན་ཆགས་ཡོད་པ་ད་ལྟ་ཡང་ལས་དོན་བྱེད་བཞིན་པ་རེད། དེ་ནས་སྤྱི་འཐུས་དང་ལྷན་ཁང་གསུམ་གྱི་བཀའ་བློན་བྱས་མྱོང་ཡོད་པ་རེད། བཀའ་བློན་བྱས་པའི་རིང་བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་ཕྱག་གཡས་པ་ལྟ་བུ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་འདི་རྒྱུན་གནས་ཐུབ་པའི་རླབས་ཆེན་གྱི་ལས་དོན་སྣེ་མང་བྱས་ཡོད། གལ་སྲིད་ཁོང་དམིགས་བསལ་སྐུ་ཚབ་ལ་བསྐོས་ནས་འོས་ཤིག་འཚམས་པ་རེད། དེ་ལ་ས་འོག་དར་ཐག་ལབ་ཀྱི་མ་རེད་ལས་ཀའི་དགོས་མཁོ་དང་ཁེ་ཕན་དང་བསྟུན་ཟེར་གྱི་ཡོད་དྲ་གྲོགས། དེར་བརྟེན་གཞན་བལྟ་བའི་མིག་ཡོད་ཅང་རང་ཉིད་བལྟ་ས་མེ་ལོང་ཞིག་དགོས་ངེས་རེད་འདུག་
    ད་ལྟའི་སྦ་སེལ་སྐུ་ཚབ་དོན་གཅོད་དེ་བཀའ་དྲུང་ཟུར་པ་མ་རེད་ཁོང་ནང་སྲིད་དྲུང་ཆེ་ཟུར་པ་རེད།་བཀའ་དྲུང་ཟུར་པ་མི་འགྱུར་རྡོ་རྗེ་ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་གནང་བཞིན་པ་རེད།
    སྐལ་བཟང་རྡོ་རྗེ་ལགས་ནི་ཤེས་ལྡན་མི་སྣ་ཞིག་ཡིན་པ་ཨ་རི་སོགས་ལ་ལས་ཀ་བྱས་པའི་ཉམས་མྱོང་མང་པོ་ཡོད། ལྷག་པར་བཀའ་ཤག་ནང་ལས་ཀ་བྱས་ཏེ་ལོ་ངོ་གཉིས་ཙམ་འགྲོ་ཡིད་རེད་དེའིང་ལས་དོན་མང་པོ་བྱས་ཡོད།

    Reply
  6. ལུང་རྟོགས། says:
    ལོ་ 12 སྔོན།

    བློ་བཟང་སྙན་གྲགས་ནི་མི་འཇོན་ཐང་ཅན་ཞིག་རེད། ཁོང་སམིགས་གསལ་སྐུ་ཚབ་ལ་བཀོས་ན་འོས་པ་རེད།

    Reply
  7. སྐར་མདའ། says:
    ལོ་ 12 སྔོན།

    སྲིད་སྐྱོང་དང་ས་འོག་དར་ཐག་ཡིན་པའི་རྫ་ཡུལ་བློ་བཟང་སྙན་གྲགས་ཕྱིར་འབུད་བཏང་བ་མ་རེད། ཁོ་ནི་བོད་རྒྱ་འབྲེལ་མོལ་ཆེད་ཀྱི་དམིགས་བསལ་སྐུ་ཚབ་ལ་བསྐོས་ཡོད་པའི་གཏམ་ཡན་ཞིག་ཨ་རིའི་རྒྱལ་སའི་ནང་ཁྱབ་ཀྱིན་འདུག
    ཁ་དཔེར། མི་མང་གི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་ཟེར་བས་ཕལ་ཆེར་དེ་བདེན་པ་ཡིན་སྲིད།

    Reply
  8. བསྟན་འཛིན། says:
    ལོ་ 12 སྔོན།

    བློ་བཟང་སྙན་གྲགས་ཕྱིར་འཕུད་གཏོང་དོན་གང་ཡིན་མི་ཤེས།   ངས་བསམ་ན་བློ་བཟང་སྙན་གྲགས་ཕྱིར་འཕུད་བཏང་བ་ཡིན་རྒྱུ་མ་རེད།   ལས་གནས་བརྗེད་པ་ཙམ་ཡིན་རྒྱུ་རེད་བསམ་གི།   ངོ་མ་བཤད་ན་ཁོ་ཕྱིར་འབུད་བཏང་དགོས།   གོ་ཐོས་ལྟར་ཨ་རིའི་ནང་གི་བོད་རིགས་ཚོགས་པ་མང་པོས་ཁོ་ལ་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་འདུག   ༢༠༡༢  ལོར་༧གོང་ས་མཆོག་ཨ་རིའི་ཝིར་ཇི་ནེས་ཡ་ཟེར་བ་དེར་ཕེབས་སྐབས།   མགྲོན་བདག་རྒྱལ་མཚན་དམ་ཆོས་ཟེར་བ་དེ་དང་ངན་འབྲེལ་བྱས་ནས་ཨ་སྒོར་འབོར་ཆེན་ལྐོག་བཟས་བྱས་པའི་ལོ་རྒྱུས་ཡོངས་གྲགས་རེད་འདུག    མི་དེ་འདྲ་དེ་མུ་མཐུད་དུ་དོན་གཅོད་ལ་བསྡད་ན་ཡག་པོ་གཏན་ནས་ཡོད་མ་རེད།   
    མི་ལ་ལས་བཤད་པ་ལྟར་ན།  ཁོ་༧གོང་ས་མཆོག་གི་སྐུ་ཚབ་ལ་བསྐོས་པ་རེད་ལབ་ཀྱི་འདུག   གསལ་བོར་མ་ཤེས།   གང་ལྟར་ཁོ་གཏན་དུ་ཕྱིར་འབུད་བཏང་བ་ཕལ་ཆེར་ཡིན་རྒྱུ་མ་རེད་པ།   ཡིན་ན་དག་དག་རེད།   

    Reply
  9. བསོད་ནམས་རིན་ཆེན། says:
    ལོ་ 12 སྔོན།

    དོགས་འདྲི་གཉིས་ཡོད། དང་པོ། སྔོན་མའི་བཀའ་དྲུང་ངོས་གྲུབ་རྡོ་རྗེ་ཉེ་ཆར་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོས་ཏེ་ལོ་ཕྱེད་ཀྱང་མ་འགོར་བར། བསྐྱར་དུ་ལས་གནས་སྤོར་ཏེ་སུད་སིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱེད་དོན་གང་ཡིན་ནམ།
    གཉིས་པ། བཀའ་ཤག་ནང་དུ་རྐུབ་སྟེགས་མེད་པའི་འོད་དཀར་ཚང་སྐལ་བཟང་རྡོ་རྗེ་ཟེར་བའི་པུ་གུ་དེ་གློ་བུར་དུ་བྱང་ཨ་རིའི་དོན་གཅོད་དུ་བསྐོ་བཞག་གིས། ད་ལྟའི་རྫ་ཡལ་བློ་བཟང་སྙན་གྲགས་ཕྱིར་འཕུད་གཏོང་དོན་གང་ཡིན་ནམ།

    Reply
  10. དུག་མདུང་རྩེ་དགུ། says:
    ལོ་ 12 སྔོན།

    ཧྥ་རན་སིའི་རྒྱལ་ས་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱས་ཟེར་་་་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  11. འདྲེ་མགོ་རྡོ། says:
    ལོ་ 12 སྔོན།

    ཧཧཧཧཧཧཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese